《2013ལོའི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་འོས་སྦྱོར་དཔྱད་འདེམས་ལས་དོན་ནན་ཏན་ངང་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་གཞུང་ལས་ཐིང་དང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་གི་བརྡ་ཐོ 》དང 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔྱད་འདེམས་དང་གཟེངས་བསྟོད་བྱ་ཐབས 》ཀྱི་དགོངས་དོན་ལྟར་ད་ལྟ་2013ལོའི་གཟེངས་བསྟོད་བྱ་རྩིས་ཡོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་150དང་དཔེ་བཟང་མི་སྒེར་210ཡོངས་བསྒྲགས་བྱ་རྒྱུ་ཡིན། ཡོངས་བསྒྲགས་བྱེད་པའི་དུས་ཚོད་ནི་ཉིན་4ཡིན་པ་སྟེ། ཟླ་5ཚེས་12ནས་ཚེས་15ཉིན་བར་རེད།
ཡོངས་བསྒྲགས་བྱེད་རིང་གཟེངས་བསྟོད་བྱ་རྩིས་ཡོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་ལ་སྤྱི་ཚོགས་ལས་རིགས་ཁག་ལ་གལ་སྲིད་བསམ་འཆར་མི་འདྲ་བ་ཡོད་ཚེ་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་གཏོད་འདེམས་གཞུང་ལས་ཁང་ལ་ཞུ་བ་དང་ཐེར་འདོན་ཡོད་པ་ཞུ།
གཞུང་ལས་སྒྲུབ་ཡུལ། རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་རིགས་མཐུན་སྒྲིལ་གཏོད་འདེམས་གཞུང་ལས་ཁང་།
འབྲེལ་གཏུག་ཁ་པར་ཨང་གྲངས། 0891-6387739 6388172
འབྲེལ་གཏུག་བྱེད་མི ། ལི་ཅུན་ལི་དང་རིན་ཆེན་པ་སངས།
བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གཏོད་འདེམས་དང་གཟེངས་བསྟོད་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།