《བོད་རང་སྐྱོང་ལྗོངས་ཀྱི་བཟོ་བཀོད་མཛེས་རྩལ་ཆེ་མོ་བའི་ཞིབ་དཔྱད་ལས་དོན་དོ་དམ་བྱ་ཐབས 》དང་དེ་བཞིན་བོད་རང་སྐྱོང་ལྗོངས་བཟོ་བཀོད་མཛེས་རྩལ་ཆེ་མོ་བའི་ཞིབ་དཔྱད་ལས་དོན་གཞུང་ལས་ཁང་གི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཟླ་5ཚེས་8ཉིན་ཞིབ་དཔྱད་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་ལྗོངས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་བཟོ་བཀོད་མཛེས་རྩལ་ཆེ་མོ་བའི་འདུན་ཞུ་འབུལ་མཁན་ལ་ཐོབ་ཐང་ཐད་ཞིབ་བཤེར་བྱས་པ་ཡིན། ད་ལྟ་གྲོས་འཆམ་བྱུང་བའི་ཐོབ་ཐང་ཞིབ་བཤེར་གྱི་འབྲེལ་ཡོད་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས་སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་ཡོད་པ་ཞུ། གལ་སྲིད་བསམ་འཆར་ཡོད་ཚེ་ཡོངས་བསྒྲགས་ཀྱི་དུས་ཚོད་ནང་བོད་རང་སྐྱོང་ལྗོངས་བཟོ་བཀོད་མཛེས་རྩལ་ཆེ་མོ་བའི་ཞིབ་དཔྱད་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ལ་མིང་ངོ་མ་བཀོད་པའི་ཡི་གེ་འབུལ་རོགས།
ཡོངས་བསྒྲགས་དུས་ཚོད། 2013ལོའི་ཟླ་5ཚེས་24ཉིན་ནས་2013ལོའི་ཟླ་6ཚེས་3ཉིན་བར།
ཐེར་འདོན་གོང་ཞུའི་ཁ་པར། 0891—6347530 .6333832
བཪྙན་སྐྱེལ། 0891—6333862
ཡོངས་བསྒྲགས་དྲ་གནས། WWW.Xizang.gov.cn
འཕྲིན་གཏོང་ས་གནས། བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་(ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་སྒོ་རྟགས་20)
བོད་རང་སྐྱོང་ལྗོངས་བཟོ་བཀོད་མཛེས་རྩལ་ཆེ་མོ་བའི་དཔྱད་ཞིབ་ལས་དོན་གཞུང་ལས་ཁང་།
2013 ལོའི་ཟླ་ 5 ཚེས་ 24