དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་རྫོགས་ལ་སྤྲིངས་པའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གྲོང་ཚོར་བཅའ་སྡོད་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གི་རུ་མི་ཡོངས་རྫོགས་ལ།

        2013ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་ཚབ་ཞུས་ནས་ཁྱེད་རྣམ་པར་བླ་ན་མེད་པའི་གུས་འདུད་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་ཁྱེད་རྣམ་པ་བརྒྱུད་ཁྱེད་རྣམ་པའི་གཉེན་ཉེར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཡང་ཞུ་རྒྱུ་ཡིན།

        ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་གཉིས་པ་སྤེལ་བ་ནས་བཟུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་ཀྱིས་རྩ་འཛུགས་ཀྱི་མངགས་བཅོལ་ཆེན་པོ་དང་དམངས་གཅེས་ཀྱི་བསམ་ཚུལ་འཆང་བཞིན་དུ་ཁྱིམ་ཚང་ཆེན་པོའི་ཆེད་དུ་ཁྱིམ་ཚང་ཆུང་ངུ་དོར་བ་དང་། གཞི་རིམ་དུ་བསྐྱོད་པ་དང་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱེད་པ། དཀའ་ཚེགས་ལ་མི་འཛེམ་པ་དང་དཔའ་ངར་ཆེན་པོས་འགན་འཁྲི་ལྕི་པོ་ཁུར་བ། འགན་འཁྲི་གཙང་སྒྲུབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོའི་རྒྱུག་མཐུད་དབྱུག་པ་བདེ་བླག་ངང་བླངས་པ། སྔར་ཡོད་ཀྱི་ལས་ཀའི་རྨང་གཞི་བཟང་པོའི་ཐོག་ལས་འགན་ཁག་ལྔ་གཅིག་གྱུར་འཆར་འགོད་དང་ཕན་ཚུན་ལྟ་རྟོག་བྱས་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་ལྷག་པར་དུ་ངོ་འཕྲད་གདོང་ཐུག་གི་སྒོ་ནས་ཞིང་འབྲོག་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། གྲོང་ཚོ (གྲོང་མི )“ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་དང་ཏང་ཡོན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བྱེད་ཐབས་ཁག་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ། ཐབས་ཤེས་ཡོད་རྒུ་བཏོན་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱེད་པ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་བ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ལ་ལས་བཟང་སྒྲུབ་པ་དང་དཀའ་གནད་སེལ་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཁར་ལས་ཁུངས་ཀྱི་སྤྱོད་ཚུལ་འགྱུར་བ་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་དམ་དུ་བཏང་བ་དང་དམངས་ཆེད་དམངས་གཅེས་ཀྱི་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་བཟང་པོ་སྐྲུན་པར་བརྟེན་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཡོངས་ཁྱབ་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

        སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་བར་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་རྫོགས་ཀྱིས་ལོ་གསར་པའི་ནང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དང་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་དང་པོའི་ཕྱོགས་སྡོམ་གཟེངས་བསྟོད་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་གཉིས་པའི་སྐུལ་སློང་ཚོགས་ཆེན་གྱི་བླང་བྱར་གཞིགས་པ། ལས་འགན་ཁག་ལྔ་ལ་དམ་པོར་བསྟུན་པ། ཟུང་འབྲེལ་བྱེད་པའི་ཐད་ལས་དོན་སྒྲུབ་པ་དང་། དོན་འཁྱོལ་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། གཏིང་ཟབ་ཏུ་གཏོང་བའི་ཐད་ཕན་འབྲས་ཐོན་པ་བཅས་བྱ་རྒྱུར་གཞོལ་བ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་རྫོགས་ལོ་གསར་པའི་ནང་སྐུ་གཟུགས་བདེ་ཐང་དང་། ལས་དོན་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

        2013ལོའི་ཟླ་1ཚེས་25ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།