དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་འདས་བརྡ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09
      

     བློ་མཐུན་ཡབ་གཞིས་དབང་འདུས་འདས་པོའི་སྐུ་པར།  

        ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་དང་། ཏང་དང་ཡུན་རིང་མཉམ་ལས་གནང་མཁན་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ། སྲིད་གྲོས་སྐབས་དྲུག་པ་དང་། བདུན་པ། བརྒྱད་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཡབ་གཞིས་དབང་འདུས་སྙུན་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར་2012ལོའི་ཟླ་12ཚེས་2ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཡི་ཐོག་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྐུ་གཤེགས་ཤིང་། དགུང་ལོ་84ལ་ཕེབས་ཀྱི་ཡོད། བློ་མཐུན་ཡབ་གཞིས་དབང་འདུས་སྐུ་གཤེགས་པ་དེས་རང་རེའི་ཏང་གི་གྲོགས་པོ་བློས་ཐུབ་ཅིག་མེད་པར་གྱུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།