དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        〔2011〕ལོའི་ཡིག་ཨང་9པ།

        《མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》དེ་2011ལོའི་ཟླ་9ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་གྲོས་འཆམ་བྱུང་ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2011ལོའི་ཟླ་9ཚེས་30ལ།

        མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱས་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཧུར་ཐག་སེལ་རྒྱུ་དང་། རྩིས་འགྲོ་ཡོད་པའི་དཔྱད་མཚམས་དང་། ཁྲུན་བཅད། ཁྲིམས་དོན་ཡིག་རིགས་གཞན་དག་བཅས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་རྒྱུ། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་ཞིག་སྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས 》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམིགས་བསལ་གྱིས་གཏན་འབེབས་བྱེད་རྒྱུ་གཤམ་གསལ།

        གཅིག འགན་ནུས་འཁུར་འཛིན་གྱི་འདུ་ཤེས་ཤུགས་ཆེར་ཏན་ཏིག་གཏོང་དགོས། རྩིས་འགྲོ་ཡོད་པའི་དཔྱད་མཚམས་དང་། ཁྲུན་བཅད། ཁྲིམས་དོན་ཡིག་རིགས་གཞན་དག་བཅས་ཁྲིམས་ལྟར་ལག་བསྟར་བྱེད་རྒྱུ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་མི་དམངས་ཁྲིམས་ཁང་ལ་དཀྲིས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་གོང་འཕེལ་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པའི་བསམ་བློ་རྒྱུན་འཁྱོངས་ཀྱིས་འགན་འཁྲི་ཁུར་སེམས་ཆེ་རུ་ཏན་ཏིག་བཏང་ནས་མི་དམངས་ཁྲིམས་ཁང་ལ་ཁྲིམས་ལུགས་ལྟར་དམངས་དོན་ལག་བསྟར་གྱི་འགན་ནུས་སྒྲུབ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ། སྲིད་གཞུང་གིས་རྒྱབ་སྐྱོར། སྤྱི་ཚོགས་ལས་རིགས་ཁག་གིས་རོགས་ལས་དང་གཞོགས་འདེགས་བཅས་བྱེད་པའི་ལག་བསྟར་ལས་དོན་གྱི་རྣམ་པ་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས་དམངས་དོན་ལག་བསྟར་གྱོད་དོན་གྱི་སྤུས་ཚད་དང་ལས་ཕྱོད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོགབཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ནུས་ལྡན་གྱིས་གཅིག་གྱུར་ཐུབ་པ་བྱས་ཏེ་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་དང་། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས།

        གཉིས། དམངས་དོན་ལག་བསྟར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་གཅིག་གྱུར་དོ་དམ་དང་གཅིག་གྱུར་མཐུན་སྦྱོར་བྱེད་པའི་ལག་བསྟར་ལས་དོན་གྱི་དོ་དམ་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་ཐོག་ལས་དོན་གྱི་བསམ་གཞི་གསར་གཏོད་དང་། ཕན་ལྡན་གྱི་བྱ་ཐབས་སྤྱད་ནས་ལག་བསྟར་དོན་འཁྱོལ་ཐུབ་ཚད་མཐོ་རུ་བཏང་སྟེ་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་ཐུབ་བྱེད་དགོས། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་གཅིག་གྱུར་དོ་དམ་དང་མཐུན་སྦྱོར་བྱེད་དགོས་པ་དང་། འབྲིང་རིམ་མི་དམངས་ཁྲིམས་ཁང་ཁག་གིས་གཏོགས་ཁོངས་ནང་ཁུལ་གྱི་གཞི་རིམ་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་གཅིག་གྱུར་དོ་དམ་དང་མཐུན་སྦྱོར་བྱེད་དགོས་ཤིང་། དགོས་ངེས་སྐབས་གོང་རིམ་མི་དམངས་ཁྲིམས་ཁང་གིས་གཏོགས་ཁོངས་ནང་ཁུལ་གྱི་མི་དམངས་ཁྲིམས་ཁང་གི་ལག་བསྟར་སྟོབས་ཤུགས་དང་སྒྲིག་ཆས་རིགས་གཅིག་གྱུར་བཀོད་འདོམས་དང་སྐུལ་སློང་བྱས་ན་འགྲིག་ཅིང་། ལག་བསྟར་ལས་དོན་དྲང་གཞག་དང་ལས་ཕྱོད་ཆེན་པོ་ཡོང་བའི་འགན་སྲུང་བྱེད་དགོས།

        གྱོད་ཁོངས་སུ་འཇུག་རྒྱུ་དང་། འདྲི་གཅོད་བྱེད་རྒྱུ། ལག་བསྟར་བྱེད་རྒྱུ་བཅས་ཕན་ཚུན་ལྟ་རྟོག་བྱེད་ལམ་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་ཁྲུན་གཅོད་ཡིག་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། རྒྱུ་ནོར་ཧྲིལ་སྲུང་དང་སྔོན་སྤྲོད་ལག་བསྟར་བྱེད་རྒྱུའི་བྱ་ཐབས་ཁྲིམས་ལུགས་ལྟར་དུས་ཐོག་ཏུ་སྤྱད་ནས་དོ་བདག་གིས་ཁྲིམས་ས་རང་དུ་སྒྲུབ་རྒྱུ་དང་རང་འགུལ་གྱིས་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། འདུམ་འགྲིག་དམིགས་བཀར་གྱིས་སྔོན་དུ་བྱེད་རྒྱུ་དང་། འདུམ་འགྲིག་དང་ཁྲུན་གཅོད་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་འདུམ་འགྲིག་བྱས་ནས་རང་འགུལ་ཐོག་སྒྲུབ་ཚད་མཐོ་རུ་གཏོང་དགོས་པ་དང་། མཐུན་འགྲིག་ངང་ལག་བསྟར་བྱེད་རྒྱུར་སྐུལ་འདེད་ཀྱིས་ཉེས་དོན་དང་སྦྲགས་པའི་དམངས་དོན་གྱི་གུན་གསབ་གྱོད་དོན་འདུམ་འགྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ལག་བསྟར་འཕྲལ་མྱུར་ཇི་བྱེད་ལམ་སྲོལ་གསར་འཛུགས་བྱས་ནས་ལག་བསྟར་ལས་དོན་གྱི་དུས་ཚད་ནུས་ཐོན་རང་བཞིན་ཆེ་རུ་གཏོང་དགོས། བྱ་དགའ་སྤྲོད་པའི་ཐོག་ནས་ལག་བསྟར་དང་རྩིས་བཤེར་བྱེད་པའི་ཐོག་ནས་ལག་བསྟར་བྱེད་པ་སོགས་ཀྱི་བྱེད་སྟངས་དང་བྱ་ཐབས་འཚོལ་ཞིབ་བྱས་ཏེ་ཐེར་འདོན་བྱེད་མཁན་ལ་སྤྲོད་རྒྱུའི་བྱ་དགའི་དངུལ་དང་། རྩིས་བཤེར་བྱེད་རྒྱུར་མངག་པའི་འབྲེལ་ཡོད་གྲོན་དངུལ་རིགས་ལག་བསྟར་བྱེད་རྒྱུའི་རྒྱུ་དངོས་ནང་ནས་སྔོན་དུ་གཏོང་སྤྲོད་བྱེད་དགོས། མངགས་སྐུལ་བྱས་ནས་ལག་བསྟར་དང་མངགས་སྐུལ་ཁས་ལེན་བྱས་ནས་ལག་བསྟར་བྱེད་པའི་ལས་དོན་ནན་ཏན་གྱིས་ཡག་པོ་སྒྲུབ་དགོས་ཤིང་། མངགས་སྐུལ་ལག་བསྟར་བྱེད་རྒྱུའི་གྱོད་དོན་ལ་ལྟ་འདོམས་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མངགས་སྐུལ་ལག་བསྟར་གྱི་ལས་ཕྱོད་མཐོ་རུ་གཏོང་དགོས། མི་དཔུང་ཁྱུ་བསྒྲིགས་ཀྱི་དོན་རྐྱེན་དང་བརྟན་ལྷིང་ལ་གནོད་པའི་རྐྱེན་རྩ་བཟོ་ཉེན་ཆེ་བའི་ལག་བསྟར་གྱོད་དོན་རིགས་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་ཐོག ཉེན་ཟོན་ཚོད་སྐོར་བྱས་ཏེ་ལག་བསྟར་ཇུས་གཞི་འཚམ་པོ་བཟོས་ནས་སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

        དམངས་དོན་ལག་བསྟར་གྱི་ལས་དོན་ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ལག་བསྟར་གྱི་ནུས་ཕྱོད་ལ་དཔྱད་ཞིབ་དང་། འགན་འཛོལ་བདའ་འདེད། ལག་བསྟར་གཟུ་ཉན་སོགས་བྱེད་པའི་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་དོ་བདག་གི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། བསམ་ཚུལ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱེད་དགོས། ལག་བསྟར་ལ་གཟུར་གཡོལ་བྱེད་པར་ཁ་གཏད་གཅོག་ལམ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ་རིམ་སྤར་ལག་བསྟར་དང་དམིགས་འཛུགས་ལག་བསྟར་བྱེད་པའི་ལས་དོན་ཚད་ལྡན་བཟོ་དགོས།

        གསུམ། དམངས་དོན་ལག་བསྟར་བྱེད་ནུས་ཤུགས་ཆེར་ཟམ་མི་ཆད་པ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་དྲང་གཞག་དང་། ཁྲིམས་འཛིན་དམངས་ཕན་རྒྱུན་འཁྱོངས་བྱས་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ལག་བསྟར་ལས་ཁུངས་འཐུས་ཚང་དུ་གཏོང་དགོས་པ་དང་ནུས་སྟོབས་ཡོད་པའི་ལག་བསྟར་མི་སྣ་ཚང་སྒྲིག་བྱེད་དགོས། ལག་བསྟར་དཔུང་ཁག་ལ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། ལས་སྒོའི་ནུས་པ་སྦྱོང་བརྡར་སྤྲོས་རྒྱུ། སྤྱོད་ལམ་ལེགས་སྐྱོང་བྱེད་རྒྱུ། སྤྱོད་གཙང་དར་སྤེལ་གཏོང་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བོད་རྒྱ་སྐད་གཉིས་ཐོག་ནས་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲང་གཞག་དང་། ཕྱོད་ཆེ། སྤྱོད་གཙང་། དམངས་ལ་ཞབས་ཞུ་བཅས་བྱེད་མཁན་གྱི་ལག་བསྟར་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ཐོག་ལག་བསྟར་གྱི་ལས་དོན་སྒྲུབ་ནུས་གོང་མཐོར་ཟམ་མི་ཆད་པ་གཏོང་དགོས། ལག་བསྟར་ལ་ཞིབ་བཤེར་དང་། དངོས་སུ་ལག་བསྟར། ལག་བསྟར་ལ་ལྟ་སྐུལ་བཅས་བྱེད་རྒྱུའི་དབང་ཆ་ཁག་བགོས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ནས་ལག་བསྟར་བྱེད་པའི་ཐད་ཀྱི་ཀུན་མོས་ཡོང་ཚད་ཆེ་རུ་གཏོང་དགོས།

        བཞི། ལག་བསྟར་མཉམ་སྒུལ་གྱི་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་བཟོ་དགོས། རིམ་པ་ཁག་གི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ནས་ས་གནས་དང་སྡེ་ཚན་གྱི་སྲུང་སྐྱོབ་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། ཞིབ་དཔྱོད་དང་། སྤྱི་བདེ། ལྟ་ཞིབ། མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། རྒྱལ་ཁོངས་ས་ཐོན། འཛུགས་སྐྲུན། བཟོ་ཚོང་། ཁྲལ་དོན། ས་ཁང་དོ་དམ་བཅས་དང་དེ་བཞིན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་དང་འོས་སྐུལ་འོས་དཔོད་དོ་དམ་བྱེད་མཁན་སོགས་སྡེ་ཚན་དང་། དངུལ་ཁང་། འཛིན་ལོར། འགན་བཅོལ་སོགས་དངུལ་རྩའི་ལས་ཁུངས་བཅས་ཀྱིས་ཐེ་ཞུགས་བྱེད་པའི་ལག་བསྟར་མཉམ་སྒུལ་གྱི་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་གསལ་བཟོ་དང་། མཉམ་ཞུགས་གྲོས་ཚོགས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་དུས་བཀག་གམ་ཡང་ན་དུས་ངེས་མེད་ཐོག་ཚོགས་འདུ་སྐོང་ཚོགས་ཀྱིས་ཁོངས་ཞུགས་ཚན་པའི་ནུས་པ་འདོན་སྤེལ་བྱས་ནས་ཐུན་མོང་ཐོག་དམངས་དོན་ལག་བསྟར་ལས་དོན་སྤེལ་བའི་ནང་གི་དཀའ་ངལ་དང་གནད་དོན་ཐག་གཅོད་ཐུབ་པ་བྱེད་དགོས། མཉམ་ཞུགས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་གལ་ཆེའི་ལག་བསྟར་དོན་གནད་རིགས་འབྲེལ་ཡོད་སྡེ་ཚན་ལ་དོན་འཁྱོལ་བྱེད་རྒྱུར་སྤྲོད་དགོས་པ་དང་། དོན་འཁྱོལ་བྱས་ཚུལ་དེ་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་གི་དམིགས་ཚད་འགན་འཁྲིར་ཞིབ་དཔྱད་བྱེད་པའི་ཁོངས་སུ་འཇུག་དགོས།

        འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་འགན་ནུས་ལས་བགོས་ལྟར་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་རོགས་འདེགས་ཧུར་ཐག་བྱས་ནས་ལག་བསྟར་འཁེལ་མིས་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར་བྱེད་རིགས་སྔོན་འགོག་བྱེད་དགོས་པ་དང་། ལག་བསྟར་འཁེལ་མིའི་མ་དངུལ་བསྡུ་རྒྱུག་དང་། མ་འཇོགགཉེར་སྐྱོང་། རྒྱུ་ནོར་གསོག་སྒྲུབ། ཨར་ལས་འོས་སྐུལ་འོས་དཔོད། འོས་ཐོབ་ཞིབ་བཤེར་མཆན་འགོད། རྣམ་གྲངས་དོ་དམ། དབང་ཁོངས་ཐོ་འགོད་སོགས་བྱེད་རྒྱུའི་དོན་དག་རིགས་ལ་ངེས་པར་དུ་ཁྲིམས་ལུགས་ལྟར་དེ་མཚུངས་ཀྱི་ཚོད་འཛིན་བྱ་ཐབས་སྤྱད་ནས་དེར་རང་འགུལ་ཐོག་སྒྲུབ་ཏུ་འཇུག་དགོས། དངུལ་ཁང་དང་། འཛིན་ལོར། འགན་བཅོལ་སོགས་དངུལ་རྩའི་ལས་ཁུངས་ཀྱིས་ངེས་པར་དུ་མི་དམངས་ཁྲིམས་ཁང་ལ་གཞོགས་འདེགས་བྱས་ནས་ལག་བསྟར་ལས་དོན་ཐད་ཀྱི་འདྲི་རྩད་དང་། བསྡམས་འཇོགསྒྱུར་བཀག་བཅས་བྱེད་པའི་ལས་དོན་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། མི་དམངས་ཁྲིམས་ཁང་གིས་ལག་བསྟར་ལས་དོན་སྤེལ་བའི་ནང་ངེས་པར་དུ་ཁྲིམས་ལུགས་ལྟར་ཁང་པ་དང་། ས་ཆ། འཁོར་རིགས་སོགས་རྒྱུ་ནོར་གྱི་བདག་དབང་དང་སྤྱོད་དབང་ཐད་འདྲི་རྩད་བྱེད་རྒྱུ་དང་། སྒོ་ཐེལ་རྒྱག་རྒྱུ། བཙན་ཉར་བྱེད་རྒྱུ། བསྡམས་འཇོག་བྱེད་རྒྱུ། སྤོ་སྒྱུར་བྱེད་རྒྱུ་སོགས་ཀྱི་འགྲོ་ལུགས་སྒྲུབ་དགོས་པ་དང་། ཁྲིམས་ལུགས་ལྟར་རོགས་འདེགས་བྱེད་དགོས་པའི་འགན་འབབ་ཡོད་པའི་སྡེ་ཚན་དང་། ཚན་པ། མི་སྒེར་བཅས་ཀྱིས་ངེས་པར་དུ་འཕྲལ་མར་གཞོགས་འདེགས་དང་རོགས་རམ་བྱེད་དགོས་པ་ལས་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་ཐེ་ཇུས་དང་། རང་འགན་གཞན་དཀྲི། ནར་འགྱངས་གཏོང་བ་བཅས་བྱེད་མི་ཆོགརྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། དེའི་ལས་དོན་མི་སྣ་སོགས་ལག་བསྟར་འཁེལ་མི་ཡིན་ཕྱིན་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་དེར་བཅའ་ཁྲིམས་ཀྱི་འགན་བབས་སྒྲུབ་པའི་སྐུལ་ལྕག་བྱེད་དགོས།

        ལྔ། སྤྱི་ཚོགས་ཀྱི་ཟོལ་མེད་ཡིད་རྟོན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར (ས་གནས )ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ངེས་པར་དུ་རོགས་ལས་དམ་ཟབ་དང་ཆེད་ལས་འགན་བགོས་བྱེད་པའི་ཟོལ་མེད་ཡིད་རྟོན་འཕེར་ལམ་བཙུགས་ཐོག་མཚམས་སྦྱོར་ཐོག་འགོད་པ་དང་། ཁེ་ལས་དང་མི་སྒེར་གྱི་ཡིད་རྟོན་ཐོ་འགོད་རྒྱུད་ཁོངས་ནང་ཕབ་འཇུག་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སྤྱོད་ནུས་ཟིན་པའི་བཅའ་ཁྲིམས་ཀྱི་ཡིག་རིགས་ཐོག་གཏན་འཁེལ་བྱས་པའི་འགན་འབབ་མི་བསྒྲུབས་པའི་ལག་བསྟར་འཁེལ་མིའི་མིང་ངམ་ཡང་ན་ཚན་པའི་མིང་དང་། ཁྲིམས་བཅད་འཐུས་ཚབ། འགན་འཁུར་མི་སྣ་བཅས་ཀྱི་མིང་དང་དེ་བཞིན་འབྲེལ་ཡོད་ཆ་འཕྲིན་རྣམས་དུས་བཀག་ཐོག་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་ལག་བསྟར་ཆ་འཕྲིན་དེ་འཛུགས་སྐྲུན་དང་། བཟོ་ཚོང་། དངུལ་ཁང་སོགས་སྡེ་ཚན་གྱི་ཡིད་རྟོན་ཆ་འཕྲིན་དང་མཉམ་སྤྱོད་ཐུབ་པ་བཟོ་དགོས། ལག་བསྟར་འཁེལ་མིའི་རྒྱུ་ནོར་སྙན་འབུལ་དང་། དེའི་རྒྱུ་ནོར་ཐེར་འདོན་བྱེད་པར་བྱ་དགའ་སྤྲོད་རྒྱུ། ལག་བསྟར་ཆ་འཕྲིན་རྣམས་ཟོལ་མེད་ཡིད་རྟོན་རྒྱུད་ཁོངས་ནང་ཕབ་འཇུག་བྱེད་རྒྱུ་དང་། ལག་བསྟར་འཁེལ་མིའི་ལག་བསྟར་བྱེད་དགོས་པའི་ཆ་འཕྲིན་དམར་འདོན་བྱེད་རྒྱུ། ལག་བསྟར་འཁེལ་མིས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་སྒྲུབ་འགན་ལེན་པ་དང་དངུལ་བུན་གཡར་བར་བཀག་སྡོམ་བྱེད་རྒྱུ། ལག་བསྟར་འཁེལ་མི་རྒྱལ་མཚམས་ནས་ཕྱིར་འགྲོ་བར་བཀག་སྡོམ་བྱེད་རྒྱུ་སོགས་ཀྱི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་ལག་བསྟར་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

        དྲུག དམངས་དོན་ལག་བསྟར་གྱི་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་སྔར་བས་རྒྱབ་སྐྱོར་བྱས་ནས་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། ལག་བསྟར་གྱི་སྒྲིག་ཆས་ལེགས་བཅོས་བྱས་ཏེ་ལག་བསྟར་འགན་ལེན་ཐུབ་རྒྱུར་ཤུགས་སྣོན་རྒྱག་དགོས། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ལག་བསྟར་རེ་ཞུ་བྱེད་མཁན་ལ་རོགས་སྐྱོར་བྱེད་རྒྱུར་མཐོང་ཆེན་བྱས་ནས་ནོར་སྲིད་ནས་མ་དངུལ་གཏོང་རྒྱུ་དང་སྤྱི་ཚོགས་ནས་གྲབས་གསོག་བྱེད་རྒྱུ་ཟུང་འབྲེལ་བྱེད་པའི་རྩ་དོན་གཞིར་བཟུང་རིམ་བགོས་ཐོག་ལག་བསྟར་གྱི་རོགས་སྐྱོབ་ཐེབས་རྩ་བཙུགས་ཏེ་སྐབས་བསྟུན་འཕར་སྣོན་བྱེད་པ་དང་། དོ་དམ་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་ཆ་རྐྱེན་འཛོམས་པའི་རེ་ཞུ་བྱེད་མཁན་ལ་རོགས་སྐྱོབ་འོས་འཚམ་བྱེད་དགོས་པ་མ་ཟད། ལག་བསྟར་རོགས་སྐྱོབ་བྱེད་རྒྱུ་དེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱེད་ཁོངས་དང་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ནང་འཇུག་དགོས།

        བདུན། ལག་བསྟར་ལས་དོན་གྱི་རྣམ་པ་ཡག་པོ་ཞིག་གཏོད་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་། རིམ་ཁག་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། དེ་བཞིན་གསར་འགྱུར་མཚམས་སྦྱོར་ཚན་པ་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམངས་དོན་ལག་བསྟར་ལས་དོན་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་བསྟར་ལས་དོན་དེ་སྤྱི་ཚོགས་ཀྱིས་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་དགོས་པ་དང་། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་ལུགས་ལྟ་བ་ཤུགས་ཆེར་འགྲོ་བ་བྱས་ནས་སྤྱི་ཚོགས་ཡོངས་སུ་རྩིས་འགྲོ་ཡོད་པའི་དཔྱད་མཚམས་དང་ཁྲུན་བཅད། དེ་བཞིན་བཅའ་ཁྲིམས་ཀྱི་ཡིག་རིགས་གཞན་དག་བཅས་རང་འགུལ་གྱིས་སྒྲུབ་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་འཛུགས་ཐུབ་པ་བྱས་ཏེ་ལག་བསྟར་ལས་དོན་ཐད་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།

        བརྒྱད། ཁྲིམས་ལུགས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རིམ་ཁག་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་རྒྱལ་མཚམས་ནས་ཕྱིར་འགྲོ་བར་ཚོད་འཛིན་དང་། དངུལ་ཆད་གཅོད་པ། བཀག་ཉར་བྱེད་པ་སོགས་ཀྱི་བྱ་ཐབས་ཁྲིམས་ལྟར་འཚམ་པོ་སྤྱད་ནས་ལག་བསྟར་མི་བྱེད་པ་དང་། ལག་བསྟར་བྱེད་པར་རོགས་འདེགས་མི་བྱེད་པ། ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་བ། ལག་བསྟར་བྱེད་པར་གཏུམ་སྤྱོད་ཀྱིས་འགོག་རྒོལ་བྱེད་པ། ལག་བསྟར་བྱེད་པར་བསམ་ངན་གྱིས་ཞུ་གཏུག་བྱས་ནས་འགོག་རྒོལ་བྱེད་པ་སོགས་ཀྱི་བྱེད་སྤྱོད་ལ་ཉེས་ཆད་གཅོད་ཤུགས་ཆེ་རུ་གཏོང་དགོས། སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མི་དམངས་ཁྲིམས་ཁང་ལ་རོགས་འདེགས་ཀྱིས་ལག་བསྟར་འཁེལ་མིར་རྩད་ཞིབ་ལྟ་འདོམས་བྱེད་དགོས་པ་མ་ཟད། འཛུགས་སྐྲུན་དང་། བཟོ་ཚོང་། དངུལ་ཁང་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ལག་བསྟར་འཁེལ་མིའི་རྒྱུ་ནོར་རྩད་གཅོད་བྱས་ཏེ་ལག་བསྟར་འཁེལ་མི་དང་དེ་བཞིན་རྒྱུ་ནོར་ཐད་བཙན་ཤེད་ཀྱིས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལག་བསྟར་གཟུར་གཡོལ་བྱེད་པའི་བྱ་སྤྱོད་རིགས་གཅུན་འདོམས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མི་དམངས་ཁྲིམས་ཁང་ནས་མཁོ་འདོན་བྱས་པའི་ཁྲིམས་དོན་ཡིག་རིགས་གཞིར་བཟུང་ལག་བསྟར་འཁེལ་མི་རྒྱལ་མཚམས་ནས་ཕྱིར་རྒྱུའི་འགྲོ་ལུགས་སྒྲུབ་མཚམས་འཇོག་དགོས་པའམ་ཡང་ན་གནས་སྐབས་ཕྱིར་འགྱངས་གཏོང་དགོས་པ་དང་ཡང་ན་དེ་རྒྱལ་མཚམས་ནས་ཕྱིར་འགྲོ་མི་ཆོག་པ་བཟོ་དགོས། ལག་བསྟར་འཁེལ་མིས་རྩིས་འགྲོ་ཡོད་པའི་ཁྲིམས་དོན་ཡིག་རིགས་ཐོག་གཏན་འཁེལ་བྱས་པའི་འཇལ་འགན་མ་བསྒྲུབས་ཚེ་མི་དམངས་ཁྲིམས་ཁང་གིས་དེའི་འཛད་སྤྱོད་ཆེ་རིགས་ཚོད་འཛིན་བྱེད་ཆོག འབྲེལ་ཡོད་སྡེ་ཚན་དང་དེ་འབྲེལ་མི་སྣས་ཉེར་ཕྱོགས་གཡོ་ཟོལ་བྱེད་པའམ་ཡང་ན་ཚབས་ཆེའི་འགན་འཛོལ་ཤོར་ནས་ལག་བསྟར་གྱི་ལས་དོན་སྤེལ་ཐབས་བྲལ་བ་དང་། གཞུང་ཁོངས་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཚེ་ངེས་པར་དུ་ཁྲིམས་ལུགས་ལྟར་ཐད་ཀའི་འགན་འཁྲི་ཡོད་མིའི་འགན་འཁྲི་བདའ་འདེད་གཏོང་དགོས། ལག་བསྟར་འཁེལ་མི་དང་། ལག་བསྟར་གྱི་འགན་འབབ་སྒྲུབ་རྒྱུར་རོགས་འདེགས་བྱེད་མི་དང་དེ་བཞིན་གྱོད་འབྲེལ་མེད་པའི་མི་བཅས་ཀྱིས་ལག་བསྟར་གྱོད་དོན་གྱི་དཔང་རྟགས་རྫུན་བཟོ་དང་། སྦས་སྐུང་། མེད་པ་བཟོ་བ་བཅས་བྱས་པ་དང་། སྒོ་ཐེལ་གནོན་པ་དང་བཀར་ཉར་བྱས་པའི་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། འཚོང་སྒྱུར། གཏོར་སྐྱོན་གཏོང་བ་བཅས་བྱས་པ། ལག་བསྟར་བྱ་ཡུལ་དངོས་ལ་འུར་མཆོང་བྱེད་པའམ་ཡང་ན་ལག་བསྟར་བྱེད་མཁན་ལ་ཁ་རུབ་རྒྱག་པ་དང་ཉེས་རྡུང་གཏོང་བ་བཅས་བྱས་ན་མི་དམངས་ཁྲིམས་ཁང་གིས་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་དངུལ་ཆད་གཅོད་པ་དང་བཀག་ཉར་བྱེད་ཆོག་པ་དང་། ཉེས་གསོག་གི་ཚད་ལ་སླེབས་ཡོད་ཚེ་ཁྲིམས་ལུགས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས། ལག་བསྟར་མི་སྣས་རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ་ངེས་པར་དུ་ཁྲིམས་ལུགས་ལྟར་དེའི་ཉེས་འགན་བདའ་འདེད་གཏོང་དགོས།

        དགུ དམངས་དོན་ལག་བསྟར་ལ་ལྟ་སྐུལ་བྱེད་རྒྱུའི་ཕན་འབྲས་ཐོན་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་འཆར་གཞི་ཡོད་པའི་སྒོ་ནས་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་གྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་འཇོག་དང་དེར་གྲོས་ཞིབ་བྱེད་དགོས་པ་དང་། གཙོ་གནད་ཡོད་པའི་སྒོ་ནས་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་གྱི་ལས་དོན་ལ་ཞིབ་བཤེར་དང་རྟོག་ཞིབ་བྱས་ནས་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་གྱི་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་ཁྲིམས་ཁང་ལ་ཁྲིམས་ལུགས་ལྟར་དམངས་དོན་ལག་བསྟར་གྱི་ལས་དོན་སྤེལ་དགོས་པའི་སྐུལ་འདེད་གཏོང་དགོས། རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་གིས་ངེས་པར་དུ་ཁྲིམས་ལུགས་ལྟར་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་བཅའ་ཁྲིམས་ཐོག་ནས་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        བཅུ། དམངས་དོན་ལག་བསྟར་ལས་དོན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ཚན་པ་གཞན་དག་བཅས་དང་མཉམ་འབྲེལ་ལམ་ཡང་ན་ཁག་བགོས་ཐོག་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་རྒྱུའི་འབྲེལ་ཡོད་གཏན་འབེབས་བཟོ་འགོད་བྱེད་དགོས།

        བཅུ་གཅིག གཏན་འབེབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།