2010ལོའི་ཟླ་6པར་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པ་བོད་དུ་སླེབས་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཟོལ་མེད་སེམས་ཁུར་དང་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་འོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ཟབ་མོ་སྔ་ཕྱི་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ཏེ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད། ཀྲུང་དབྱང་གི་གཙོ་གནད་རྐང་འཛིན་ཁེ་ལས་བཅས་ཀྱི་བརྩེ་དུང་ཟབ་མོ་འཆང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་མཚོན་པར་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་དང་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱས་ཐོག་གསར་གཏོད་རང་བཞིན་གྱི་སྒོ་ནས་བོད་སྐྱོར་ལས་དོན་སྤེལ་བས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། བོད་དང་མེས་རྒྱལ་ནང་སའི་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་རྒྱ་ཁྱབ་ངང་ཐོབ་པ་དང་སྔོན་ཐོན་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད་པ་རེད།
སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་གཏོད་དེ་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པར་དངོས་སྒྲུབ་སྙིང་སྟོབས་དར་སྤེལ་གཏོང་བ་དང་དེ་བས་ཧུར་ཐག་དང་རང་འགུལ་ངང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁྲོད་ཞུགས་རྒྱུར་སྔར་བས་སྐུལ་མ་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཅ་མོ་ཝེ་སོགས་བློ་མཐུན་236ལ “ཕུལ་བྱུང་བོད་སྐྱོར་ལས་བྱེད་པའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཤིང་། གཟེངས་བསྟོད་ཐོབ་མཁན་བོད་སྐྱོར་ལས་བྱེད་པ་ཚོས་གཟི་བརྗིད་ལ་གཅེས་སྤྲས་དང་གྲུབ་འབྲས་དར་སྤེལ་བཏང་སྟེ་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་དེ་བས་ཏན་ཏིག་གི་ལས་དོན་ཐོག་ནས་བོད་སྐྱོར་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་གྲུབ་འབྲས་གསར་པ་གཏོད་རྒྱུའི་རེ་བ་བཏོན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པར་གཟེངས་བསྟོད་ཐོབ་མཁན་བོད་སྐྱོར་ལས་བྱེད་པ་མིག་དཔེར་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཡུན་རིང་བོད་འཛུགས་སྐྲུན་བྱེད་པའི ”མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གིས་ཁ་གསལ་བཟོས་པའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་བཏང་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དམ་པ་དོན་གཉེར་བྱས་ཐོག་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་ངང་གཏིང་ཟབ་དང་། ཞིབ་ཚགས། དངོས་སྒྲུབ་བཅས་བྱས་ཏེ་འབྱོར་ཕྱུག་བོད་ལྗོངས་དང་། ཞི་མཐུན་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་བོད་ལྗོངས། ཤེས་དཔལ་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།