དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་ལྗོངས་ཀྱི་དགོན་སྡེའི་གྲྭ་བཙུན་ཁྲོད་དུ་བླ་མ་སྐྱེས་ཆེན་རིམ་བྱོན་གྱི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ཀྱི་དགོངས་དོན་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་དང་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང (དགོན་སྡེའི་ཆེད་བསྐོས་ལས་འགན་འཁུར་མཁན་ཆེད་མངགས་པ )གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་བསམ་བློ་གཅིག་གྱུར་དང་། ལས་འགན་ཁ་གསལ། སྒྲིག་འཛུགས་ནུས་ལྡན། བྱ་སྤྱོད་མྱུར་སྤེལ་བཅས་ཀྱི་ཐོག་ནས་སློབ་གསོའི་བྱེད་སྒོ་ཡོངས་སུ་ཁྱབ་པར་བྱས་པ་དང་། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ་སྙིང་དབུས་ནས་གུས་བཀུར་ཡང་ཐོབ་ཡོད། རྒྱ་ཆེའི་གྲྭ་བཙུན་གྱིས་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་ཆབས་ཅིག་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། ཙོང་ཁ་པ། ར་སྒྲེང་། པཎ་ཆེན་ཨེར་ཏེ་ནི་ལ་སོགས་བླ་མ་སྐྱེས་ཆེན་རིམ་བྱོན་མིག་དཔེར་འཛིན་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། ཏཱ་ལའི་རུ་ཚོགས་དང་རང་འགུལ་ངང་དབྱེ་མཚམས་གསལ་པོར་འབྱེད་པ། ཏང་དང་སྲིད་གཞུང་དང་བསམ་བློའི་ཐད་བློ་གཅིག་སེམས་གཅིག་དང་། དམིགས་ཚད་ཐད་བློ་ཁ་གཅིག་གཏད། བསམ་སྤྱོད་གཅིག་གྱུར་བཅས་ཡོང་བ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དགོན་སྡེའི་འདུལ་ཁྲིམས་རང་རྟོགས་ངང་སྲུང་བ། མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ནང་མི་ཞུགས་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱ་སྤྱོད་ནང་མི་ཞུགས་པ། ཁ་དན་ཚིག་གནས་བྱ་རྒྱུ་རྩ་བར་འཛིན་པ་དང་། འདུལ་ཁྲིམས་ནན་པོར་སྲུང་བ། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། བརྩོན་འགྲུས་ཆེན་པོས་ཤེས་རྒྱ་ཆེ་རུ་གཏོང་བ། ཉམས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རང་གཅུན་སྡོམ་སྲུང་བྱེད་པ་བཅས་ཀྱི་དཔེ་བཟང་བ་ཞིག་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་བྱམས་སྙིང་རྗེའི་བསམ་པ་རྒྱུན་དུ་འཆང་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་སྐྲུན་པ། སྡིག་པའི་ལས་ཅི་ཡང་མི་བགྱི་བ། དགེ་བ་ཕུན་སུམ་ཚོགས་པར་གསོག་པ་བཅས་ཀྱི་ཆོས་ཀྱི་སྙིང་པོ་དར་སྤེལ་ཤུགས་ཆེན་གཏོང་མཁན་དང་ངན་པ་སྤོང་འཇུག་པ་དང་། གཞན་ལ་ཕན་པ་འདོགས་པ། དག་པའི་ལམ་དུ་འདྲེན་པ་བཅས་བྱེད་མཁན་གྱི་གྲྭ་བཙུན་ཡག་པོ་ཞིག་ཧུར་བརྩོན་ཆེན་པོས་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་ཞི་མཐུན་བསམ་གཞི་དར་སྤེལ་ཤུགས་ཆེན་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་བསྟན་དོན་ནང་གི་མཐུན་རྐྱེན་སྔོག་འདོན་དང་དར་སྤེལ་གང་ལེགས་གཏོང་བ། འདུལ་ཁྲིམས་དང་བསྟན་དོན་འཆད་འགྲེལ་བྱེད་སྐབས་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བླང་བྱ་དང་མཐུན་པར་བྱས་ནས་འཆད་འགྲེལ་བྱེད་པ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཀུན་ལ་བདེ་བ་ཐོབ་པའི་གསོལ་བ་སྨོན་ལམ་འདེབས་པ་དང་། ཞི་བདེར་བརྩི་མཐོང་བྱེད་པ། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ། ཞི་མཐུན་ལ་བསྔགས་པ་བཅས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཡར་ཐོན་བསམ་བློ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ལ་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཀྱང་ཐོན་ཡོད་པ་རེད།

        སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་གསར་འཛུགས་བྱ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་ནང་བསྟན་མཐུན་ཚོགས་སོགས་ཚན་པ་77ལ “2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་རྩ་འཛུགས་བྱ་དགའ ”སྤྲོད་རྒྱུ་དང་། ལྷག་པ་ཚེ་རིང་སོགས་བློ་མཐུན་50ལ “2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཕུལ་བྱུང་སྒྲོག་འགྲེལ་པ ”ཡི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། བློ་བཟང་ཆོས་འཕེལ་སོགས་གྲྭ་བཙུན་400ལ “2012ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་སློབ་སྦྱོང་ཧུར་བརྩོན་ཅན ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ཚོས་ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་། གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་བྱེད་པ། དཔེ་སྟོན་སྣེ་འདྲེན་དང་དཔེ་བཟང་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བརྗོད་བྱ་གཙོ་བོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་དང་། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང (དགོན་སྡེའི་ཆེད་བསྐོས་ལས་འགན་འཁུར་མཁན་ཆེད་མངགས་པ ) རྒྱ་ཆེའི་གྲྭ་བཙུན་བཅས་ལ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་རང་འགུལ་ངང་སློབ་སྦྱོང་བྱེད་པ། དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ། དགོན་སྡེའི་གྲྭ་བཙུན་ཁྲོད་དུ “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ཀྱི་སྣང་ཚུལ་ཟབ་མོ་ཞིག་སྔར་བས་ཆགས་པ་བྱེད་པ། དགོན་སྡེར་དོ་དམ་བྱ་རྒྱུ་དེ་ཁྲིམས་ལུགས་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཕྱིར་འབད་འབུངས་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།