དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཀྲང་ཝུའེ་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བློ་མཐུན་ཀྲང་ཝུའེ་ལ་སྙུང་གཞི་ཕོག་ནས་2013ལོའི་ཟླ་7ཚེས་2ཉིན་པེ་ཅིང་དུ་སྟབས་མི་ལེགས་པར་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་81ཡིན་པ་རེད།

        བློ་མཐུན་ཀྲང་ཝུའེ་ནི་1932ལོའི་ཟླ་10པར་ཧུའུ་པེ་ཞིང་ཆེན་དབྱིན་ཁྲུན་རྫོང་དུ་འཁྲུངས་པ་དང་1950ལོའི་ཟླ་8པར་གསར་བརྗེའི་ལས་དོན་ནང་ཞུགས་པ་དང་1958ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧུའུ་པེ་ཞིང་ཆེན་ཧོང་ཀང་ས་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སྔོན་རྩིས་ཁྲུའི་ཁྲུའུ་ཀྲང་གཞོན་པ་དང་སྲིད་འཛིན་རིག་སློབ་ནོར་དོན་ཁྲུའི་ཁྲུའུ་ཀྲང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་དང་། ཐིང་ཀྲང་གཞོན་པ། ཏང་ཙུའི་ཧྲུའུ་ཅི་སོགས་ཀྱི་ལས་གནས་སྔ་རྗེས་སུ་འཁུར་གནང་ཡོད། 1995ལོའི་ཟླ་6པར་རྩ་འཛུགས་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད་ལས་བྲལ་ངལ་གསོ་བསྐྱོན་པ་རེད།

        ཁོང་སྐུ་གཤེགས་པ་དེས་ང་ཚོའི་ཏང་ཡོན་ཡག་པོ་ཞིག་དང་བློ་མཐུན་ཡག་པོ་ཞིག་མེད་པར་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།