ཟླ་4ཚེས་29ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་འཚོགས་པ་དང་ཚོགས་འདུའི་ཐོག 《གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་རྒྱུན་སྲོལ་དང་མི་འདྲ་བའི་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས 》དང་། 《ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་སྤྱི་ཡོངས་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ 》《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་གློག་དྲ་ཁྱབ་པའི་ས་ཁོངས་ཀྱི་ཞིང་སྤྱོད་གློག་དྲ་ཚབ་སྒྲུབ་ལས་ཀའི་ཇུས་གཞི 》སོགས་ལ་གྲོས་བསྡུར་བྱས་པ་རེད།
ཚོགས་འདུའི་ཐོག 《གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་རྒྱུན་སྲོལ་དང་མི་འདྲ་བའི་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས 》གྲོས་འཆམ་བྱུང་བ་དང་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཞུགས་པ་དང་། གཅིག་འདོམས་ལྟ་རྟོག་དང་གཙོ་གནད་མངོན་གསལ་དོད་པོ་བྱེད་པ། མི་རྩ་བར་འཛིན་པ་དང་བདེ་འཇགས་མཐུན་སྦྱོར་ལྡན་པ། སྤུས་ལེགས་ནུས་ཆེ་དང་སྣོད་བཅུད་སྲུང་སྐྱོང་བཅས་གཞི་རྩའི་རྩ་དོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འགྲིམ་འགྲུལ་གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུ་སྲོག་ཤིང་དུ་བྱེད་པ། གྲོང་གསེབ་ཀྱི་གཞུང་ལམ་དྲ་མིག་ཅན་དང་། མཐའ་སྲུང་གཞུང་ལམ་ཤར་གཏོང་ཅན། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་རིམ་མཐོ་ཅན་བཅས་མངོན་འགྱུར་བྱ་རྒྱུ་གཙོ་གནད་དུ་བྱེད་པ་བཅས་བྱས་ནས་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གང་མགྱོགས་ཡོང་བ་བྱས་ཐོག་ 2020ལོར་སླེབས་སྐབས་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2000གཏོང་རྒྱུ་ལེགས་སྒྲུབ་ཐུབ་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་11ལས་བརྒལ་བ་དང་རིམ་པ་དང་པོ་དང་དེ་ཡན་གྱི་གཞུང་ལམ་ལམ་ཐག་སྤྱི་ལེ་1200ལས་བརྒལ་བ་བརྩོན་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཚོགས་འདུའི་ཐོག 《ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་སྤྱི་ཡོངས་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ 》དང 《<ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་སྤྱི་ཡོངས་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་ཀྱི་ཁོར་ཡུག་ཤུགས་རྐྱེན་གྱི་སྙན་ཞུའི་ཡི་གེའི >སྐོར་གྱི་ཞིབ་བཤེར་བསམ་འཆར 》གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་གློག་དྲ་ཁྱབ་པའི་ས་ཁོངས་ཀྱི་ཞིང་སྤྱོད་གློག་དྲའི་ཚབ་སྒྲུབ་ལས་དོན་གྱི་ཇུས་གཞི 》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག 《མཚོ་གཉིས་རྫོང་མི་དམངས་སྲིད་གཞུང་འཛུགས་པའི་ཞིབ་མཆན་སྤྲོད་རྒྱུའི་སྐོར་གྱི་དགོངས་སྐོར 》གྲོས་འཆམ་བྱུང་ནས་མཚོ་གཉིས་རྫོང་མི་དམངས་སྲིད་གཞུང་འཛུགས་རྒྱུའི་མོས་མཐུན་བྱས་པ་དང་ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ཞིབ་འཇུག་ཀྱང་བྱས་པ་རེད།