བློ་མཐུན་ལྷ་སྨོན་བསོད་ནམས་ལྷུན་གྲུབ་འདས་པོའི་སྐུ་པར།
ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ་དང་ཏང་དང་ཡུན་རིང་མཉམ་ལས་གནང་མཁན་རྒྱལ་གཅེས་རིང་ལུགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་སྐབས་ལྔ་པ་དང་། དྲུག་པ། བདུན་པ་བཅས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ལྷ་སྨོན་བསོད་ནམས་ལྷུན་གྲུབ་སྙུན་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2013ལོའི་ཟླ་3ཚེས་12ཉིན་གྱི་ཆུ་ཚོད་10དང་སྐར་མ་18ཐོག་ལྷ་སར་སྐུ་གཤེགས་པ་དང་དགུང་ལོ་80ཕེབས་ཡོད།
བློ་མཐུན་བསོད་ནམས་ལྷུན་གྲུབ་སྐུ་གཤེགས་པ་དེ་རང་རེའི་ཏང་གི་གྲོགས་པོ་བློ་དཀར་སེམས་དཀར་ཞིག་མེད་པར་གྱུར་བ་རེད།