དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་སྔོན་ཐོན་ས་གནས་དང་གྲོང་ཁྱེར(སྡེ་ཚན)དང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས། སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2012ལོའི་ཟླ་2ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས “རྩ་འཛུགས་སྟོབས་ཆེར་གཏོང་བ་དང་གསོན་ཤུགས་འཕེལ་བ་བྱས་ནས་སྔོན་གཏོད་ལེགས་བརྩོན་གྱིས་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི ”གཙོ་དོན་འདིར་དམ་པོར་དམིགས་ཏེ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུ་སྤྱི་ཡོངས་ཀྱི་བྱ་ཐབས་སུ་བཟུང་ཐོག མངོན་ཆེའི་གནད་དོན་ཐག་གཅོད་བྱེད་རྒྱུ་འགག་སྒྲོལ་ས་དང་ཤུགས་རྒྱག་སར་བརྩིས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་ཏན་ཏིག་སྤེལ་ཏེ། བརྟག་དཔྱད་མཐིལ་རྟོགས་ཀྱིས་རིགས་དབྱེ་རིམ་པ་གཏན་འཁེལ་དང་། རྩ་འཛུགས་ཚང་སྒྲིག་གིས་ཁེབས་རྒྱ་ཆེར་གཏོང་། བཅོས་སྒྲིག་མཐོར་གཏོང་གིས་གནས་སྤོར་རིམ་འཕར། ཞིབ་དཔྱད་ལྟ་བསྡུར་གྱིས་ཕྱོགས་བསྡུས་གཟེངས་བསྟོད་བྱེད་པའི་དུས་མཚམས་བཅས་ཀྱི་ལས་དོན་ཁག་ལེགས་སྒྲུབ་བྱས་པ་དང་། ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་རང་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་རྩ་འཛུགས་ཀྱི་འགན་ལེན་སྲ་བརྟན་བྱས་པ་དང་། སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ཁྱུ་ཞིག་ཐོན་ཡོད། ཁོང་ཚོའི་བྱས་རྗེས་ལ་གཟེངས་བསྟོད་དང་སྔོན་ཐོན་དཔེ་མཚོན་བཙུགས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་གི་ལས་དོན་པ་དང་ཏང་ཡོན་གྱིས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་བཅངས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དམ་འཛིན་བྱེད་རྒྱུའི་སྐུལ་ལྕག་བཏང་སྟེ། ཏང་གིས་བོད་ལ་སྲིད་སྐྱོང་བྱེད་པའི་རྩ་འཛུགས་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་ཆེད། ལྗོངས་ཏང་ཨུད་ཀྱིས་ཆབ་མདོ་ས་ཨུད་སོགས་ས་གནས་གྲོང་ཁྱེར (སྡེ་ཚན )གྱི་ཏང (ལས་དོན )ཨུད་6ལ་ལྗོངས་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་ཞིབ་དཔྱད་ཀྱི་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་སྤྲོད་རྒྱུ་དང་། སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོའི་ཏང་ཀྲི་པུའུ་སོགས་གཞི་རིམ་ཏང་འཛུགས་100ལ “ལྗོངས་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”ཀྱི་མཚན་སྙན་སྤྲོད་རྒྱུ། བཀྲ་ཤིས་བག་གྲོ་སོགས་བློ་མཐུན་100ལ “ལྗོངས་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་སྔོན་ཐོན་ལས་དོན་པའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།

        ལྗོངས་ཏང་ཨུད་ཀྱིས་འབོད་སྐུལ་བྱས་དོན། ས་གནས་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་གྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་སློབ་སྦྱོང་བྱས་ཏེ། ཏང་ཀྲུང་དབྱང་ནས་ཁ་གསལ་བཏོན་པའི “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་སྲུང་བཞི ”བཅས་ལ་དམ་པོར་དམིགས་ཏེ། གཞི་རིམ་ཏང་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་ལས་རིགས་ཁག་གི་ཁྱབ་ཁོངས་ནང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་སྟེ་གཞི་རིམ་ཏང་སྐྱོང་ལས་དོན་གྱི་ཚན་རིག་དང་མཐུན་པའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་པ་དང་། མིག་དཔེ་སྟོན་ཏེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ཏེ། གཞི་རིམ་རྩ་འཛུགས་མ་ལག་དང་། རྐང་འཛིན་དཔུང་ཁག བྱེད་སྒོའི་རྟེན་གཞི། ལས་ཀའི་ལམ་ལུགས། ལས་ཡུལ་འཐབ་ས་བཅས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ཏང་གཤིས་ལ་སྣང་ཆེན་དང་། སྤྱོད་བཟང་ལ་མཐོང་ཆེན། མིག་དཔེ་འདོན་པ་བཅས་བྱས་ཐོག ལེགས་སྐྱེས་འབུལ་འདོད་པ་དང་འགན་འཁྲི་ལྕི་པོ་ཁུར་ཕོད་པ་བྱས་ནས་རང་འཁྲིའི་ལས་གནས་ཐོག་སྔོན་གཏོད་ལེགས་བརྩོན་གྱིས་རྐང་འཛིན་སྣེ་ཁྲིད་པའི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

        རེ་བར། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་སྔོན་ཐོན་མཐའ་འཁྱོངས་ཀྱིས་ང་རྒྱལ་དང་འཚབ་འཚུབ་སྤོངས་བ་དང་། ཡང་འབད་བསྐྱར་འབད་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ནང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་ལས་ལྷག་པ་འདོན་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་གི་ལས་དོན་པ་དང་ཏང་ཡོན་གྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་ཞུམ་མེད་ཀྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ལམ་བཤངས་གསར་གཏོད་དང་དམ་པ་དོན་གཉེར་གྱིས་གཞི་རིམ་ཏང་སྐྱོང་ལས་ཀ་གསར་གཏོད་བྱེད་པ་དང་། ཏང་གི་སྲིད་སྐྱོང་གི་རྩ་འཛུགས་རྨང་གཞི་སྲ་བརྟན་དུ་བཏང་སྟེ་འབྱོར་ཕྱུག་ལྡན་པའི་བོད་ལྗོངས་དང་། ཞི་མཐུན་གྱི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་གི་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་སྐྲུན་རྒྱུའི་ལག་ལེན་དངོས་ཀྱི་ནང་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།