《བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་ཡིག་ཐོག་སྙན་ཞུ་དང་དེ་བཞིན་དོ་དམ་གཏན་འབེབས (ཚོད་ལྟའི་ལག་བསྟར )》གྱི་དགོངས་དོན་གཞིར་བཟུང་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཉིང་ཁྲི་ས་ཁུལ་གྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་ཁག་གཉིས་པ་གཏོད་རྒྱུའི་སྲིད་འཛིན་གྲོང་ཚོ (སྡེ་ཁུལ )159ཡི་དཔྱད་གཞིའི་ཡིག་ཆ་ཞིབ་ལྟ་དང་། སྙན་ཞུ་ཉན་པ། ས་ཆ་དངོས་སུ་ལྟ་ཞིབ། རྩ་འཛུགས་ཀྱིས་དཔྱད་ཞིབ་སོགས་ཀྱི་གོ་རིམ་ལ་གཞིགས་ནས་བསྐྱར་ཞིབ་བྱས་པ་བརྒྱུད་ས་ཁུལ་དེའི་སྲིད་འཛིན་གྲོང་ཚོ (སྡེ་ཁུལ )159རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་ཆ་རྐྱེན་དང་ཚད་གཞི་གཞི་རྩའི་ཆ་ནས་མཐུན་ཡོད། ད་ལྟ 《བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་ཡིག་ཐོག་སྙན་ཞུ་དང་དེ་བཞིན་དོ་དམ་གཏན་འབེབས (ཚོད་ལྟའི་ལག་བསྟར )》ཀྱི་བླང་བྱ་གཞིར་བཟུང་སྤྱི་བསྒྲགས་སྤེལ་རྒྱུ་ཡིན། སྤྱི་བསྒྲགས་དེ་སྤེལ་བའི་ཉིན་ནས་བཟུང་ཚན་པ་ཁག་གམ་ཡང་ན་མི་སྒེར་གྱིས་གལ་སྲིད་བསམ་འཆར་དང་གྲོས་འགོ་ཡོད་ཚེ་ཁ་པར་རྒྱག་པའམ་ཡང་ན་ཡི་གེ་བསྐུར་ནས་གནས་ཚུལ་ཞུ་བ་དང་བློ་འདྲི་བྱས་ན་ཆོག
གཅིགསྤྱི་བསྒྲགས་ཀྱི་དུས་ཚོད། 2013ལོའི་ཟླ་3ཚེས་9ཉིན་ནས་2013ལོའི་ཟླ་3ཚེས་19ཉིན་བར་ཡིན།
གཉིས། སྤྱི་བསྒྲགས་སྤེལ་རིང་གཤམ་གསལ་གྱི་ཐེར་འདོན་འབྲེལ་གཏུག་བྱེད་ཡུལ་བཙུགས་ནས་ཡི་གེ་བསྐུར་བ་དང་། ཁ་པར་རྒྱག་པ། ངོ་གཏུག་ཏུ་ཡོང་བ་བཅས་ཀྱི་གནས་ཚུལ་ཞུས་པ་བདག་སྤྲོད་དང་དང་ལེན་བྱ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་སྣོད་བཅུད་ཁྲུའུ་ཡི་ཁ་པར། 0891-6849041(བཪྙན་སྐྱེལ་མཉམ་དུ་ཡོད་པ )
ས་གནས། ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་དཀྱིལ་ལམ་སྒོ་རྟགས་ཨང་26པ། སྦྲག་ཨང་། 850000
གསུམ། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་མིང་འདོགས་རྒྱུའི་སྐོར་གྱི་མིང་ཐོ།
ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང (54)ཁྲབ་རྨོག་གྲོང་རྡལ་གྱི་ཁྲབ་རྨོག་གྲོང་ཚོ་དང་། ས་སྡིངས་གྲོང་ཚོ། ཁ་རྟ་གྲོང་ཚོ། མདའ་ཞིང་གྲོང་ཚོ། བག་ཆུང་གྲོང་ཚོ། མཁར་རྨོག་གྲོང་ཚོ། ཐང་མོ་གྲོང་ཚོ། སྒང་པ་གྲོང་ཚོ་བཅས་དང་། ཆུ་མདོ་གྲོང་རྡལ་གྱི་དཔའ་ཁང་གྲོང་ཚོ་དང་། རྟ་ལུང་གྲོང་ཚོ། མདོང་ཆུ་གྲོང་ཚོ། རྐུ་ཐང་གྲོང་ཚོ། ཡས་པ་གྲོང་ཚོ། གྲུ་བཞི་གྲོང་ཚོ། བཟུང་སྣ་གྲོང་ཚོ་བཅས། གསུམ་འཛོམས་གྲོང་རྡལ་གྱི་འདེག་པ་གྲོང་ཚོ་དང་། མདོང་ཡ་གྲོང་ཚོ། དོ་གལ་གྲོང་ཚོ། རྐང་པ་གྲོང་ཚོ། དགོན་ཪྙིང་གྲོང་ཚོ། འཇབ་ཐང་གྲོང་ཚོ། རྣ་གཡུ་གྲོང་ཚོ་བཅས། རྒུ་ཤང་གི་རྦ་ཁ་གྲོང་ཚོ་དང་། ཀ་གནམ་གྲོང་ཚོ། རྒུ་གྲོང་ཚོ། གསོ་ཐང་གྲོང་ཚོ། བཤོལ་བ་ཁ་གྲོང་ཚོ། རྡོ་རྗེ་ཤང་གི་མདའ་རྟ་གྲོང་ཚོ་དང་། བདེ་སྐྱིད་གྲོང་ཚོ། འཁོར་ལྷ་གྲོང་ཚོ། མོ་བརྒྱངས་གྲོང་ཚོ། རྨུ་དགུ་གྲོང་ཚོ། ཐང་ཚན་གྲོང་ཚོ། ཤིས་པ་གྲོང་ཚོ་བཅས། ཡིད་འོང་ཤང་གི་དགོན་ཐང་གྲོང་ཚོ་དང་། དགོན་གྲོང་གྲོང་ཚོ། ཅུང་ལ་གྲོང་ཚོ། ས་དམར་གྲོང་ཚོ་བཅས། གཡུ་ཕུག་ཤང་གི་ཨ་ཤིས་གྲོང་ཚོ་དང་། མདའ་པ་གྲོང་ཚོ། གནས་སྟོད་གྲོང་ཚོ། གནས་སྨད་གྲོང་ཚོ། ལྗོངས་པ་གྲོང་ཚོ་བཅས། གཡུ་ཤུལ་ཤང་གི་བལ་ཡུལ་གྲོང་ཚོ་དང་། སྤང་ཁེངས་གྲོང་ཚོ། ལྷ་ལྡིངས་གྲོང་ཚོ། གླིང་ཆུང་གྲོང་ཚོ། ཁེ་ཁྲལ་གྲོང་ཚོ། ར་བཞི་གྲོང་ཚོ། བཟའ་རི་གྲོང་ཚོ། ཐང་མོ་གྲོང་ཚོ། ཡུལ་གསར་གྲོང་ཚོ། བྱེ་ཕུ་གྲོང་ཚོ། བཀྲ་ཤིས་སྒང་གྲོང་ཚོ་བཅས་སོ།
ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང (45)རྒྱ་ཤིང་ཤང་གི་ནུ་མ་རི་གྲོང་ཚོ་དང་། རྒྱ་ཤིང་གྲོང་ཚོ། འབྲས་ནང་གྲོང་ཚོ། སྤྱི་ནང་གྲོང་ཚོ་བཅས་དང་། སྤྱི་མདའ་གྲོང་རྡལ་གྱི་བསེ་རྐྱང་གཉའ་གྲོང་ཚོ་དང་། སྟག་ཆེན་གྲོང་ཚོ། སྒམ་གྲོང་ཚོ། བྱང་ལྷོ་གྲོང་ཚོ། ཕང་གྲོང་ཚོ། ཚང་ཚིང་གྲོང་ཚོ། གླ་རོང་གྲོང་ཚོ། འབྲོང་རོང་གྲོང་ཚོ། སྤྱི་མདའ་གྲོང་ཚོ། གྲབ་གྲོང་ཚོ། གླང་ཚབ་གྲོང་ཚོ། རྡལ་གྲོང་ཚོ་བཅས། རྒྱ་མདའ་ཤང་གི་སྨོན་སྐྱིད་གྲོང་ཚོ་དང་། ཐང་སྟེང་གྲོང་ཚོ། ཐའེ་ཀྲའོ་གྲོང་ཚོ། སྦྲག་ཁང་སྒང་གྲོང་ཚོ། འུ་ལུག་སྒང་གྲོང་ཚོ། གླང་གྲོང་ཚོ་བཅས། ཀོང་པོ་རྒྱ་མདའ་གྲོང་རྡལ་གྱི་སྒོ་ལིང་ཁ་སྡེ་ཁུལ་དང་། སྒྲོམ་གྲོང་ཚོ། བཅའ་སྡེ་སྒང་གྲོང་ཚོ། འགྲངས་མ་གྲོང་ཚོ། ང་ཕོད་གྲོང་ཚོ། ཙི་དཀར་གྲོང་ཚོ། མྱང་འདམ་གྲོང་ཚོ། རྒྱལ་སྟེང་གྲོང་ཚོ། དཔོན་འཁོད་གྲོང་ཚོ་བཅས། གྲོང་གསར་ཤང་གི་བརླན་ཚལ་གྲོང་ཚོ་དང་། ནགས་སྒང་གྲོང་ཚོ། གྲོང་གསར་གྲོང་ཚོ་བཅས། བྲག་ཆུ་གྲོང་རྡལ་གྱི་དུང་མ་གྲོང་ཚོ་དང་། གནམ་གསལ་གྲོང་ཚོ། ཞོ་ཁ་གྲོང་ཚོ། སྟོད་སྒོ་གྲོང་ཚོ། བླ་རི་གྲོང་ཚོ། ལྡིང་ཐང་གྲོང་ཚོ། ཤུ་པ་གྲོང་ཚོ་བཅས། མཚོ་མགོ་ཤང་གི་མཚོ་མཇུག་གྲོང་ཚོ་དང་། མཚོ་མགོ་གྲོང་ཚོ། བྱེ་པ་གྲོང་ཚོ། ལོ་ཁྲེ་གྲོང་ཚོ་བཅས་སོ།
ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང (35)བྲག་ཡིབ་གྲོང་རྡལ་གྱི་སྐྱབས་རྟེན་གྲོང་ཚོ་དང་། བྲག་སྒོ་རྭ་གྲོང་ཚོ། ལ་སྟེང་ཁ་གྲོང་ཚོ། ཐང་སྟེང་གྲོང་ཚོ། ཀྲང་སྨད་གྲོང་ཚོ། གནས་གཞི་གྲོང་ཚོ། བྲག་ཕྱི་གྲོང་ཚོ། གོང་གྲོང་གྲོང་ཚོ། གཉིས་བཀུར་ལམ་སྡེ་ཁུལ། པད་མ་སྒང་སྡེ་ཁུལ་བཅས་དང་། བུ་ཆུ་ཤང་གི་རྒྱལ་སྨད་གྲོང་ཚོ་དང་། སྨད་པ་གྲོང་ཚོ། སྤྱིན་འཁོར་གྲོང་ཚོ། རྩིག་རགས་གྲོང་ཚོ་བཅས། ཀླུ་ནང་གྲོང་རྡལ་གྱི་བཀྲ་ཤིས་སྒང་གྲོང་ཚོ་དང་། སྟོང་མཇུག་གྲོང་ཚོ། ནོར་བུ་གྲོང་ཚོ། དུམ་པ་ཚང་གྲོང་ཚོ། བ་དཀར་གྲོང་ཚོ། བལ་མོ་གྲོང་ཚོ། ཀླུ་མོ་གྲོང་ཚོ་བཅས། ཉིང་ཁྲི་གྲོང་རྡལ་གྱི་སྤྲིན་པ་གྲོང་ཚོ་དང་། ཉི་ཁྲི་གྲོང་ཚོ། མཁར་སྲིན་མོ་གྲོང་ཚོ། སྟག་རྩེ་གྲོང་ཚོ། ཉང་ངུ་གྲོང་ཚོ། སྤང་སྣེ་གྲོང་ཚོ། ཆུ་འཁོར་གྲོང་ཚོ་བཅས། དགུན་ཚང་མོན་པ་མི་རིགས་ཤང་གི་བཅུ་འཕར་གྲོང་ཚོ་དང་། དགུན་ཚང་གྲོང་ཚོ། ཉང་གསར་གྲོང་ཚོ། བཀྲ་ཆོས་གྲོང་ཚོ་བཅས། སྦེ་པ་གྲོང་རྡལ་གྱི་ལྷ་ཁ་གྲོང་ཚོ་དང་། ཁེ་ནང་གྲོང་ཚོ། ལན་བད་གྲོང་ཚོ་བཅས་སོ།
ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང (25)སྨན་གླིང་གྲོང་རྡལ་གྱི་དུང་མཚོ་སྡེ་ཁུལ་དང་། སྨན་གླིང་གྲོང་ཚོ། དུང་དོར་གྲོང་ཚོ། བམ་གྲོང་གྲོང་ཚོ་བཅས་དང་། ཆབ་ནག་ཤང་གི་སྒང་ག་གྲོང་ཚོ་དང་། ཤེལ་དཀར་མོན་པ་གྲོང་ཚོ། བརླ་མདོ་གྲོང་ཚོ། ཆབ་མདོ་སྒང་གྲོང་ཚོ། གསེར་ངོགས་གྲོང་ཚོ། ཉ་ལུང་གྲོང་ཚོ། རྒྱལ་གོག་གྲོང་ཚོ་བཅས། གཏམ་སྙན་ཤང་གི་བྲེ་རླག་གྲོང་ཚོ་དང་། ཁམ་བུ་རྭ་གྲོང་ཚོ། ཀླུ་ཞར་གྲོང་ཚོ། གཏམ་སྙན་གྲོང་ཚོ། གྲོང་གསར་གྲོང་ཚོ་བཅས། ཕད་གྲོང་རྡལ་གྱི་རྡོ་གཞོང་གྲོང་ཚོ་དང་། ཤོ་ཁ་གྲོང་ཚོ། ཕད་གྲོང་ཚོ། རྟ་ཐོག་ཁ་གྲོང་ཚོ། སྐུ་དཀར་གྲོང་ཚོ། ཟུར་གསུམ་གྲོང་ཚོ། སྨོན་ལམ་གྲོང་ཚོ་བཅས། ཨོ་རོང་གྲོང་རྡལ་གྱི་སྲི་བཟློག་གྲོང་ཚོ་དང་ཐང་འབུམ་པ་གྲོང་ཚོ་བཅས་སོ།
བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས།
2013ལོའི་ཟླ་3ཚེས་9ཉིན།