དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསྲུང་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        〔2011〕ལོའི་ཡིག་ཨང་3པ། ਍ 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསྲུང་བྱ 》དེ་2011ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་ཡོད། བཟོ་བཅོས་བྱས་རྗེས་ཀྱི 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསྲུང་བྱ 》སྤྱི་བསྒྲགས་བྱེད་རྒྱུ་དང་སྦྲགས་གྲོས་འཆམ་བྱུང་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་ད་ལྟ་ཆེད་དུ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2011ལོའི་ཟླ་5ཚེས་27ལ།

        དོན་ཚན་དང་པོ། རྒྱུན་ལས་ཨུ་ལྷན་གྱི་རྩ་འཛུགས་ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་འགན་དབང་སྤྱོད་པའི་བྱ་སྤྱོད་ཚད་ལྡན་བཟོས་ནས་དེས་ཁྲིམས་བཞིན་འགན་ནུས་བསྒྲུབ་རྒྱུ་འགན་སྲུང་བྱེད་ཆེད། རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་བསྲུང་བྱ་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་མཐའ་འཁྱོངས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།

        དོན་ཚན་གསུམ་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལ་སྲུང་བརྩི་ཞུས་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཆོད་དང་གཏན་འབེབས་ལག་བསྟར་བྱས་ཏེ་རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།

        དོན་ཚན་བཞི་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག དཔལ་འབྱོར་དང་། ཚན་རྩལ། སྤྱི་ཚོགས་དོ་དམ་སོགས་ཐད་ཀྱི་ཤེས་བྱ་བཅས་སློབ་སྦྱོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱུན་ལས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་སྦྱོང་བརྡར་ནང་ཧུར་ཐག་ཞུགས་ནས་འགན་དབང་ལག་བསྟར་བྱེད་རྒྱུར་མཁོ་བའི་དགོས་ངེས་ཀྱི་ཤེས་བྱ་རྣམས་ཁོང་དུ་ཆུད་པ་བྱས་ཏེ་འགན་འཁྲི་ལག་བསྟར་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

        དོན་ཚན་ལྔ་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་ལོ་འཁོར་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཁག་གི་སྔོན་གཏན་འཁེལ་བའི་དུས་ཚེས་གཞིར་བཟུང་རང་འཁྲིའི་ལས་ཀ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་གཞན་དག་ཐག་གཅོད་འཚམ་པོ་བྱས་ཏེ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བཀོད་སྒྲིག་དང་ལེན་ཞུ་དགོས།

        དོན་ཚན་དྲུག་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་དུས་ཐོག་ཏུ་ཞུགས་དགོས། ན་བའམ་ཡང་ན་དེ་མིན་གནས་ཚུལ་གྱིས་རྐྱེན་པས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞུགས་མ་ཐུབ་ཚེ་ངེས་པར་དུ་རྒྱུན་ལས་ཨུ་ལྷན་དོན་གཅོད་ཐིང་བརྒྱུད་ནས་ཀྲུའུ་རེན་ལ་དགོངས་པ་ཞུ་དགོས་པ་དང་། དགོངས་འཁྲོལ་བྱུང་རྗེས་གཞི་ནས་རྩིས་འགྲོ་ཡོད་པ་ཡིན། རྒྱུན་ལས་ཨུ་ལྷན་གྱི་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུར་ཞུགས་མ་ཐུབ་ཚེ་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེའམ་ཡང་ན་ཚོགས་འདུ་སྐོང་ཚོགས་བྱེད་མཁན་ལ་དགོངས་པ་ཞུ་དགོས།

        དོན་ཚན་བདུན་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིར་དམིགས་བསལ་གྱི་རྒྱུ་རྐྱེན་ཕུད། ལོ་གཅིག་ནང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞུགས་མ་ཐུབ་པའི་ཐེངས་གྲངས་དེ་ལོ་འཁོར་གྱི་སྤྱིའི་ཐེངས་གྲངས་ཀྱི་ཕྱེད་ཀ་ཡན་ཟིན་ཞིང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་འགན་འཁྲི་འཁུར་ཐབས་བྲལ་ཚེ། ངེས་པར་དུ་རྒྱུན་ལས་ཨུ་ལྷན་ལ་ལས་ཁུར་རྩ་དགོངས་ཞུ་དགོས།

        དོན་ཚན་བརྒྱད་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞུགས་པའི་སྐོར་རྒྱུན་ལས་ཨུ་ལྷན་དོན་གཅོད་ཐིང་གིས་བསྡོམས་རྩིས་བརྒྱབ་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ལ་སྙན་སེང་ཞུ་རྒྱུ་མ་ཟད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིར་བརྡ་ཁྱབ་གཏོང་རྒྱུ།

        དོན་ཚན་དགུ་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ཁང་གི་དོན་གྲོས་ལམ་སྲོལ 》དང་དེ་མིན་གྱི་འབྲེལ་ཡོད་གཏན་འབེབས་ལ་སྲུང་བརྩི་ཞུ་དགོས། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞུགས་སྐབས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀ་དང་འབྲེལ་བ་མེད་པའི་དོན་དག་རིགས་སྒྲུབ་མི་ཆོག

        དོན་ཚན་བཅུ་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་གྲོས་འཆར་ལ་བརྡས་ཐག་གཅོད་པའི་ནང་ཞུགས་དགོས་པ་མ་ཟད། ཁྲིམས་བཞིན་བརྡས་ཐག་བཅད་འབྲས་ལ་དང་ལེན་ཞུ་དགོས། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཚོགས་འདུ་གཙོ་སྐྱོང་བས་གྲོས་འཆར་ལ་བརྡས་ཐག་བཅད་ཟིན་པའི་ཁྱབ་བསྒྲགས་བྱས་རྗེས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་གྲོས་འཆར་དེར་བསྐྱར་དུ་བསམ་འཆར་འདོན་མི་ཆོག འོན་ཀྱང་བརྡས་ཐག་གཅོད་རྒྱུ་དང་འབྲེལ་བའི་བྱ་རིམ་སྐོར་གྱི་གནས་ཚུལ་རིགས་འདིར་ཚུད་མེད།

        དོན་ཚན་བཅུ་གཅིག་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བརྡ་ཐོ་གཞིར་བཟུང་ཚོགས་འདུའི་གྲོས་དོན་ལ་དམིགས་ཏེ་ཚོགས་འདུའི་འབྲེལ་ཡོད་ཡིག་ཆ་དང་དཔྱད་ཡིག་ནན་ཏན་ལྟ་ཀློག་བྱས་ནས་ཚོགས་འདུའི་གྲོས་དོན་སྐོར་ལ་གྲོས་ཞིབ་བྱེད་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས།

        དོན་ཚན་བཅུ་གཉིས་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་རྒྱུན་ལས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་དང་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུའི་ཐོག་ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་གྱི་ཚབ་བྱས་ཏེ་ཚོགས་འདུའི་གྲོས་དོན་ལ་དམིགས་ནས་བསམ་འཆར་འདོན་དགོས། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གཏམ་བཤད་བྱས་རིགས་ལ་བཅའ་ཁྲིམས་ཐོག་ནས་བདའ་འདེད་གཏོང་རྒྱུ་མིན།

        དོན་ཚན་བཅུ་གསུམ་པ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་མ་འཚོག་པའི་རིང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་རྒྱུན་ལས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་བརྟག་ཞིབ་དང་། བརྟག་དཔྱད། ཁྲིམས་སྒྱུར་ཞིབ་བཤེར། དཔྱད་གདེང་སོགས་ཀྱི་བྱེད་སྒོར་ཞུགས་དགོས། བརྟག་ཞིབ་དང་། བརྟག་དཔྱད། ཞིབ་བཤེར། དཔྱད་གདེང་བཅས་བྱ་ཡུལ་སྡེ་ཚན་ལ་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་འདོན་ཆོག་མོད། འོན་ཀྱང་ཐད་ཀར་གནད་དོན་ཐག་གཅོད་བྱེད་མི་རུང་། གནད་དོན་ཐག་གཅོད་བྱེད་དགོས་རིགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལུགས་ལྟར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་གཉེར་སྒྲུབ་བྱེད་དགོས་པའི་སྐུལ་ལྕག་བྱེད་རྒྱུ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དེ་བརྟག་ཞིབ་དང་། བརྟག་དཔྱད། ཞིབ་བཤེར། དཔྱད་གདེང་སོགས་ལྟ་སྐུལ་བྱ་ཡུལ་དང་ཐད་ཀའི་ཁེ་གྱོང་གི་འབྲེལ་བ་ཡོད་པའམ་ཡང་ན་འགན་ནུས་ལག་བསྟར་དྲང་གཞག་བྱེད་རྒྱུར་ཤུགས་རྐྱེན་ཐེབས་བཟོ་ཡོད་ཚེ་ངེས་པར་དུ་གཡོལ་དགོས།

        དོན་ཚན་བཅུ་བཞི་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས་མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་ཉན་དགོས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་རེ་རེས་ངེས་པར་དུ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གསུམ་ཡན་དང་གཏན་འཇགས་ངང་འབྲེལ་བ་འཛུགས་དགོས་པ་མ་ཟད། སྐབས་བསྟུན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གནས་ཚུལ་སྙན་སེང་ཞུ་བ་དང་། གྲོས་འཆར་འདོན་དགོས།

        དོན་ཚན་བཅོ་ལྔ་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གོ་གནས་འཁུར་ཡོད་ཚེ། ངེས་པར་དུ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ལམ་སྲོལ་དང་ལམ་ལུགས་ལ་བརྩི་སྲུང་ཞུ་དགོས་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཞུགས་དགོས།

        དོན་ཚན་བཅུ་དྲུག་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་སྲི་ཞུ་སྤྱོད་གཙང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚུལ་མིན་གྱི་ཁེ་ཕན་ཐོབ་ཐབས་བྱེད་མི་ཆོག་པ་དང་རང་རྟོགས་ངང་རྒྱུན་ལས་ཨུ་ལྷན་གྱི་མཚན་སྙན་སྲུང་སྐྱོང་བྱེད་དགོས།

        དོན་ཚན་བཅུ་བདུན་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་རྒྱལ་ཁབ་ཀྱི་གསང་གནད་སྲུང་དགོས། གཏན་འབེབས་ནང་འཁོད་ཡོངས་བསྒྲགས་བྱེད་མི་རུང་བའི་ནང་དོན་རིགས་ཐབས་རྣམ་གང་རུང་ལ་བརྟེན་ནས་སྒྲོག་སྤེལ་བྱེད་མི་ཆོག

        དོན་ཚན་བཅོ་བརྒྱད་པ། ཕྱི་དོན་བྱེད་སྒོའི་ནང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ངེས་པར་དུ་ཕྱི་དོན་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་སྲུང་སྐྱོབ་བྱེད་དགོས།

        དོན་ཚན་བཅུ་དགུ་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་བསྲུང་བྱ་འདི་དང་རྒྱབ་འགལ་བྱས་ཏེ་མཇུག་འབྲས་ངན་པ་བཟོས་རིགས་ངེས་པར་དུ་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་སྐྱོན་ཞིབ་བྱེད་དགོས་པ་དང་། གནས་ཚུལ་ཚབས་ཆེན་ཡིན་ཚེ་ངེས་པར་དུ་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་གོ་གནས་དགོངས་ཞུ་བྱེད་དགོས།

        དོན་ཚན་ཉི་ཤུ་པ། བསྲུང་བྱ་འདི་གྲོས་འཆམ་བྱུང་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

        (ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།