དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • སི་ཁྲོན་གཡག་རྔའི་ས་ཡོམ་གེགས་ཁུལ་ལ་རོགས་སྐྱོབ་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་འབོད་སྐུལ་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2013ལོའི་ཟླ་4ཚེས་20ཉིན་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་དུ་ས་ཡོམ་རིམ་པ་7.0བརྒྱབ་ནས་གེགས་ཁུལ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་དང་གྱོང་གུན་ཚབས་ཆེན་ཕོག་ཡོད། ས་ཡོམ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་སྙིང་རྗེ་ལྡན། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད། ད་ལྟ་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་སྤྱི་ཚོགས་ལས་རིགས་ཁག་གིས་ཞལ་འདེབས་ཧུར་ཐག་བརྒྱབ་ནས་གེགས་ཁུལ་གྱི་མང་ཚོགས་ལ་གཅེས་སེམས་འབུལ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན། མིག་སྔར་སྐྱེལ་འདྲེན་ཆ་རྐྱེན་གྱིས་རྐྱེན་པས་དངུལ་ལོར་ཞལ་འདེབས་འབུལ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་གེགས་སེལ་ཆེད་སྤྱོད་རྩིས་ཨང་།

        དངུལ་བཅོལ་ཐོ་ཁུངས་ཚན་པ།

        བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ།

        དངུལ་བཅོལ་ཐོ་ཁུངས་དངུལ་ཁང་།

        ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་།

        རྩིས་ཨང་། 138800002598

        ཞལ་འདེབས་རྒྱག་ས།

        བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ།

        གནས་ཡུལ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀླུ་སྡིངས་ལྷོ་ལམ་སྒོ་རྟགས་25

        བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་ཞལ་འདེབས་དང་ལེན་ཁ་པར། 0891—6862530、6860096 ཡེ་ཤེས། 18908916658 ཡེ་ཤེས་ཚེ་རིང་། 13989912799

        བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས།

                                          2013ལོའི་ཟླ་4ཚེས་21ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།