དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྲིད་འཛིན་ཀུང་ཧྲུའུ་ཁག་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་ཨུ་ལྷན་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ལ།

        ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་རྒྱལ་ཁབ་དམངས་སྲིད་པུའུ་ཡི་མཛུབ་ཁྲིད་དང་རོགས་རམ་འོག་ ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་དམངས་ཆེད་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྟན་པོ་འཛུགས་པ། “དམངས་རྩ་བར་འཛིན་པ་དང་། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ལ་ཞབས་འདེགས་ཞུ་བ ”བཅས་ཀྱི་དམངས་སྲིད་ལས་ཀའི་འདུ་ཤེས་ལག་བསྟར་ཧུར་ཐག་བྱེད་པ། དམངས་ལ་ལྷག་བསམ་རྣམ་དག་བྱེད་པ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་། རྒྱལ་སྲུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཐོག་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད།

        སྔོན་ཐོན་ལ་གཟེངས་བསྟོད་དང་སྤྱོད་བཟང་དར་སྤེལ་བཏང་ནས་ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་འཕེལ་བར་བྱས་པ་དང་རང་ལྗོངས་ཀྱི་དམངས་སྲིད་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་སོགས་ཚན་པ་20ལ་ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། བཀྲ་ཤིས་པད་སྒྲོན་སོགས་བློ་མཐུན་40ལ་ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱ་རྒྱུ་ཡིན། རེ་བར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་། ང་རྒྱལ་དང་ཁེངས་དྲེགས་སྤོང་བ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་བྱེད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། དཔེ་བཟང་གི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི་དམངས་སྲིད་བྱ་གཞག་གི་སྒྱུར་བཅོས་དང་འཕེལ་རྒྱས་ཆེད་སླར་ཡང་གྲུབ་འབྲས་གསར་པ་གཏོད་པ་དང་བྱས་རྗེས་གསར་པ་འཇོག་དགོས།

        ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་ཚན་པ་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མིག་དཔེར་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། རང་འགན་ལ་བློ་དཀར་དང་། ལས་གཅེས་ལས་བཀུར། ཁེ་གྲགས་སྤོང་བ། ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་འབུལ་བ་བཅས་ཀྱི་གཞན་ཕན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཡར་བརྩོན་ཆེན་པོ་དང་། འབད་འབུངས་ཆེར་སྐྱེད། སྔོན་གཏོད་ལེགས་བརྩོན་བཅས་བྱས་ནས་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཀྱི་དམངས་སྲིད་ཀྱི་རྐང་འཛིན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དམངས་སྲིད་བྱ་གཞག་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་བརྩམས་ཐོག རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

        2013ལོའི་ཟླ་5ཚེས་22ཉིན།

        ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་མིང་ཐོ (ཁྱོན་20)

        ལྷ་ས་གྲོང་ཁྱེར།

        ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས།

        ཁྲེང་ཀོན་ཆུས་དམངས་སྲིད་ཅུས།

        ཆུ་ཤུར་རྫོང་དམངས་སྲིད་ཅུས།

        གཞིས་རྩེ་ས་ཁུལ།

        གཞིས་རྩེ་ས་ཁུལ་བྱིས་པའི་ཕན་བདེ་ཁང་།

        རྣམ་གླིང་རྫོང་དམངས་སྲིད་ཅུས།

        རྒྱལ་རྩེ་རྫོང་དམངས་སྲིད་ཅུས།

        ངམ་རིང་རྫོང་དམངས་སྲིད་ཅུས།

        ལྷོ་ཁ་ས་ཁུལ།

        ལྷོ་ཁ་ས་ཁུལ་སྤྱི་ཚོགས་ཕན་བདེ་ཁང་།

        ལྷོ་ཁ་ས་ཁུལ་དམངས་སྲིད་ཅུས།

        ཉིང་ཁྲི་ས་ཁུལ།

        སྤོ་བོ་རྫོང་དམངས་སྲིད་ཅུས།

        ཉིང་ཁྲི་ས་ཁུལ་དམངས་སྲིད་ཅུས།

        ནག་ཆུ་ས་ཁུལ།

        སྙན་རོང་རྫོང་དམངས་སྲིད་ཅུས།

        མཚེའུ་གཉིས་རྫོང་དམངས་སྲིད་ཅུས།

        མངའ་རིས་ས་ཁུལ།

        མཚོ་ཆེན་རྫོང་དམངས་སྲིད་ཅུས།

        སྤུ་ཧྲེང་རྫོང་དམངས་སྲིད་ཅུས།

        ཆབ་མདོ་ས་ཁུལ།

        ཆབ་མདོ་ས་ཁུལ་དམངས་སྲིད་ཅུས།

        སྨར་ཁམས་རྫོང་དམངས་སྲིད་ཅུས།

        རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ལས་ཁུངས།

        ལྗོངས་དམངས་སྲིད་ཐིང་གེགས་སེལ་ཁྲུའུ།

        ལྗོངས་དམངས་སྲིད་ཐིང་གཞི་རིམ་སྲིད་དབང་དང་སྡེ་ཁུལ་འཛུགས་སྐྲུན་ཁྲུའུ།

        རང་སྐྱོང་ལྗོངས་དམངས་སྲིད་ཐིང་ཁོངས་གཏོཌ་ཀྱི་བྱ་གཞག་ཚན་པ།

        ནུབ་རི་པུར་ཁང་།

        ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི་མིང་ཐོ (ཁྱོན་40)

        ལྷ་ས་གྲོང་ཁྱེར།

        བཀྲ་ཤིས་པད་སྒྲོན། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་དེ་སྔའི་ཅུས་ཀྲང་། ད་ལྟ་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་།

        སྤེན་པ་བཀྲ་ཤིས། འདམ་གཞུང་རྫོང་དམངས་སྲིད་ཅུས་ཀྱི་ལས་དོན་པ།

        ལིའུ་ཁྲང་ཅིང་། སྟོད་ལུང་བདེ་ཆེན་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ།

        ཀུན་དགའ་སྒྲོལ་མ། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        ཧོ་ཝུའེ། ལྷ་ས་གྲོང་ཁྱེར་སྐྱོབ་རོགས་དོ་དམ་ས་ཚིགས་ཀྱི་ལས་དོན་པ།

        གཞིས་རྩེ་ས་ཁུལ།

        ལྷག་པ་ཕུན་ཚོགས། གཞིས་རྩེ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དམངས་སྲིད་ཅུས་ཏང་ཙུའི་ཧྲུའུ་ཅི།

        བུ་ཆུང་། གཞིས་རྩེ་ས་ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ།

        ཚེ་བརྟན། དིང་རི་རྫོང་དམངས་སྲིད་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ། ད་ལྟ་དིང་རི་རྫོང་ཆུ་སྟེང་ཤང་གི་ཤང་ཀྲང་།

        སྤེན་པ་ཚེ་རིང་། སྐྱིད་གྲོང་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ།

        པ་སངས། ཁང་དམར་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        སྲི་ནོར། འབྲོང་པ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ།

        ཤེས་རབ། གཏིང་སྐྱེས་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ།

        ལྷོ་ཁ་ས་ཁུལ།

        ལི་ཕུང་ཧྲེང་། ལྷོ་ཁ་ས་ཁུལ་དམངས་སྲིད་ཅུས་གཟིགས་སྐྱོང་བཀོད་སྒྲིག་ཁོའོ་ཡི་ཁོའོ་ཀྲང་།

        ལི་གོ་ཞ། ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་སྒྲིག་ཨུད་ཧྲུའུ་ཅི་དམངས་སྲིད་ལས་རོགས་པ།

        གཡང་ལགས། རྒྱ་ཚྭ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        འཆི་མེད་སྒྲོལ་དཀར། ཆུ་གསུམ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        བསྟན་འཛིན་ཕུན་ཚོགས། གྲ་ནང་རྫོང་དམངས་སྲིད་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ད་ལྟ་གྲ་ནང་རྫོང་གི་རྫོང་དཔོན་གཞོན་པ།

        ཉིང་ཁྲི་ས་ཁུལ།

        གཡང་འཛོམས། ཉིང་ཁྲི་ས་ཁུལ་དམངས་སྲིད་ཅུས་ཀྱི་འཆར་འགོད་ནོར་དོན་ཁོའོ་ཀྲང་།

        ཁྲེན་ཅན་གོ ཉིང་ཁྲི་ས་ཁུལ་དམངས་སྲིད་ཅུས་གཞུང་དོན་ཁང་གི་ཀྲུའུ་རེན།

        ཚེ་ལྷ། སྨན་གླིང་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        ལི་ཀྲི་པིན། ཀོང་པོ་རྒྱ་མདའ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        ནག་ཆུ་ས་ཁུལ།

        པ་སངས་མཚོ་མོ། ནག་ཆུ་ས་ཁུལ་དམངས་སྲིད་ཅུས་ཀྱི་མཐོ་རིམ་བཟོ་པ།

        ཝུའུ་ཝན་ཡན། ནག་ཆུ་ས་ཁུལ་དམངས་སྲིད་ཅུས་ཀྱི་འབྲིང་རིམ་བཟོ་པ།

        ཕུན་ཚོགས་ཉི་མ། ཤན་རྩ་རྫོང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ། དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        དབང་ཆེན། དཔལ་མགོན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        མངའ་རིས་ས་ཁུལ།

        ལུའོ་ཙའེ་རོང་། མངའ་རིས་ས་ཁུལ་དམངས་སྲིད་ཅུས་སྐྱོབ་རོགས་ཁོའོ་ཡི་ཁོའོ་ཀྲང་།

        བློ་གྲོས་རིན་ཆེན། རུ་ཐོག་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        ཆོས་དར། སྤུ་ཧྲེང་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        ཀྲའོ་ཡ་ཨོའུ། མཚོ་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ (དམངས་སྲིད་ལས་དོན་གྱི་ཁག་བགོས་དོ་དམ་པ )

        ཆབ་མདོ་ས་ཁུལ།

        བློ་བཟང་སྨོན་ལམ། ཆབ་མདོ་ས་ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        ཙེ་ཝེ་ཏུང་། དཔའ་ཤོད་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        ཉི་ཤར། དཔལ་འབར་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        ལེའོ་དབྱིང་། ཆབ་མདོ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་།

        པད་མ་ཚེ་རིང་། ཆབ་མདོ་ས་ཁུལ་པུར་ཁང་གི་ཀོན་ཀྲང་།

        ཧྲེ་ཁང་། འཇོ་མདའ་རྫོང་དམངས་སྲིད་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ། ད་ལྟ་འཇོ་མདའ་རྫོང་ཉ་གཤིས་ཤང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་།

        རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ལས་ཁུངས།

        རའོ་པན་ཅང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གཟིགས་སྐྱོང་བཀོད་སྒྲིག་ཁྲུའི་དེ་སྔའི་ཁྲུའུ་ཀྲང་། ད་ལྟ་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ།

        སྤེན་པ། རང་སྐྱོང་ལྗོངས་དམངས་སྲིད་ཐིང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ལྟེ་གནས་ཀྱི་བཟོ་པ།

        རང་སྐྱོང་ལྗོངས་དམངས་སྲིད་ཐིང་ཁོངས་གཏོཌ་ཀྱི་བྱ་གཞག་ཚན་པ།

        བསོད་ནམས་གྲགས་པ། རང་སྐྱོང་ལྗོངས་དངོས་རྫས་གསོག་འཇོག་གེགས་སེལ་ལྟེ་གནས་ཀྱི་ཀྲུའུ་རེན།

        ཚེ་དབྱང་། བོད་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་གཞོན་པ།

        ཏུང་ཆི་ཕུང་། ནུབ་རི་པུར་ཁང་།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།