དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཆོས་སྒྲོན་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ (ཐིང་རིམ་པ་རྒན་པ )བློ་མཐུན་ཆོས་སྒྲོན་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2013ལོའི་ཟླ་6ཚེས་26ཉིན་བོད་ལྗོངས་ལྷ་སར་སྟབས་མི་ལེགས་པར་སྐུ་གཤེགས་པ་དང་ད་ལོ་དགུང་ལོ་70ལ་ཕེབས་ཡོད།

        བློ་མཐུན་ཆོས་སྒྲོན་1944ལོའི་ཟླ་6པར་བོད་ལྗོངས་འཕྱོངས་རྒྱས་རྫོང་དུ་འཁྲུངས་པ་དང་། 1967ལོའི་ཟླ་7པར་གསར་བརྗེའི་ལས་ཀའི་ནང་ཞུགས་པ། 1962ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད། ཁོང་གིས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྤུ་ཧྲེང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཆབ་སྲིད་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། མངའ་རིས་ས་ཁུལ་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཞའོ་ཀྲང་གཞོན་པ། མངའ་རིས་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ས་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གཞོན་པ། ལྷོ་ཁ་ས་ཁུལ་གྱི་སྐོར་གཟིགས་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པ་སོགས་ཀྱི་ལས་འགན་བཞེས་མྱོང་ཡོད་པ་དང་2004ལོའི་ཟླ་9བར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་ནས་ལས་འཁྱུར་ངལ་གསོ་གནང་བ་རེད།

        ཁོང་སྐུ་གཤེགས་པས་ང་ཚོར་ཏང་ཡོན་བཟང་པོ་དང་བློ་མཐུན་བཟང་པོ་གཅིག་མེད་པར་གྱུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།