དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་དྲིལ་བསྒྲགས་གནད་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ད་ལོའི་ལོ་སྨད་དུ་ང་ཚོའི་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་རྒྱུ་ཡིན་ཞིང་། དེ་ནི་ང་ཚོའི་ཏང་གིས་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་འགག་རྩའི་དུས་སྐབས་དང་། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་གང་མགྱོགས་བརྗེ་སྒྱུར་བྱེད་རྒྱུའི་འགག་སྒྲོལ་དུས་སྐབས་བཅས་སུ་འཚོགས་པའི་འཐུས་མི་ཚོགས་ཆེན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་པས། ང་ཚོའི་ཏང་གིས་སྔ་འཛིན་རྗེས་མཐུད་དང་མ་འོངས་གསར་གཏོད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུར་འཕྲལ་ཕུགས་གཉིས་ལ་དགེ་བའི་དོན་སྙིང་ཆེན་པོ་ལྡན་ཡོད། ད་ལོའི་ཟླ་7ཚེས་23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་དང་མིག་རྒྱང་རིང་པོའི་ཐོག་ནས་རང་རྒྱལ་ལ་འཕྲད་པའི་དུས་བབ་གསར་པའི་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་རླབས་ཆེན་ལག་ལེན་དངོས་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་ཁག་ལ་ཚན་རིག་དང་མཐུན་པའི་འཆད་འགྲེལ། ཏང་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་གོང་འཕེལ་ཐད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་འདེབས་གཏིང་ཟབ་བཅས་བྱས་ཡོད་པས། གསུང་བཤད་ཁྱོན་ཡོངས་ནང་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་སྟོང་དང་ལྡན་ཞིང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་། དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་ཡིན་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་ཚོགས་རྒྱུར་ཆབ་སྲིད་དང་། བསམ་བློ། རིགས་གཞུང་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་བཏིང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་རྒྱུར་མཐོང་ཆེན་པོ་གནང་སྟེ། ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གལ་ཆེའི་ཆབ་སྲིད་ལས་འགན་ལ་བརྩིས་ཐོག སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་། སྙིང་སྟོབས་རབ་འཕེལ། གསར་གཏོད་ཡར་བརྩོན། ལས་དོན་ཏན་ཏིག་བསྒྲུབ་པ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་བ་ཞུ་དགོས།

        གཅིག ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་ཐོབ་པ་ནི་སྔ་ཕྱི་བར་གསུམ་དུ་བོད་ལྗོངས་དར་རྒྱས་ཡར་ཐོན་དང་མི་དམངས་བདེ་སྐྱིད་ཁམས་བཟང་བྱུང་བའི་སྲ་ཞིང་བརྟན་པའི་འགན་ལེན་ཡིན།

        ཀྲུང་གོ་གསར་པ་བཙུགས་ཚུན་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་བསྟུན་ནས་དུས་རབས་ཀྱི་འཕེལ་རྒྱུན་དང་མི་དམངས་ཀྱི་རེ་བ་ཡང་དག་ཁོང་དུ་ཆུད་པ་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་ཡོང་ཐབས་བྱས་པ་མ་ཟད། དམངས་གཙོའི་བཅོས་སྒྱུར་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར། གཞི་ཁྱོན་ཆེ་བའི་དེང་རབས་ཅན་འཛུགས་སྐྲུན་དང་བསྒྱུར་བཅོས་སྒོ་དབྱེ་སོགས་ཀྱི་གལ་ཆེའི་ཐབས་ཇུས་དང་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་ཡོད།

        (གཅིག )ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་གཟིགས་མཐོང་ཆེན་པོ་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད།

        མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་བློ་མཐུན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་བ་དང་། ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ། སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ནང་གི་གལ་ཆེའི་གནས་བབ་ཏུ་བཞག་ནས་མཛུབ་ཁྲིད་ཞིབ་ཚགས་གནང་ཞིང་ཐུགས་ནུས་ཆེན་པོ་བཏོན་གནང་ཡོད།

        —— བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོས་མིག་རྒྱང་རིང་པོ་དང་དུས་བབ་ཕྱག་གཟིགས་ཀྱིས་བློ་ཐག་ཆོད་པོས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་གལ་ཆེའི་ཇུས་ཐག་བཅད་པ་རེད། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་བོད་ལྗོངས་འདི་ཉིད་ཞི་བའི་བཅིངས་འགྲོལ་ཐོབ་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་བཏང་ནས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་དང་མེས་རྒྱལ་གོང་བུ་གཅིག་གྱུར་བྱེད་པ་དེ་གོང་འཕེལ་གྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་དང་། བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད། དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་ནས་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་མི་དམངས་ལ་མི་ལོ་བརྒྱ་ཕྲག་གི་གཉའ་གནོན་གཏོང་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་པ་དང་། མི་དམངས་རང་ཁྱིམ་རང་བདག་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཡོད། དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཐད་མར་ཁེ་སི་རིང་ལུགས་བེད་སྤྱོད་དང་གོང་འཕེལ་བཏང་བའི་འོད་ཟེར་སྟོང་ལྡན་གྱི་མིག་དཔེ་ཡིན་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་རིག་དང་ཐབས་མཆོག་ཇུས་བཟང་འབུར་དུ་མངོན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོའི་ཡང་དག་པའི་འགོ་ཁྲིད་དེ་འདྲ་ཞིག་བྱུང་བའི་འོག བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་བྱུང་བ་དང་མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་དེ་དར་རྒྱས་ཡར་ཐོན་ལྡན་པའི་དུས་རབས་གསར་པའི་སྒོ་མོ་ཕྱེ་ཡོད།

        —— བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པས་བོད་ཀྱི་གོང་འཕེལ་ཡར་ཐོན་འགྲོ་བའི་བྱ་གཞག་ལ་མུ་མཐུད་མཐོང་ཆེན་གནང་སྟེ་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཇུས་ཆེ་ཁག་རབ་དང་རིམ་པ་བཏོན་ཡོད། 1980ལོ་དང་1984ལོར་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་སྐོང་ཚོགས་བྱས་ཏེ་བོད་ལ་དཔལ་འབྱོར་གོང་འཕེལ་དང་ཤེད་ལེན་སྤུ་སྐྱེས་ཡོང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ནས་བོད་ལ་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་འགྲོ་རྒྱུར་འགན་སྲུང་ཤུགས་ཆེ་བྱས་ཡོད། བོད་གོང་འཕེལ་དང་ཡར་རྒྱས་ཡོང་བར་འཕྲད་པའི་འགལ་རྐྱེན་སྣ་ཚོགས་ལ་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཁག་གི་མཐུན་སྒྲིལ་ལ་ཤུགས་སྣོན་དང་གོང་འཕེལ་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད་བློ་མཐུན་ཏེང་ཞའོ་ཕིང་གིས 《མི་རིགས་འདྲ་མཉམ་ཡོང་བར་བསྟུན་པ་དང་བོད་ལྗོངས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས 》ཞེས་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆའི་ནང་“འགག་རྩ་ནི་ཇི་ལྟར་བྱས་ན་གཞི་ནས་བོད་མི་དམངས་ལ་ཕན་འདོགས་ཐུབ་པ་དང་། ཇི་ལྟར་བྱས་ན་གཞི་ནས་བོད་ལྗོངས་འདི་ཉིད་གོང་འཕེལ་མགྱོགས་པོ་བྱུང་ནས་ཀྲུང་གོའི་དེང་རབས་ཅན་བཞི་འཛུགས་སྐྲུན་བྱེད་པའི་ནང་མདུན་གྲལ་དུ་སྐྱོད་ཐུབ་པ་བྱེད་རྒྱུའི ”ཆོད་གཏམ་གྲགས་ཅན་བཏོན་ཡོད་པ་དེས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་ཆེན་པོ་བཏང་ནས་བོད་ལྗོངས་གོང་འཕེལ་དང་ཡར་ཐོན་ཡོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། དེ་དང་ཕྱོགས་མཚུངས་དུས་རབས་20པའི་ལོ་རབས་80ཡི་དུས་མཇུག་ཏུ་རྒྱལ་སྤྱིའི་དགྲ་འཛིན་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་བོད་ཀྱི་སྤྱི་ཚོགས་སྒྲིག་ལམ་དང་གོང་འཕེལ་གྱི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་གནས་ཚུལ་འོག བློ་མཐུན་ཏེང་ཞའོ་ཕིང་གིས “བོད་ལྗོངས་ཀྲུང་གོ་ནས་ཁ་ཕྲལ་གཏོང་བར་སུ་ལའང་འཇོན་ཐང་དེ་མེད ”ཅེས་གསལ་སྟོན་གནང་ཡོད། དེའི་ཐོག་ནས་མི་རིགས་ཁག་གི་མི་དམངས་ལ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་ཐོབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་འགྲོ་རྒྱུར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། དེར་བརྟེན་བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པའི་ཡང་དག་པའི་འགོ་ཁྲིད་དེ་འདྲ་ཞིག་བྱུང་བའི་འོག བོད་ལྗོངས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་མེས་རྒྱལ་ཁ་ཕྲལ་གཏོང་བའི་གཡོ་ཇུས་ཐལ་བའི་རྡུལ་དུ་བརླག་པ་དང་། དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་སྒོ་སྡོམ་ནས་སྒོ་དབྱེ་དང་དབུལ་ཕོངས་ནས་འབྱོར་ཕྱུག་ལྡན་པའི་ཕྱོགས་སུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐུབ་པ་བྱུང་ཡོད།

        —— བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པས་དུས་བབ་གསར་པའི་འོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་བསྟུན་ནས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་མཚོན་པར་བྱེད་པའི་བླང་བྱ་གཞིར་བཟུང་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་གཏོང་བའི་མདུན་སྐྱོད་ཀྱི་འགྲོ་ལམ་ཟམ་མི་ཆད་པར་གསར་གཏོད་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཚོན་པར་བྱས་ནས་བོད་ཀྱི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བར་སྐུལ་འདེད་ཟམ་མི་ཆད་པ་བཏང་བ། ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མཚོན་པར་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་གོང་འཕེལ་ཐུབ་པ་བྱས་ཡོད། བོད་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་དུས་བབ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཤུགས་རྐྱེན་བཟོ་བའི་བརྟན་ལྷིང་ལ་གནོད་པའི་རྐྱེན་རྩའི་མདུན་དུ་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད་ཚོགས་འདུ་འཚོགས་ནས་བོད་ཀྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ཏེ་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བསམ་འཆར་དོན་ཚན་10བཟོས་ཤིང་། དེ་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་སྒྱུར་ས་ཞིག་ཏུ་གྱུར་ཡོད། 1994ལོ་དང་2001ལོར་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པ་འཚོགས་ནས “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ ”བཅས་ཀྱི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་མཛད་ཕྱོགས་གཏན་འཁེལ་བྱས་པ་དང་། “ཤུགས་སྣོན་གཅིག་དང་སྐུལ་འདེད་གཉིས ”བྱེད་དགོས་པའི་ལས་འགན་གསུམ་བཏོན་ཐོག རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་དང་བོད་ལྗོངས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་གལ་ཆེའི་ཇུས་གཞི་བཏོན་ནས་ག་སྦྱར་བོད་སྐྱོར་གྱི་ལས་དོན་ལམ་སྲོལ་སྔར་བས་འཐུས་ཚང་བཙུགས་ཏེ་དུས་སྐབས་གསར་པའི་ནང་བོད་གོང་འཕེལ་དང་བརྟན་ལྷིང་ཡོང་བའི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལམ་ཚད་རྡོ་རིང་གཉིས་སུ་གྱུར་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་ཡང་དག་པའི་འགོ་ཁྲིད་དེ་ལྟ་བུ་བྱུང་བའི་འོག་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་ཐོབ་སྟེ་བོད་ལྗོངས་ཀྱིས “ཁ་སྒྱུར་གཅིག་དང་ལམ་ཚད་རྡོ་རིང་གཉིས ”ཀྱི་འོད་སྟོང་འཕྲོ་བའི་ལག་ལེན་དངོས་བརྒྱུད་དེ་དཔལ་འབྱོར་གོང་འཕེལ་འགྲོ་མགྱོགས་ཤོས་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་བྱུང་རིང་ཤོས་ཀྱི་དུས་བཟང་དུ་བསྐྱོད་ཡོད།

        —— བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ལ་སྔར་བས་མཐོང་ཆེན་གནང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་ལེའུ་གསར་པ་ཞིག་བརྩམས་ཡོད། 1993ལོ་ནས་2012ལོ་བར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ལོ་20བསྟུད་མར་རྒྱལ་ཡོངས “ཚོགས་འདུ་གཉིས ”ཀྱི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པ་གནང་ནས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་སྟོན་པ་དང་། དམིགས་ཚད་གཏན་འཁེལ་བྱེད་པ། ཧུར་སེམས་ལ་སྐུལ་མ་གཏོང་བ་བཅས་བྱས་པར་བརྟེན་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་སྐུལ་ལྕག་ཚད་མེད་ཐེབས་ཡོད། 2005ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ཀྱི་ལས་དོན་ཐད་ཆེད་དོན་ཞིབ་འཇུག་གནང་སྟེ 《སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར 》བཟོ་གྲུབ་བྱས་ཏེ་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། གོང་འཕེལ་གྱི་འཐབ་ཇུས། དམིགས་ཚད་ལས་འགན། དེ་བཞིན་སྲིད་ཇུས་བྱ་ཐབས་བཅས་གཏན་འཁེལ་བྱས་ཡོད། 2010ལོའི་ཟླ་དང་པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་ཏེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། དེ་བཞིན་ལས་ཀའི་བླང་བྱ་བཅས་ཁ་གསལ་བཏོན་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ཞིང་། 2020ལོར་སླེབས་སྐབས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་ཀྱི་དུང་བརྡ་གསར་པ་བཏང་ཡོད། 2012ལོའི་ཟླ་3ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི “མུ་མཐུད་ཤུགས་རྒྱག་དགོས་པ་ལྔའི ”སྐོར་གྱི་གལ་ཆེའི་མཛུབ་སྟོན་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་གྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དེ་འདྲ་ཞིག་བྱུང་བའི་འོག་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་། ང་ཚོའི་ཏང་གི་བོད་ཀྱི་ལས་དོན་གྱི་ལོ་རྒྱུས་ཐོག་སླར་ཡང་ལམ་ཚད་རྡོ་རིང་གསར་པ་ཞིག་བཏོད་ཡོད། 2011ལོའི་ཟླ་7ཚེས་17ཉིན་ནས་ཚེས་22ཉིན་བར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བཀའ་མངགས་ལྟར་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་ཐོག ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་བསྣམས་ཡོད། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་གལ་ཆེའི་གསུང་བཤད་དང་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པ་གནང་བ་དེས་ང་ཚོས་མུ་མཐུད་བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་གལ་ཆེའི་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད།

        (གཉིས )ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་དུ་ཏང་གིས་བོད་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་སྐྲུན་པའི་རྣམ་པ་གསར་རྐྱང་བཏོད་ཡོད།

        ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་ལོ་10ནི་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་ཤོས་དང་ཏང་གི་བོད་སྐྱོང་འཐབ་ཇུས་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བའི་ལོ་10ཡིན་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་མ་དངུལ་འཇོག་ཤུགས་ཆེ་ཤོས་དང་། རྣམ་གྲངས་འཛུགས་སྐྲུན་མང་ཤོས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ཕན་འབྲས་ཐོན་རྒྱུ་མངོན་གསལ་དོད་ཤོས་བཅས་ཀྱི་ལོ་10ཡིན་པ། རང་ལྗོངས་ཀྱིས་རང་འགུལ་ངང་དོན་ཆེན་དམ་འཛིན་ཡག་པོ་དང་དཀའ་གནད་ཐག་གཅོད་ཡག་པོ་བྱས་ནས་ཚོད་བགམ་སྣ་ཚོགས་ཐེག་པའི་ལོ་10ཡིན་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེ་སོང་བའི་ལོ་10ཡིན་པ། རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་ཤོས་དང་ག་སྦྱར་བོད་སྐྱོར་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་རྒྱ་ཆེར་སོང་བའི་ལོ་10ཡིན་པ། ཏང་འཛུགས་སྐྱོང་བྱེད་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ་དང་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་སོང་བའི་ལོ་10ཡིན་པ་བཅས་ཀྱི་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གལ་ཆེའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་ཡོད།

        —— ཏང་གིས་བོད་ཀྱི་ལས་དོན་ལ་འཛིན་པའི་རིགས་པའི་གཞུང་ལུགས་ཀྱི་བསམ་གཞི་གསར་པ་གཏོད་ཡོད་པ། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པར་གཞིགས་ཏེ་བོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་གལ་ཆེའི་དགོངས་པ་རབ་དང་རིམ་པ་སྙིང་བསྡུས་གནང་སྟེ་གོང་འཕེལ་དང་བརྟན་ལྷིང་གི་སྡིང་རྩའི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་བ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་ཏུ་གཏོང་བ། བོད་ཀྱི་ལས་དོན་སྐོར་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། མཛུབ་ཁྲིད་བསམ་བློ། གོང་འཕེལ་གྱི་འཐབ་ཇུས། དམིགས་ཚད་ལས་འགན་སོགས་ཀྱི་ཐད་གལ་ཆེའི་ལྟ་བ་དང་། གལ་ཆེའི་ངོས་འཛིན། གལ་ཆེའི་ཆོད་གཏམ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག བོད་ཀྱི་སྤྱི་ཚོགས་ནང་གནས་པའི་གཙོ་བའི་འགལ་ཟླ་དང་དམིགས་བསལ་གྱི་འགལ་ཟླར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་འདེབས་བྱས་པ་དང་། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་རྒྱུན་འཛིན་དང་། ཁ་གསབ། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ཀྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་གྲུབ་པའི་ཐོག ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུའི་བསམ་བློ་ཁ་གསལ་བཏོན་ནས་བོད་ལྗོངས་བཅོས་སྐྱོང་དང་། བོད་ལྗོངས་བརྟན་ལྷིང་། བོད་ལྗོངས་དར་རྒྱས་བཅས་ཡོང་བའི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིག་ཆགས་ཡོད། དེ་ཡང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་བླང་བྱ་གཞིར་བཟུང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་བས་ལེགས་ཤིང་མྱུར་ལ་ཆེ་བའི་སྒོ་ནས་སྐུལ་སྤེལ་གཏོང་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་ཏུ་བཏང་སྟེ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཟོས་ནས་ཐོག་མཐའ་བར་གསུམ་དུ་འཐབ་རྩོད་ཀྱི་དབང་ཆ་རང་ལག་ཏུ་དམ་པོར་འཛིན་དགོས་པ། དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་ལས་དོན་མཐའ་དག་གི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ཐོག ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས་མི་རིགས་ཁག་གི་མི་དམངས་རྣམས་ལ་བསྒྱུར་བཅོས་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་དམངས་འཚོ་ལེགས་བཅོས་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ཐོག རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་སྟེ་སྔོན་ཐོན་རིག་གནས་གཞི་རིམ་དང་དགོན་སྡེར་སླེབས་པ་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པ། རྨང་རྩ་གཉིས་བརྟན་དང་མི་སེམས་འགུགས་ཐབས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞི་བརྟན་དུ་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་པ་བཅས་ཁ་གསལ་བཏོན་ཡོད། ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་དུ་ཏང་གི་བོད་ཀྱི་ལས་དོན་ཐད་བཏོན་པའི་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དེ་ནི་ང་ཚོའི་ཏང་གི་དུས་ཡུན་རིང་པོའི་ནང་གི་བོད་སྐྱོང་འཐབ་ཇུས་དང་གཅིག་རྒྱུན་གཅིག་འཛིན་བྱས་པ་ཞིག་ཡིན་ལ་བོད་ཀྱི་ལས་དོན་འདི་ཉིད་དུས་མཐུན་ཡར་རྒྱས་བྱུང་བའང་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གཞི་རྩའི་ཆོས་ཉིད་དང་ཡོངས་སུ་མཐུན་པས་དེ་ནི་བོད་ཀྱི་ལས་དོན་ཁྲོད་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། དེ་བཞིན་གཞི་རྩའི་ཉམས་མྱོང་བཅས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་ཞིག་དང་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་སྟོབས་ཆེའི་མཚོན་ཆ་ཞིག་དང་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད།

        —— བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོས་ཡོད་པ། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ཏང་ཀྲུང་དབྱང་གིས་དམིགས་བསལ་གཟིགས་སྐྱོང་དང་གཞོགས་སྐྱོར་གྱི་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་གནང་ཡོད་ཅིང་། དེའི་ནང་མ་འཇོག་དང་། ནོར་སྲིད་ཁྲལ་བསྡུ། དངུལ་རྩ། འབྱུང་ཁམས་ལེགས་སྐྱོང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ། སྤྱི་ཚོགས་བྱ་གཞག གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ། གླ་ཕོགས་ཐོབ་ཐང་། ག་སྦྱར་རོགས་སྐྱོར་སོགས་ཚུད་ཡོད། 2006ལོར་ཀྲུང་དབྱང་གིས་བོད་འདི་ཉིད་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ཁག་40གཏན་འབེབས་བྱས་ཡོད་ཅིང་། དེ་དག “ཞིང་གསུམ ”དང་། ནོར་སྲིད་དངུལ་རྩ། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུ། སྤྱི་ཚོགས་འགན་སྲུང་། ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་སོགས་ཕྱོགས་10དང་འབྲེལ་བ་ཡོད། 2008ལོའི་ཟླ་7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས 《ཉེ་དུས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བསམ་འཆར 》གཤམ་སྤེལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ཐག་གཅོད་བྱེད་དགོས་པའི་གཙོ་བོའི་གནད་དོན་ལ་དམིགས་ཏེ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོ་འདོན་བྱས་པ་མ་ཟད། ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་བཀོད་སྒྲིག་གིས་ཐག་གཅོད་བྱེད་རོགས་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། ལྷག་པར་དུ་2010ལོའི་ཟླ་དང་པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་ནས་བོད་ལ་སྔར་བས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གནང་རྒྱུའི་གཏན་འབེབས་བྱས་པ་དེ་ཡང་གཅིག་ནི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེ་བཏང་སྟེ་ལས་ཞུགས་པ་མེད་པའི་ཁྱིམ་ཚང་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་གྲོང་མིའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་གཞི་རྩའི་ཆར་ཡོངས་སུ་ཁྱབ་ཐུབ་པ་བྱེད་རྒྱུ་བཅས་ཡིན་པ་དང་། གཉིས་ནི་འགན་བབས་སློབ་གསོ་གཉེར་རྒྱུ་དང་མཐོ་རིམ་དུས་མཚམས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཚང་མར “འགན་ལེན་གསུམ ”གྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་། རྒྱལ་ཁབ་ནས་ཞིང་འབྲོག་མང་ཚོགས་ལ་ཁ་གསབ་སྤྲོད་པའི་སྨན་བཅོས་ཀྱི་ཚད་གཞི་དང་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཕུལ་བྱུང་གི་བོད་ཡིག་དཔེ་དེབ་དང་སྒྲ་ཕབ་བཪྙན་འཇུག་དངོས་རིགས་དཔེ་སྐྲུན་བྱེད་རྒྱུར་གཞོགས་སྐྱོར་བྱེད་རྒྱུ། བོད་ཀྱི་དངོས་པོ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ། གསུམ་ནི་ནུས་རྒྱུ་འཛུགས་སྐྲུན་དང་ཆུའི་ཐོན་ཁུངས་བེད་སྤྱོད་དང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གང་མགྱོགས་གཏོང་རྒྱུ་ཡིན་པ། བཞི་ནི་ཁྱད་ལྡན་ཐོན་ལས་གོང་འཕེལ་གང་མགྱོགས་སུ་གཏོང་རྒྱུ་དང་། སྤྱི་དབང་མིན་པའི་དཔལ་འབྱོར་དང་ཁེར་རྐྱང་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་སྟེ་རང་ངོས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་རྒྱུ་ཡིན་པ། ལྔ་ནི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྱུང་ཁམས་སྐྱོང་གསབ་ཀྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་ཇེ་མགྱོགས་བཙུགས་ནས་ས་མཐོའི་འབྱུང་ཁམས་སྲུང་བཅད་ཧུར་ཐག་འཛུགས་རྒྱུ་ཡིན་པ་བཅས་རེད། ཀྲུང་དབྱང་ནས་གཏན་འབེབས་དང་ལག་བསྟར་བྱས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་གཞོགས་སྐྱོར་བྱ་ཐབས་རབ་དང་རིམ་པ་དེ་དག་གིས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད། ——བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གཙོ་ཆེའི་རྣམ་གྲངས་འབོར་ཆེན་ཞིག་ལག་བསྟར་བྱས་ཡོད་པ། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བོད་ལ་མ་དངུལ་དང་རྣམ་གྲངས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གཙོ་ཆེའི་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་ལག་བསྟར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ། སྤྱི་ཚོགས་བྱ་གཞག འབྱུང་ཁམས་ཁོར་ཡུག་སོགས་ཀྱི་ཐད་ཚོད་འཛིན་ཐེབས་པའི་བཅུར་འགག་རིགས་མངོན་ཆེར་བཟུང་ནས་ཐག་གཅོད་བྱས་ཡོད། 2007ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཛུགས་སྐྲུན་རྣམ་གྲངས་ཁག་180གཏན་འཁེལ་བྱས་པ་དང་། དངོས་སུ་རྣམ་གྲངས་188ལེགས་སྒྲུབ་བྱས་པར་སྔ་རྟིང་བསྡོམས་མ་དངུལ་སྒོར་དུང་ཕྱུར་873བཏང་ཡོད། དེའི་རིང་སྔ་རྗེས་སུ་མཚོ་བོད་ལྕགས་ལམ་སོགས་གཙོ་གནད་ལས་གྲྭ་འབོར་ཆེན་ཞིག་བསྐྲུན་ཡོད། 2011ལོའི་ཟླ་7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་བྱས་ཏེ 《“ལོ་ལྔ་ཚན་བཅུ་གཉིས་པའི ”བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིར 》ཆོག་མཆན་གནང་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་ལ་གཙོ་ཆེའི་རྣམ་གྲངས་ཁག་226བཀོད་སྒྲིག་བྱས་ཤིང་། འཆར་འགོད་རྣམ་གྲངས་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་3305ཟིན་ཡོད། ཀྲུང་དབྱང་གིས་གཏན་འཁེལ་དང་ལག་བསྟར་བྱས་པའི་གཙོ་ཆེའི་འཛུགས་སྐྲུན་རྣམ་གྲངས་དེ་དག་གཉེར་བས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་སོང་བ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ནུས་ལྡན་བྱུང་བ། ཁྱད་ལྡན་ཐོན་ལས་གོང་འཕེལ་མགྱོགས་སུ་ཕྱིན་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད།

        ——རྒྱལ་ཡོངས་ནས་ག་སྦྱར་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་ག་སྦྱར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དེ་བཞིན་འབྲེལ་ཡོད་ཚན་པ་བཅས་ཀྱིས་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལ་རོགས་སྐྱོར་བྱས་ཐོག ཕྱོགས་མཐའ་ཀུན་དང་། བང་རིམ་མང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་བོད་སྐྱོར་ལས་དོན་གྱི་རྣམ་པ་ཆགས་ཡོད། དེ་ཡང་ག་སྦྱར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་18དང་། ཀྲུང་དབྱང་གི་ཁེ་ལས་ཆེ་གྲས་17ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་པུའུ་ཨུད་60ལྷག་ཙམ་བཅས་ཀྱིས་ཁྱོན་བསྡོམས་བོད་སྐྱོར་ལས་བྱེད་པ་4766 འདེམས་གཏོང་བྱས་པ་དང་། རོགས་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཁག་4246བསྐྲུན་པ་དང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་139.3བཏང་བས་རོགས་སྐྱོར་བྱེད་མཁན་ཚན་པ་མང་བ་དང་། རོགས་སྐྱོར་འཛུགས་སྐྲུན་རྣམ་གྲངས་མང་བ། མ་དངུལ་འཇོག་མང་བ་བཅས་ཚང་མ་སྔར་བྱུང་མྱོང་མེད་པ་ཞིག་རེད། ལྷག་པར་དུ་2010ལོའི་ཟླ་དང་པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་ནས་བོད་ལ་ག་སྦྱར་རོགས་སྐྱོར་བྱེད་རྒྱུའི་སྲིད་ཇུས་དེ་2020ལོ་བར་རིང་དུ་གཏོང་རྒྱུའི་ཐག་བཅད་པ་མ་ཟད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ས་གནས་ནོར་སྲིད་ཡོང་འབབ་ཀྱི་1‰ བོད་སྐྱོར་མ་དངུལ་དུ་བཀོད་སྒྲིག་བྱེད་དགོས་པ་དང་། ཆེད་ལས་ལག་རྩལ་མི་སྣའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག་ག་སྦྱར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། ཁེ་ལས་ཀྱིས་ལོ་ལྟར་བོད་ནས་བསྡུས་པའི་མཐོ་རིམ་སློབ་ཐོན་སློབ་མ་གྲངས་འབོར་ངེས་ཅན་ཞིག་ལས་ཀར་བསྡུ་འཇུག་བྱེད་དགོས་པ་བཏོན་ཡོད། ག་སྦྱར་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བར་བརྟེན་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་བྱེད་པར་སྔར་བས་ཤུགས་སྣོན་ཐེབས་ནས་མི་རིགས་ཁག་གི་མི་དམངས་དབར་གྱི་མཐུན་སྒྲིལ་ཟབ་ཏུ་ཤུགས་ཆེ་སོང་ཡོད། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་སྐྱོར་བྱེད་རྒྱུའི་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་ཇུས་གཞི་ནི་ཡོངས་སུ་ཡང་དག་པ་ཡིན་ཞིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡོངས་སུ་མཐུན་ཡོད་པ་དང་། ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་མེད་ན་བོད་འདི་ཉིད་ད་ལྟའི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་བཟང་པོ་འདི་འདྲ་ཡོང་མི་སྲིད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད།

        གཉིས། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད།

        ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་མི་དམངས་ཀྱི་སྣེ་ཁྲིད་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ། དུས་བསྟུན་ཡར་རྒྱས། ལམ་བཤངས་གསར་གཏོད་བཅས་བྱས་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་བསྐྱོད་བྱས་པ་དང་། བོད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་མུ་མཐུད་གསར་རྩོམ་བྱས་ཡོད།

        (གཅིག )དཔལ་འབྱོར་གོང་འཕེལ་ཐད་མཆོང་སྐྱོད་གསར་པ་བྱུང་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་སོང་ཡོད།

        གོང་འཕེལ་གཏོང་རྒྱུ་ནི་དོན་དམ་ཡིན་པ་དང་ལས་འགན་ཨང་དང་པོ་ཡིན་པར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ཐོག དཔལ་འབྱོར་གོང་འཕེལ་གཏོང་སྟངས་མགྱོགས་མྱུར་བརྗེ་སྒྱུར་བྱེད་པ་དང་། དཔལ་འབྱོར་གོང་འཕེལ་གཏོང་བའི་སྤུས་ཚད་ཡག་ཏུ་བཏང་ནས་བོད་ཀྱི་དཔལ་འབྱོར་གོང་འཕེལ་དེ་བས་ལེགས་མྱུར་ཆེ་གསུམ་ཡོང་བར་སྐུལ་འདེད་བཏང་ཡོད།

        ——དཔལ་འབྱོར་གྱི་སྤྱི་འབོར་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་19བསྟུད་མར་གྲངས་གནས་གཉིས་འཕར་ནས་སྔ་རྗེས་སུ་སྒོར་དུང་ཕྱུར་200དང་། སྒོར་དུང་ཕྱུར་300སྒོར་དུང་ཕྱུར་400སྒོར་དུང་ཕྱུར་500སྒོར་དུང་ཕྱུར་600བཅས་ཀྱི་འགག་ཆེན་ལས་བརྒལ་ཡོད་པ་དང་། 2011ལོར་སྒོར་དུང་ཕྱུར་605.83ཟིན་ཡོད་པ་དེ་2002ལོའི་ལྡབ་3.7ཡིན། 2011ལོར་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་54.76ཟིན་པ་དང་། ཁྲལ་འབབ་སྒོར་དུང་ཕྱུར་45.83ཟིན་པ་དེ་ཁག་སོ་སོར་2002ལོའི་ལྡབ་7.49དང་ལྡབ་7.89ཡིན།

        ——ཞིང་འབྲོག་ལས་དེང་རབས་ཅན་དུ་སྒྱུར་ཚད་མཐོ་རུ་སོང་ཡོད། ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་འདོགས། ཞིང་ཁུལ་ལ་རྒྱབ་སྐྱོར། ཞིང་པ་ཕྱུག་འགྱུར་བཅས་ཡོང་བའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་ལེགས་སྒྱུར་བྱུང་བས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཤུགས་ཆེ་རུ་སོང་ཡོད། 2011ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་93.73ཟིན་ནས་ལོ་13བསྟུད་མར་ཏུན་ཁྲི་90ཡན་རྒྱུན་བསྲིངས་ཐུབ་པས་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐད་གནད་དོན་མི་ལྷག་པ་བྱུང་ཡོད། ཤ་རིགས་དང་དཀར་ཆུའི་ཐོན་འབོར་དེ་ཁག་སོ་སོར་ཏུན་ཁྲི་27.67དང་། ཏུན་ཁྲི་31.35ཟིན་ནས་2002ལོ་ལས་60.78%དང་29.01%འཕར་ཡོད། ཞིང་འབྲོག་ལས་ཀྱི་གེགས་འགོག་བྱེད་ནུས་སྔར་བས་ཆེ་རུ་སོང་ཡོད་པ་དང་། ཚན་རྩལ་ཐོག་ནས་ལེགས་སྐྱེས་འབུལ་ཚད་40%ཟིན་ཡོད། ཁྲོམ་ར་ཅན་དུ་སྒྱུར་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་མཐོའི་ཞིང་ཕྱུགས་ཐོན་ལས་ཀྱི་བཟོ་སྣོན་དངོས་རྫས་ཁག་གཅིག་གངས་ཅན་ས་མཐོ་ནས་ཕྱིར་འདྲེན་ཡོད་པས་དེར་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ཁྲོམ་རས་ཀྱང་དགའ་པོ་བྱེད་ཀྱི་ཡོད།

        ——དེང་རབས་བཟོ་ལས་དེ་ཆུང་བ་ནས་ཆེ་བར་མྱུར་དུ་དར་འཕེལ་ཕྱིན་ཡོད། ལོ་10ལ་ཉེ་བའི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་སོང་བ་བརྒྱུད་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དེང་རབས་བཟོ་ལས་ཀྱི་མ་ལག་ཅིག་ཐོག་མར་ཆགས་ཡོད་ཅིང་། ནུས་རྒྱུ་ཐོན་ལས་དང་། ཁྱད་ལྡན་གཏེར་ཐོན་ལས་རིགས། བཟོ་སྐྲུན་ལས་རིགས། བོད་ལུགས་གསོ་རིག་དང་སྨན་ལས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་ངོ་བཟང་པོ་མངོན་ཡོད། 2011ལོར་ལྗོངས་ཡོངས་ཀྱི་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་208.79ཟིན་ནས་ཐོན་ལས་གསུམ་པོའི་ནང་གི་བསྡུར་ཚད་དེ་2002ལོའི་20.2%ཡིན་པ་ནས་2011ལོར་34.5%ལ་འཕར་ཡོད།

        ——རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། མཚོ་བོད་ལྕགས་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་བྱུང་ནས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། ལྷ་གཞིས་ལྕགས་ལམ་ལས་འགོ་བཙུགས་ནས་སྐྲུན་བཞིན་པའི་སྒང་ཡིན་པས་བོད་མི་རིགས་ཁག་གི་མི་དམངས་ཀྱི་དཔལ་འབྱོར་ལམ་དང་། མཐུན་སྒྲིལ་ལམ། བདེ་སྐྱིད་ལམ། འབྱུང་ཁམས་ལམ་བཅས་སྣུར་བསྲིང་བྱེད་བཞིན་ཡོད། ལོ་10རིང་གཞུང་ལམ་རིང་ཚད་སྤྱི་ལེ་23348གསར་སྣོན་བྱུང་ཡོད། ཉིང་ཁྲིའི་སྨན་གླིང་གནམ་ཐང་དང་། གཞིས་རྩེའི་ཞི་བདེ་གནམ་ཐང་། མངའ་རིས་ཀྱི་དགུན་ས་གནམ་ཐང་བཅས་སྔ་རྟིང་དུ་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་པ་དང་། བོད་ལྗོངས་མཁའ་འགྲུལ་ཀུང་སི་བཙུགས་ནས་ལས་གཉེར་བྱེད་བཞིན་ཡོད་པ། ལྷ་གོང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་བསྐྲུན་པ་དེ་བོད་ཀྱི་མྱུར་བགྲོད་གཞུང་ལམ་ཨང་དང་པོ་ཞིག་ཆགས་ཡོད་པ་བཅས་བྱུང་བ་དེས་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་སོང་ཡོད། འོད་སྐུད་དང་། སྲུང་སྐར། དྲ་རྒྱ་བཅས་གཙོ་རྐང་དུ་བཟུང་བའི་དེང་རབས་འཕྲིན་གཏོང་དྲ་རྒྱའི་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་གྱུར་ཡོད་པས་རྩ་བའི་ཆར་ཤང་ཚང་མར་དྲ་ཆེན་གཏོང་ཐུབ་པ་དང་གྲོང་ཚོ་ཚང་མར་ཁ་པར་གཏོང་ཐུབ་པ་བྱུང་ཡོད། ཆུ་གློག་གཙོ་བོར་བྱེད་པ་དང་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་མང་གསབ་རེས་བྱེད་པའི་ནུས་རྒྱུ་གསར་པའི་མ་ལག་ཅིག་གཞི་རྩའི་ཆར་གྲུབ་ཡོད་པ། མཚོ་བོད་ཀྱི་སྤེལ་རྒྱུག་དང་ཐད་རྒྱུག་དྲ་སྦྲེལ་ལས་གཞི་སྐྲུན་པ་དེས་བོད་ཀྱི་གློག་དྲ་ཁེར་རྐྱང་གིས་ལས་གཉེར་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་བས་2011ལོར་བོད་ཀྱི་སྒྲིག་སྦྱོར་འཕྲུལ་ཆས་ནས་བཏོན་པའི་གློག་ཤུགས་སྤྱི་འབོར་ཆན་ཝ་ཁྲི་116ཡན་ཟིན་པ་དང་། གློག་སྤྱོད་མཁན་མི་འབོར་82%ཡན་ཟིན་ནས་དེང་རབས་ཅན་གྱི་འོད་ཟེར་གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད།

        ——ཐོན་ལས་གསུམ་པ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་གོང་འཕེལ་མགྱོགས་མྱུར་སོང་ཡོད། ཚོང་ལས་ཉོ་ཚོང་དང་། དེང་རབས་ཟོག་འགྲུལ། སྤྲོ་གསེང་ཡུལ་སྐོར། བཟའ་བཏུང་ཞབས་ཞུ། རིག་གནས་རོལ་རྩེད། ཆ་འཕྲིན་ལག་རྩལ། དངུལ་རྩ་འགན་བཅོལ་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་གོང་འཕེལ་སོང་ཡོད། 2011ལོར་རྒྱབ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་869.76ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་97.05ཟིན་ཡོད་པ་དེ་ཁག་སོ་སོར་2002ལོའི་ལྡབ་10དང་ལྡབ་9.8ཡིན་པས་འཛམ་གླིང་གི་ཡུལ་སྐོར་བྱེད་ཡུལ་གཙོ་གྲས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད། དམངས་གཉེར་དཔལ་འབྱོར་གོང་འཕེལ་ཆེན་པོ་བྱུང་ནས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྒུལ་འཕྲུལ་ཞིག་ཏུ་གྱུར་ཡོད། ད་བར་ཁྱོན་བསྡོམས་སྒེར་གཉེར་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ཁྲི་11.47ཡོད་པ་དང་། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་334.77ཟིན་ཡོད་པ་དེ་ཁག་སོ་སོར་2002ལོའི་ལྡབ་1.3དང་ལྡབ་8.26ཡིན། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་གོམ་སྟབས་གསར་པ་ཞིག་སྤོ་ཐུབ་པ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དབར་འགྲོ་འོང་སྔར་བས་ཟབ་ཏུ་ཕྱིན་ཡོད། 2011ལོར་ཕྱི་ཕྱོགས་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར་13.59ཟིན་ཡོད་པ་དེ་2002ལོའི་ལྡབ་10.45ཡིན།

        (གཉིས )སྤྱི་ཚོགས་ཞི་མཐུན་གྱི་རྣམ་པ་གསར་པ་ཞིག་ཐོན་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད།

        དུས་བབ་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཤིང་། སྔ་འཛིན་དང་། ཆུང་འཛིན། མྱུར་འཛིན། ལེགས་འཛིན་བཅས་བྱེད་རྒྱུའི་ཐོག་རྐང་པ་བཙུགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བའི་ཐོག་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་རེ་ངན་གཏོར་ཕམ་ཡང་ཡང་བཏང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་ཡང་ནས་ཡང་དུ་ཐོབ་ཡོད་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ཐུབ་པ་བྱས་ཡོད།

        —— མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཞིང་། རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ་བཅས་གཙོ་དོན་དུ་བཟུང་བའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་ཏུ་སྤེལ་བས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས། སྤྱི་ཚོགས་རིང་ལུགས་ལ་དད་སེམས། ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་སེམས་བཅས་ཤུགས་ཆེར་ཟམ་མི་ཆད་པ་ཕྱིན་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་རང་བཞིན་གྱི་སློབ་གསོ་རྒྱུན་བསྲིང་ལྷོད་མེད་ངང་སྤེལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུན་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་དམར་རྗེན་དུ་བཏོན་ཡོད་པས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མི་རིགས་ཁག་གི་མི་དམངས་ཀྱི་སྲ་ཞིང་བརྟན་པའི་བློ་རྩ་དང་རང་འགུལ་གྱི་བྱ་སྤྱོད་དུ་གྱུར་ཡོད་པ་དང་། མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་དང་ཟིང་སློང་ནི་ཆག་སྒོ་ཡིན་པའི་རྒྱུ་མཚན་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

        ——མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་གྱི་བྱ་གཞག་སྐུལ་སྤེལ་གཏིང་ཟབ་བཏང་ཡོད། ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེ་སྤེལ་ཞིང་། ལོ་རེའི་ཟླ་9པའི་ནང་གཅིག་སྡུད་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ་དང་། ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་ཐེངས་རེ་འཚོགས་པས “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་སྔར་བས་མི་སེམས་སུ་ཟུག་པ་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་མོས་སེམས་བྱེད་ཤུགས་སྔར་བས་ཆེ་རུ་སོང་ཡོད་པས་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཀྱི་རྣམ་པ་མུ་མཐུད་སྲ་བརྟན་གོང་འཕེལ་འགྲོ་བཞིན་ཡོད།

        ——སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་དང་གསར་གཏོད་ཟམ་མི་ཆད་པ་བྱས་ཡོད། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ལྗོངས་ཡོངས་ཀྱི་ལས་བྱེད་པ་མི་གྲངས་ཁྲི་གཉིས་ལྷག་ཙམ་སྲིད་འཛིན་གྲོང་ཚོ (གྲོང་ལྷན )5451ལ་བཅའ་སྡོད་བྱས་ནས་གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེ་འཛུགས་པ་དང་། ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོད་པ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་སྤེལ་བ། དངོས་དོན་དང་ལས་བཟང་སྒྲུབ་པ་བཅས་བྱས་ནས་ལས་བྱེད་པ་དང་མང་ཚོགས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་ཇེ་ཟབ་ཏུ་སོང་ཡོད་ལ་གྲོང་ཁྱེར་དང་གྲོང་གསེབ་བརྟན་ལྷིང་ཡོང་བའི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ཡོད། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཞིང་། ལྗོངས་ཡོངས་ཀྱི་དགོན་སྡེར “དྲུག་འཛུགས་སྐྱོང་”དོན་འཁྱོལ་བྱེད་པ་དང་། “གཅིག་བྱས་པ་དྲུག ”གི་བྱེད་སྒོ་སྤེལ་བ། དགོན་སྡེར “ཡོད་པ་དགུ ”ཁྱབ་སྤེལ་གཏོང་བ། དགོན་སྡེའི་སྤྱི་པའི་ཞབས་ཞུ་ཤུགས་ཆེར་གཏོང་བ། གྲྭ་བཙུན་གྱི་དཀའ་ངལ་དངོས་ཐག་གཅོད་བྱེད་པ། སྒྲིག་གྲངས་སུ་ཡོད་པའི་གྲྭ་བཙུན་ཚང་མ་སྤྱི་ཚོགས་འགན་བཅོལ་བྱེད་ཁོངས་སུ་འཇུག་པ་བཅས་བྱས་པས་རྒྱ་ཆེའི་གྲྭ་བཙུན་གྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཚོར་ཐུབ་པ་བྱུང་ཡོད། གྲོང་ཁྱེར་གྱི་དྲ་མིག་ཅན་གྱི་དོ་དམ་བྱེད་རྒྱུ་ཁྱོན་ཡོངས་སུ་སྤེལ་ཡོད་ཅིང་། ལྗོངས་ཡོངས་སུ་དམངས་བདེ་ཉེན་རྟོག་ཞབས་ཞུ་ས་ཚིགས་ཁག་698བཙུགས་ཡོད་པ་དེས་མི་དམངས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་ཤུགས་ཆེ་ཐེབས་ཡོད།

        (གསུམ )དམངས་འཚོ་ལེགས་བཅོས་ཀྱི་ལེའུ་གསར་པ་བརྩམས་ནས་གོང་འཕེལ་གྱི་འབྲས་བུས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ།

        སྔ་ཕྱི་བར་གསུམ་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་མངོན་ཆེའི་གནས་བབ་ཏུ་བཞག་ནས་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡུག་དུས་རྟག་ཏུ་སེམས་ལ་བཅངས་བ་དང་དོན་གཉེར་དམ་འཛིན་བྱས་ནས་ནུས་ལྡན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་གོང་འཕེལ་གྱི་འབྲས་བུས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ཏེ་མི་རིགས་ཁག་གི་མི་དམངས་རྣམས་དེ་བས་འབྱོར་ཕྱུག་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ——ཡུལ་མིའི་ཡོང་འབབ་མཐོ་རུ་ཤུགས་ཆེ་སོང་བ། 2011ལོར་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་སྒོར་4904ཟིན་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་ཡོང་འབབ་སྒོར་16196ཟིན་ཡོད་པས་ཁག་སོ་སོར་2002ལོའི་ལྡབ་3.2དང་2.1ཟིན་ཡོད། ཡོང་འབབ་མཐོ་རུ་སོང་བ་དང་ཆབས་ཅིག་རྒྱ་ཆེའི་མང་ཚོགས་ཀྱི་འཛད་སྤྱོད་གྲུབ་ཆའང་སྣ་མང་ཅན་དུ་འགྱུར་འགོ་ཚུགས་ཤིང་། གྲོང་གསེབ་ཀྱི་དུད་ཚང་བརྒྱ་རེའི་ཁྱིམ་དུ་བཪྙན་འཕྲིན་106.27ཡོད་པ་དང་། གློག་ཀླད་འཕྲུལ་འཁོར་0.33ཡོད་པ། ཁ་པར་168.51ཡོད་པ། ཁྱིམ་སྤྱོད་མོ་ཊ་5.13ཡོད་པ་བཅས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།

        ——མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ་བྱུང་བ། བདེ་སྡོད་ལས་གཞི་འགག་སྒྲོལ་དུ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཤུགས་ཆེ་བྱས་ནས་ཞིང་འབྲོག་ཁུལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་། སོལ་རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་སྲིད། ཁོར་ཡུག་མཛེས་ལྗོངས་བཅས “ཞིང་དུད་དུ་བརྒྱད་འཛོམས་པ ”བྱེད་རྒྱུར་སྤྱི་ཡོངས་ནས་སྐུལ་སྤེལ་བཏང་ཞིང་། 2011ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁྱོན་བསྡོམས་དུད་ཚང་ཁྲི་33.87དང་ཞིང་འབྲོག་མང་ཚོགས་ཁྲི་174བདེ་སྡོད་ལས་གཞིའི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་དང་། སྲིད་འཛིན་གྲོང་ཚོ་1500ཡི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་བྱུང་ནས་ཞིང་འབྲོག་ཁུལ་གྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྐྲུན་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ནས་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་གནད་དོན་ཐག་གཅོད་གང་ལེགས་བྱུང་ཞིང་། ལོ་བཅུའི་ནང་ཚུན་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྱོན་བསྡོམས་ཁྲི་5.8སྐྲུན་ཡོད། ལྷ་ས་གྲོང་ཁྱེར་དུ་དྲོད་གཏོང་ལས་གཞི་ཁྱབ་སྤེལ་ཧུར་ཐག་བཏང་ནས་ད་ལོ་དགུན་དུས་སུ་གྲོང་མི་40%ལ་དྲོད་གཏོང་ཐུབ་པ་བྱེད་རྒྱུ་ཡིན།

        ——ལས་ཞུགས་བྱེད་རྒྱུའི་ཐད་འགན་སྲུང་ནུས་ལྡན་བྱུང་བ། ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་དེ་དམངས་འཚོའི་རྩ་བ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བཟུང་ནས་ལས་ཞུགས་ཐད་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་ཟམ་མི་ཆད་པ་བཏང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་པ་གང་མང་སྐྲུན་པ་དང་། ལས་ཞུགས་ཐད་ཀྱི་རོགས་སྐྱོར་བྱེད་སྒོ་ཧུར་ཐག་སྤེལ་བ། ལས་སྒོའི་རྩལ་ནུས་སྦྱོང་བརྡར་གྱི་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་ཐུབ་རྒྱ་ཆེ་རུ་བཏང་ཡོད། སྐྱེ་ཁུངས་བོད་ནས་ཡིན་པའི་ལོ་དེ་རང་ལ་ཐོན་པའི་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་དང་སྔ་ལོ་ཐོན་པའི་སློབ་ཆེན་སློབ་མ་གཞི་རྩའི་ཆར་ལས་ཞུགས་ཐུབ་པ་བྱེད་རྒྱུའི་སྲིད་ཇུས་ལག་བསྟར་བྱས་ཤིང་། མིག་སྔར་སློབ་ཆེན་སློབ་མ་ལས་ཞུགས་བཀོད་སྒྲིག་བྱས་པ་མི་12500ཟིན་ཡོད། 2011ལོར་གྲོང་ཁྱེར་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་ཐུབ་པ་མི་ཁྲི་2.3ཟིན་ཡོད་པས “ལས་ཞུགས་པ་མེད་པའི་ཁྱིམ་ཚང ”མི་ཐོན་པ་བྱེད་རྒྱུའི་དམིགས་ཚད་མངོན་གྱུར་བྱུང་ཡོད། སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ལས་མིའི་ངལ་རྩོལ་རྩལ་ནུས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཁ་སྒྱུར་བྱས་པ་མི་ཐེངས་ཁྲི་86ཡན་ཟིན་པ་དང་ངལ་ནུས་ལ་བརྟེན་ནས་ཡོང་འབབ་སྒོར་དུང་ཕྱུར་18.5ཡན་བྱུང་ཡོད།

        ——སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་བཏང་བ། 2011ལོར་སློབ་ཆུང་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱེད་ཚད་དང་། དམའ་རིམ་སློབ་འབྲིང་སློབ་ཞུགས་བྱེད་ཚད། མཐོ་རིམ་སློབ་འབྲིང་སློབ་ཞུགས་བྱེད་ཚད་ཁག་སོ་སོར་99.4%དང་། 98.5%63.4%བཅས་ཟིན་ཡོད་པ་དང་། གཞོན་དར་ཡིག་རྨོངས་བ་1.2%ལ་ཆག་ཡོད། ཧྲིལ་ལོ་15ཡན་གྱི་མི་འབོར་གྱི་མི་རེའི་སློབ་གསོ་ཐོབ་ཚད་ལོ་7.4ཟིན་ཡོད། འགན་བབས་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་ནང་སློབ་ལོ་15བར་མང་དུ་བཏང་ཡོད། ལོ་རེའི་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་2500ཟིན་ཡོད། མཐོ་རིམ་སློབ་ཆེན་གྱི་སློབ་གསོ་བརྟན་པོའི་ངང་གོང་འཕེལ་སོང་ཞིང་། ད་ཆ་མཐོ་རིམ་སློབ་ཆེན་དཀྱུས་མ་ཁག་6ཡོད་པ་དང་། ཤེས་རམས་པའི་མཚན་གནས་སྤྲོད་པའི་སློབ་ཚིགས་18ཡོད་པ། བོད་ལྗོངས་སློབ་ཆེན་དེ་རྒྱལ་ཁབ་ཀྱི “211ལས་གཞིའི ”གཙོ་གནད་འཛུགས་སྐྲུན་བྱེད་རྒྱུའི་སློབ་ཆེན་གྱི་གྲས་སུ་བཅུག་ཟིན་པ་བཅས་དངོས་གཞི་དང་ཆེད་ཚན་དཀྱུས་མའི་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། ཕྱི་རྒྱལ་ནས་ཡོང་བའི་སློབ་མའི་སློབ་གསོ་སོགས་སྣ་མང་ཅན་གྱི་སློབ་གཉེར་རྣམ་པ་ཞིག་ཆགས་ཡོད།

        ——སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་བཏང་བ། སྨན་བཅོས་འཕྲོད་བསྟེན་མ་ལག་བསྒྱུར་བཅོས་བྱེད་ཕྱོགས་ཐད་གོམ་སྟབས་གསར་པ་སྤོས་པ་དང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་རྒྱལ་ཡོངས་ནང་ནས་སྔོན་ལ་ཁྱབ་གདལ་བྱུང་ཡོད། 2011ལོར་ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ཚན་པ་ཁག་1380ཡོད་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་ཚན་པ་82ཡོད་པ། ཉལ་ཁྲི་9642ཡོད་པ། སྨན་བཅོས་འཕྲོད་བསྟེན་པ་12995ཟིན་ཡོད་པ། མི་རེའི་ཆ་སྙོམས་ཚེ་ཚད་ལོ་67ལ་སླེབས་ཡོད། བོད་ལུགས་གསོ་རིག་སྨན་ལས་ལ་མཐོང་ཆེན་དང་གོང་འཕེལ་ཤུགས་ཆེ་བྱུང་ཞིང་། མིག་སྔར་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་ཚན་པ་28ཡོད་པ་དང་བོད་ལུགས་གསོ་རིག་སྨན་ཁང་མེད་པའི་རྫོང་དུ་རྫོང་སྨན་ཁང་ལ་བོད་ལུགས་གསོ་རིག་སྨན་བཅོས་ཚན་ཁག་བཙུགས་ཡོད།

        ——སྤྱི་ཚོགས་འགན་སྲུང་བྱེད་རྒྱ་ཆེ་རུ་ཟམ་མི་ཆད་པ་བཏང་བ། གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། དེ་བཞིན་ལས་ཤོར་དང་ལས་རྨས། སྐྱེ་གསོ་བཅས་ཀྱི་འགན་བཅོལ་ལྟེ་བར་བྱེད་པའི་སྤྱི་ཚོགས་འགན་བཅོལ་མ་ལག་ཕྱོགས་ཡོངས་ནས་བཙུགས་ཟིན་པ་དང་། སྨན་བཅོས་དང་། སློབ་གསོ། སྡོད་ཁང་། ཁྲིམས་འཛིན་སོགས་ནང་དོན་གཙོ་བོར་བྱེད་པའི་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་སྤྱིའི་ཆར་ནས་ཆགས་ཟིན་ཡོད། 2011ལོར་རིགས་འདྲ་མིན་གྱི་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི་191.81ཟིན་པ་དང་། གྲོང་གསེབ “འགན་ལེན་ལྔའི ”གཅིག་སྡུད་འཚོ་སྐྱོང་བྱེད་ཚད་23%ཟིན་པ། དྭ་ཕྲུག་5085ལ་རོགས་སྐྱོར་ནུས་ལྡན་བྱུང་ཡོད། དབུལ་སྐྱོར་གསར་སྤེལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་བ་དང་ལོ་བཅུའི་ནང་ཚུན་དུ་དབུལ་པོའི་མི་འབོར་ཁྱོན་བསྡོམས་ཁྲི་108.7དབུལ་པོ་ལས་གྲོལ་ཐུབ་པ་བྱུང་ཡོད།

        (བཞི )རིག་གནས་དར་སྤེལ་གཏོང་བར་མཐོ་རླབས་གསར་པ་འཕྱུར་བ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་བ།

        རིག་གནས་དར་སྤེལ་གཏོང་ཕྱོགས་ཐད་ཀྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་དང་ལྷག་པར་དུ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་གཏོང་རྒྱུའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་རང་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་ཀྱི་ཁུལ་ཆེན་པོ་ཞིག་ནས་རིག་གནས་གོང་འཕེལ་འགྲོ་བའི་ཁུལ་སྟོབས་ཆེན་ཞིག་ཏུ་ཁ་སྒྱུར་བྱེད་པའི་ལམ་བུའི་ཐོག་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ཡོད།

        ——སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ། རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་གྲོང་ཚོ་ཀུན་ལ་ཞིང་དུད་དཔེ་ཁང་ཡོད་པ་དང་། རྫོང་རིམ་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་བཅས་ཡོངས་སུ་ཁྱབ་པའི་དམིགས་ཚད་སྤྱིའི་ཆར་མངོན་འགྱུར་ཐུབ་ཡོད། རླུང་འཕྲིན་དང་བཪྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར་91.67%དང་92.8%ཟིན་ཡོད་པས་2002ལོ་ལས་ཁག་སོ་སོར་9.08%དང་11.66%འཕར་ཡོད། བོད་ཀྱི་བོད་རྒྱ་སྐད་གཉིས་སྲུང་སྐར་འཕྲིན་ལམ་ཆུ་ཚོད་24གཏོང་ཐུབ་པ་དང་། ལོ་རེར་རླུང་འཕྲིན་བཪྙན་འཕྲིན་སྒྲ་བསྒྱུར་བྱེད་ཚད་ཆུ་ཚོད་ཁྲི་1ལས་བརྒལ་བ། ལོ་རེར་སྒྲ་བསྒྱུར་བྱས་པའི་གློག་བཪྙན་60ཡན་ཟིན་པ། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་80%ཡན་ལ་གྲངས་འཛིན་གློག་བཪྙན་ལྟ་ཐུབ་པ། གྲོང་ཚོ་རེར་ཟླ་རེར་གློག་བཪྙན་ཆ་སྙོམས་ཐེངས་1.6ཡན་བསྟན་ཐུབ་པ་བཅས་བྱུང་ཡོད། མི་དམངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་བོད་ཡིག་དཔར་གཞིའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་རིན་མི་དགོས་པར་གཞི་རིམ་དུ་སྤྲད་ནས་ཏང་དང་སྲིད་གཞུང་གི་གསུང་སྒྲ་དུས་ཐོག་ཏུ་གངས་ལྗོངས་ས་མཐོར་ཁྱབ་པ་བྱས་ཡོད།

        ——མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་བ། ལོ་བཅུའི་ནང་རྒྱལ་ཁབ་ཀྱིས་རིག་དངོས་སྲུང་སྐྱོབ་བྱེད་རྒྱུར་ཁྱོན་བསྡོམས་སྒོར་དུང་ཕྱུར་9.5བཏང་ཞིང་། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་པ་སོགས་རིག་དངོས་གནའ་ཤུལ་ཉམས་གསོ་དང་སྲུང་སྐྱོབ་བྱེད་པའི་ལས་དོན་ལམ་ལྷོངས་ངང་ལེགས་གྲུབ་བྱུང་ཡོད། སྲོལ་རྒྱུན་ལག་ཤེས་བཟོ་ལས་སྒྱུ་རྩལ་དང་། དམངས་ཁྲོད་རི་མོའི་མཛེས་རྩལ། ལྷ་མོ་སོགས་རིག་གནས་རྣམ་གྲངས་ཁག་76རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་སྲུང་སྐྱོབ་ཀྱི་མིང་གཞུང་ནང་བཅུག་ཟིན་པ་དང་། རྒྱུན་འཛིན་མི་སྣ་53རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་འཐུས་ཚབ་རྒྱུན་འཛིན་པའི་མིང་གཞུང་ནང་བདམས་ཐོན་བྱུང་བ། “ཐང་ཀ་བརྒྱའི་ལས་གཞི ”གསུམ་ཕྱོགས་ཡོངས་ནས་སྤེལ་བ་བཅས་ཀྱིས་གནའ་བོའི་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དུས་རབས་གསར་པའི་ནང་འོད་སྟོང་ཆེན་པོ་འཕྲོ་བཞིན་ཡོད།

        ——ཁྱད་ལྡན་རིག་གནས་ཐོན་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ། རང་སྐྱོང་ལྗོངས་ཀྱིས་ཆེད་སྤྱོད་མ་དངུལ་བཏོན་ནས་ཁྱད་ལྡན་རིག་གནས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་300ལྷག་ཙམ་བཏང་བའི་བོད་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་ཁུལ་ལྷ་སར་སྐྲུན་འགོ་བརྩམས་པ་དང་དངོས་གཞིའི་འཁྲབ་མཚན་ཆེ་མོ 《འུན་ཤིན་ཀོང་ཇོ 》ཕྱོགས་ཡོངས་ནས་འཁྲབ་སྟོན་བྱེད་འགོ་བཙུགས་ཡོད། ལྗོངས་ཡོངས་སུ་རིག་གནས་གཉེར་སྐྱོང་བྱེད་གནས་ཁག་2000ལ་ཉེ་བ་ཡོད་ཅིང་། དེའི་ལས་བྱ་མི་སྣ་ཁྲི་ལས་བརྒལ་བ་དང་། རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་མཚོན་རྟེན་གཞི་8དང་། རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་མཚོན་རྟེན་གཞི་2ཡོད་པས་རིག་གནས་ཐོན་ལས་ཉིན་བཞིན་དར་རྒྱས་བྱུང་ནས་གསར་དར་གཙོ་རྟེན་ཐོན་ལས་སུ་གྱུར་ཡོད།

        ——རིག་རྩལ་སྤུས་ལེགས་ཀྱི་བརྩམ་བྱ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། “ལེགས་པོ་ལྔའི ”ལས་གཞི་ལག་བསྟར་བྱེད་རྒྱུ་སྣེ་འདྲེན་དུ་བྱས་ཏེ་གླུ་གར 《ངོ་མཚར་ཡིད་དབང་འཕྲོག་བའི་བོད་ལྗོངས 》དང་། གཏམ་བརྗོད་ཟློས་གར 《བཀྲ་ཤིས་སྒང 》དང 《བཅིངས་འགྲོལ་བཅིངས་འགྲོལ 》ཅིང་ཅུད་ཟློས་གར་དང་ལྷ་མོ་མཉམ་འཁྲབ 《འུན་ཤིན་ཀོང་ཇོ 》 ལྷ་མོ 《གསེར་མདོག་ཅན་གྱི་ཁྱིམ་གཞིས 》 གློག་བཪྙན་འཁྲབ་ཚན 《གདོང་སྐྱོད་བརྒྱ་ཤོག 》《སྐལ་བཟང་མེ་ཏོག་གང་སར་ཁྱབ 》པར་རིས 《གངས་ལྗོངས་མཐའ་མཚམས་སུ་སྐྱོད 》སོགས་ཕུལ་བྱུང་རིག་རྩལ་གྱི་སྤུས་ལེགས་བརྩམ་བྱ་བརྒྱ་ལྷག་ཙམ་བཟོ་འདོན་བྱས་པ་དང་རྒྱལ་ཁབ་རིམ་པའི་བྱ་དགའ་20ལྷག་ཙམ་ཐོབ་ཡོད། ཕྱི་ཕྱོགས་སུ་རིགས་འདྲ་མིན་གྱི་རིག་གནས་སྤེལ་རེས་དང་མཉམ་ལས་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་མཚན་སྙན་བཟང་པོ་གཏོད་ཡོད།

        (ལྔ )འབྱུང་ཁམས་ལེགས་སྐྱོང་བྱེད་ཤུགས་སྔ་ན་མེད་པའི་ཆེན་པོ་བྱུང་སྟེ་བོད་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྔར་བཞིན་དྭངས་གཙང་དུ་གནས་ཐུབ་ཡོད་པ།

        སྔ་ཕྱི་བར་དུ་འབྱུང་ཁམས་ལེགས་སྐྱོང་ལས་དོན་དེ་མངོན་ཆེའི་གནས་བབ་ཏུ་བཞག་ནས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་ཧུར་ཐག་བསྐྲུན་པས་བོད་ཀྱི་ཆུའི་ཁོར་ཡུག་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག འབྱུང་ཁམས་ཁོར་ཡུག་བཅས་སྲུང་སྐྱོབ་ནུས་ལྡན་བྱུང་བ་དང་། རང་བྱུང་གདོད་མའི་རྣམ་པ་སྤྱིའི་ཆར་ནས་གནས་ཐུབ་པ་བྱུང་སྟེ་འཛམ་གླིང་ཐོག་རང་བྱུང་ཁོར་ཡུག་ཡག་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན།

        ——འབྱུང་ཁམས་སྲུང་སྐྱོབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ། 2009ལོར་ཀྲུང་དབྱང་སྲིད་གཞུང་གིས 《བོད་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་རྒྱུའི་འཆར་འགོད (2008ལོ་ནས་2030ལོ་བར )》ལ་ཆོག་མཆན་གནང་ནས་འཆར་གཞི་བྱས་ན་མ་དངུལ་སྒོར་དུང་ཕྱུར་155བཏང་ནས་2030ལོར་སླེབས་སྐབས་བོད་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྤྱིའི་ཆར་སྐྲུན་ཐུབ་པ་བྱེད་རྒྱུ་རེད། “ལོ་ལྔ་ཚན་བཅུ་པའི ”རིང་རྒྱལ་ཁབ་ཀྱིས་བོད་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་རྒྱུར་མ་དངུལ་སྒོར་དུང་ཕྱུར་32.43བཏང་ཟིན་པ་དང་“ལོ་ལྔ་ཚན་བཅུ་གཅིག་པའི ”རིང་སྒོར་དུང་ཕྱུར་101.62ཟིན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གཞུང་གིས་འབྱུང་ཁམས་ལེགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁྲིམས་སྲོལ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ། སྡེ་ཚན་གྱི་སྒྲིག་སྲོལ་བཅས་ཁག་30ལྷག་ཙམ་འགྲེམས་བསྒྲགས་ལག་བསྟར་བྱས་ཡོད་པས་ཆ་ལག་ཅུང་ཚང་བའི་ས་གནས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་མ་ལག་ཅིག་ཆགས་ཡོད།

        ——གཙོ་གནད་ཁོར་ཡུག་སྲུང་སྐྱོབ་གི་ལས་གྲྭ་ལམ་ལྷོངས་ངང་སྤེལ་བཞིན་ཡོད་པ། གཙང་ཆུ་ཆེ་རིགས་ཀྱི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། གཤེར་ས། རང་བྱུང་ནགས་ཚལ། དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོབ་བྱེད་རྒྱུ་དམ་འཛིན་གང་ལེགས་བྱས་ཤིང་། ས་ཆུ་ཤོར་བ་དང་། ས་ཆ་དང་རྩྭ་ར་བྱེ་འགྱུར་འགྲོ་བར་ཕྱོགས་བསྡུས་བཅོས་སྐྱོང་དང་བཙོག་སྐྱོན་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ཐོག་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་། རྩྭ་སྦོལ་ཞིང་ཁ་རྩྭ་རར་སྒྱུར་བ། སྐྱས་སྤོས་རྩྭ་གསོ་བྱེད་རྒྱུ་སོགས་ཀྱི་ལས་གཞི་ཧུར་ཐག་སྤེལ་ཏེ་རྒྱལ་ཡོངས་ནང་སྔོན་དུ་རྩྭ་ཐང་ནགས་ཚལ་འབྱུང་ཁམས་སྲུང་སྐྱོབ་དང་བྱ་དགའ་སྤྲོད་པའི་ལམ་སྲོལ་དང་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ཀྱི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ལག་བསྟར་བྱས་ཡོད། ཕྱོགས་ཡོངས་ནས་གྲོང་གསེབ་ཏུ་འབུད་ཤིང་རྒྱུ་ཚབ་གསར་པའི་ལས་གཞི་སྤེལ་འགོ་ཚུགས་ནས་ཞིང་འབྲོག་དུད་ཚང་ཁྲི་18ཀྱིས་རྫབ་རླངས་ཀྱི་ནུས་རྒྱུ་གཙང་མ་སྤྱོད་ཀྱི་ཡོད།

        ——འབྱུང་ཁམས་ལེགས་སྐྱོང་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། མིག་སྔར་བོད་དུ་འབྱུང་ཁམས་སྐྱོང་ནུས་སྲུང་སྐྱོབ་ཁུལ་21དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་7 ས་གཤིས་སྤྱི་གླིང་3 རྒྱལ་ཁབ་རིམ་པའི་གྲགས་ཅན་གནས་ལྗོངས་1 དེ་བཞིན་རིམ་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ཁུལ་47བཅས་བཙུགས་ཡོད་ཅིང་། སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་བོད་ཀྱི་ས་ཆའི་རྒྱ་ཁྱོན་གྱི་34.5%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་དང་། ལྗོངས་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་11.91%ཟིན་ནས་སྐྱེས་ཤིང་གི་སྤྱིའི་གསོག་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། གཤེར་ས་འདྲ་མིན་རིགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་600ལྷག་ཙམ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་བྱུང་ཡོད།

        (དྲུག )ཏང་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་ཐེབས་ནས་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་སྔར་བས་མངོན་ཆེར་སོང་ཡོད།

        ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་དེའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱེད་རྒྱུ་གཙོ་རྐང་དུ་བྱས་ཤིང་། ཏང་གི་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། ལམ་ལུགས། ཏང་སྲོལ་སྤྱོད་གཙང་བཅས་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ཏང་གི་འགོ་ཁྲིད་སྲོག་ཤིང་ནུས་པ་དང་། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་བཅས་འདོན་སྤེལ་གང་ལེགས་ཐུབ་ཡོད། ——སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ། བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ཐོག རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྣེ་འདྲེན་བྱེད་པ་དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་གཙོ་གནད་བྱེད་པ། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུ་ཐབས་རྣམ་དུ་བཟུང་བ། བསམ་བློ་དང་ཆབ་སྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཞི་རྩའི་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཐོག ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ལག་ལེན་བྱས་ཏེ་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། དབང་ཆའི་ལྟ་བ། ཁེ་ཕན་གྱི་ལྟ་བ། གནས་ཐོབ་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཡོད། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་། “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་འདེད་གཏོང་བ ”སོགས་ཀྱི་གཙོ་དོན་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་སྔར་བས་ཆེ་རུ་སོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་འདེད་བཅས་བྱེད་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། རང་རྟོགས་རང་བཞིན་བཅས་སྔར་བས་ཆེ་རུ་སོང་ཡོད།

        ——གཞི་རིམ་རྩ་འཛུགས་སྔར་བས་སྲ་བརྟན་དུ་སོང་བ། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས། གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་བཅས་ཐབས་རྣམ་དུ་བཟུང་སྟེ་ཏང་རྩ་འཛུགས་ཁྱབ་ཚད་ཆེ་རུ་བཏང་ཞིང་། གཞི་ཁྱོན་ལྡན་པའི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་ཁེ་ལས་90%དང་30%ཡན་གྱི་སྤྱི་ཚོགས་རྩ་འཛུགས་ཁྲོད་དུ་ཏང་རྩ་འཛུགས་བཙུགས་པ་དང་། གཉོད་ཆུང་ནུས་མེད་ཀྱི་གཞི་རིམ་ཏང་རྩ་འཛུགས་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ། སྐབས་བརྗེའི་འདེམས་བསྐོ་བྱས་ནས་གྲོང་ཚོ (གྲོང་མི )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་ཁོངས་མི་8820 བདམས་ཐོན་བྱས་ཡོད། གཞན་ཡང་ཞིང་འབྲོག་མང་ཚོགས་དང་། ཁེ་ལས། ཐོན་སྐྱེད་འཐབ་ཕྱོགས་དང་པོ་དང་། བོད་རིགས་ཀྱི་ལས་བྱེད་མང་ཚོགས་དང་། གཞོན་ནུ། སློབ་གྲྭ་ཆེ་ཁག་དང་འབྲིང་རིམ་ཆེད་ཚན་སློབ་གྲྭའི་སློབ་མ། ཤེས་ཡོན་ཅན་སོགས་མི་སྣའི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་བཏང་ཞིང་ཏང་ཡོན་གསར་པ་མི་གྲངས་2508འཕེལ་རྒྱས་བྱུང་ཡོད།

        ——ལས་བྱེད་དཔུང་ཁག་གི་བྱང་ཚད་མཐོ་རུ་སོང་བ། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་ཆེར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་ཕུལ་བྱུང་བོད་རིགས་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གཞན་དག་གསོ་སྐྱོང་དང་གདམ་གསེས་གནས་སྤར་ཤུགས་ཆེ་བྱས་པ་དང་། ཡུན་རིང་བོད་དུ་ལས་ཀ་བྱེད་མཁན་ཕུལ་བྱུང་རྒྱ་རིགས་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་བྱས་ནས་བྱང་ཚད་མཐོ་བའི་ལས་བྱེད་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཡོད། “བོད་སྐྱོད་རྒན་རབས་པའི་སྙིང་སྟོབས ”དར་སྤེལ་ཤུགས་ཆེ་བཏང་བས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་དང་། བསམ་བློའི་སྤྱོད་ཚུལ། འཚོ་བའི་སྤྱོད་ཚུལ་བཅས་ལ་སྦྱོང་བརྡར་སྔར་ལས་ཆེ་བ་ཐེབས་ཡོད།

        —— ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་སོང་བ། ཤེས་ལྡན་པར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཐོག “ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཤེས་ལྡན་པ་དམིགས་བསལ་དུ་འཛིན་པ། ཤེས་ལྡན་པ་བེད་སྤྱོད་རྒྱུ་རྩ་བར་འཛིན་པ། བྱེད་ཐབས་གསར་གཏོད་བྱེད་པ། གསོ་སྐྱོང་དང་སྐོང་འགུགས་མཉམ་འཛིན་བྱེད་པ། ཁྱོན་ཡོངས་ནས་གསར་སྤེལ་བྱེད་པ ”བཅས་ཀྱི་ཤེས་ལྡན་པའི་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་ཤུགས་ཆེའི་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད། དེ་ཡང་ལྗོངས་ཡོངས་ཀྱི་ཤེས་ལྡན་པའི་སྤྱི་འབོར་བརྟན་པོའི་ངང་འཕར་ཞིང་། མི་གྲངས་ཁྲི་29.1 ཟིན་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་9.5% ཟིན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་ལ་བརྩི་མཐོང་དང་། ཤེས་ཡོན་ལ་བརྩི་མཐོང་། གསར་གཏོད་ལ་བརྩི་མཐོང་བཅས་བྱེད་པའི་རྣམ་པ་ཉིན་རེ་བཞིན་ཤུགས་ཆེར་སོང་ཡོད།

        —— རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བར་ཕན་འབྲས་དངོས་ཐོན་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཆེ་རུ་སོང་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་སོང་ཡོད། སྤྱོད་གཙང་རང་འདོམས་ནན་པོ་དང་སྲིད་གཙང་གི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ལས་ཁུངས་དང་། སྡེ་ཁུལ། སློབ་གྲྭ ཁེ་ལས། ཞིང་འབྲོག་ཁུལ་བཅས་ལ་སྲིད་གཙང་རིག་གནས་སྤེལ་རྒྱུར་སྐུལ་འདེད་བཏང་ཐོག ཏང་སྲོལ་སྲིད་གཙང་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་། སྲིད་གཙང་ཚད་འཛིན་ལག་བསྟར་བྱས་ནས་ཏང་ཡོན་ལས་བྱེད་པས་བྱ་བ་ཏན་ཏིག་སྒྲུབ་པ་དང་། མི་དྲང་པོ་དྲང་གཞག་བྱེད་པ། སྤྱོད་པ་གཙང་བའི་དཔོན་པོ་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱས་ཡོད། བོད་ཀྱི་ཁྱད་ཆོས་དང་མཐུན་པའི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལས་ཀའི་མ་ལག་ཅིག་འཛུགས་རྒྱུ་འཚོལ་ཞིབ་བྱས་ཤིང་། ཏང་ཡོན་ལས་བྱེད་པའི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཆོད་སེམས་བརྟན་པོ་བཅངས་བ་དང་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་ཐབས་བྱས་པར་བརྟེན་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

        གསུམ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “7·23”གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།

        དེང་སྐབས་བོད་འདི་ཉིད “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏིང་ཟབ་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་ཤིང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་གལ་ཆེའི་བཀོད་སྒྲིག་ལྟར་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ཁག་དམ་འཛིན་གང་ལེགས་བྱེད་རྒྱུ་དེས་2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཡུལ་མངོན་འགྱུར་བྱེད་པར་གལ་ཆེའི་དོན་སྙིང་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོཌ་པའི་གྲོས་ཞིབ་ནང་ཞུཌ་སྐབས་ཀྱི་གལ་ཆེའི་གསུང་བཤད་དང “7·23”གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བཅས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་ལྟེ་བར་བཟུང་བ་དང་། མི་རིགས་མཐུན་སྒྲིལ་བྱེད་རྒྱུ་འགན་ལེན་དུ་བྱེད་པ། དམངས་ཀྱི་འཚོ་བ་ཡག་ཏུ་གཏོང་རྒྱུ་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བྱེད་པ་བཅས་བྱས་ཐོག གོང་འཕེལ་དང་བརྟན་ལྷིང་དོན་ཆེན་གཉིས་དམ་ཐག་ཆོད་བཟུང་བ་དང་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་སྤེལ་གཏོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཙུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུ་འགན་ལེན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་རྒྱུ་འགན་ལེན། འབྱུང་ཁམས་ཁོར་ཡུག་ཡག་པོ་ཡོང་རྒྱུ་འགན་ལེན་བཅས་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་རྒྱུར་འབད་འཐབ་ཧུར་ཐག་བྱས་ནས་དེ་བས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།

        (གཅིག )ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དགོས།

        ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྲུང་གོ་གོང་འཕེལ་ཡར་ཐོན་བྱུང་བའི་དར་ཆ་ཞིག་ཡིན་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་དར་ཆ་ཞིག་ཀྱང་ཡིན། ཡུན་རིང་འབད་འཐབ་བྱས་པ་བརྒྱུད་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུར་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གྲུབ་འབྲས་ཐོབ་ཡོད། དེའང་གལ་ཆེ་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་གཏོད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཆགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་ཐུབ་པ་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་དགོས་པ་དེ་བོད་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུའི་ཐོག་སྐྱོད་རྒྱུ་དེ་ཡིན།

        ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ངོས་འཛིན་གཏིང་ཟབ་བྱེད་དགོས། “ཀྲུང་གོའི་ཁྱད་ཆོས ”ནི་བླ་སྲོག་ཡིན་ལ་ཁ་ཕྱོགས་ཀྱང་ཡིན་པས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་དམིགས་སེམས་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་བློ་རྩ་བརྟན་པོ་དེ་མཚོན་ཡོད། “བོད་ཀྱི་དམིགས་བསལ་ཁྱད་ཆོས ”ནི་བོད་ཀྱི་གོང་འཕེལ་ཆོས་ཉིད་ལ་ངོས་འཛིན་དང་། གོང་འཕེལ་གཏོང་སྟངས་གསར་གཏོད། གོང་འཕེལ་གྱི་དཀའ་གནད་སེལ་བ་བཅས་ཀྱི་བྱ་ཐབས་དང་ཐབས་ལམ་ཞིག་ཡིན། གལ་ཆེའི་འཐབ་ཇུས་བསམ་བློ་དེས་ཚན་རིག་དང་མཐུན་པའི་ངང་བོད་གོང་འཕེལ་གཏོང་བའི་བླང་བྱ་གསར་པ་དང་། གོང་འཕེལ་དུས་རིམ་གྱི་འགྱུར་ལྡོག་གསར་པ། མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་པ་བཅས་བཏང་འཛིན་ཡང་དག་བྱས་ཡོད་པས་ང་ཚོའི་ཏང་གིས་བོད་གོང་འཕེལ་གཏོང་བའི་ཆོས་ཉིད་ལ་ངོས་འཛིན་བྱེད་པའི་ཐད་ཀྱི་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་དང་བོད་སྐྱོང་མཛད་ཇུས་ཕུན་སུམ་ཇེ་ཚོགས་སུ་གོང་འཕེལ་བཏང་བ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བོད་དུ་ཞིབ་ཕྲའི་བེད་སྤྱད་པ་ཞིག་ཡིན་པ། བོད་འདི་རྒྱལ་ཡོངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རྒྱུའི་དམིགས་ཚད་མངོན་གྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལྡོག་མེད་འགྲོ་ལམ་ཞིག་བཅས་ཡིན་པས་བོད་ཀྱི་དོན་དངོས་དང་ཡོངས་སུ་མཐུན་ཡོད་ལ་བོད་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་ཡོངས་སུ་མཐུན་ཡོད།

        བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་མཛུབ་ཁྲིད་དགོངས་དོན་གཞིར་བཟུང་མུ་མཐུད་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་གཏོང་དགོས་ཤིང་། གོང་འཕེལ་གཏོང་རྒྱུའི་ལས་འགན་ཨང་དང་པོ་འདི་དམ་པོར་བཟུང་ཐོག་ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ་བཅས་ཀྱི་བསམ་གཞི་གཞིར་བཟུང་དམིགས་བསལ་ཁྱད་ལྡན་ཐོན་ལས་གསོ་སྤེལ་དང་། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་གོང་འཕེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན། ཚན་རྩལ་གསར་གཏོད་དང་ཞབས་ཞུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

        མུ་མཐུད་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། འབྱོར་སྟོབས་དེ་བས་མང་བ་ཞིག་དམངས་འཚོ་ཇེ་ཡག་ཏུ་གཏོང་བའི་ཁྱབ་ཁོངས་ནང་གཏོང་བ་དང་། གཙོ་གནད་དེ་ཞིང་འབྲོག་ཁུལ་དང་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་སྟེ་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡིན་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་བསྒྱུར་བཅོས་དང་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་བཟོ་དགོས། མུ་མཐུད་ནས་འབྱུང་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག འབྱུང་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་ལྡན་པའི་གོང་འཕེལ་གཏོང་ལམ་ཐོག་བསྐྱོད་དེ་གངས་ལྗོངས་ས་མཐོའི་རྩི་ཤིང་རྐང་རེ་རེ་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས། མུ་མཐུད་ནས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་ཤིང་། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱིས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཧྲིལ་པོ་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། མུ་མཐུད་ནས “བོད་སྐྱོད་རྒན་རབས་པའི་སྙིང་སྟོབས ”དར་སྤེལ་བཏང་ནས་དུས་རྟག་ཏུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ཏེ་དཀའ་སྤྱད་འབད་འཐབ་དང་དམ་པ་དོན་གཉེར་གྱི་སྤྱོད་བཟང་དར་སྤེལ་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་གཏོང་དགོས།

        (གཉིས )དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་ལྟེ་བར་བཟུང་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་དགོས།

        གོང་འཕེལ་གཏོང་རྒྱུ་ནི་དོན་དམ་པ་ཞིག་ཡིན་ལ་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་གནད་ཀྱང་ཡིན། མུ་མཐུད་ནས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་གཡོ་འགུལ་མི་གཏོང་བར་བློ་བརྟན་འགྱུར་མེད་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་ལམ་ཐོག་བསྐྱོད་རྒྱུ་དང་། བརྟན་ཐོག་མྱུར་འཕེལ་གྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་གོང་འཕེལ་གྱི་ལྟ་བ་སྒྱུར་ཐུབ་པ་དང་། གོང་འཕེལ་གཏོང་སྟངས་གསར་གཏོད། གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་ལམ་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་གཏོང་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འཁེལ་གནང་བའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག ཤེས་ལྡན་པ། ཐོན་ལས། ག་སྦྱར་རོགས་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཀྲུང་དབྱང་དང་། རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱི་ག་སྦྱར་བོད་སྐྱོར་གྱི་མཐུན་རྐྱེན་བེད་སྤྱོད་གང་ལེགས་བྱས་ནས་རང་འགུལ་ཐོག་འབྲེལ་མཐུད་བྱེད་པ་དང་། ལེ་ལག་ཚང་སྒྲིག་གི་སྒོ་ནས་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་སྨིན་ཐུབ་པ་དང་ཕན་འབྲས་དངོས་ཐོན་པ་བྱས་ཐོག་དེའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པའི་འགན་ལེན་བྱེད་དགོས།

        གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་“ལོ་ལྔ་ཚན་བཅུ་གཉིས་པའི་”རིང་རྒྱལ་ཁབ་ཀྱིས་བོད་ལྗོངས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཆེ་གྲས་ཁག་226ནུས་ཤུགས་གཅིག་སྒྲིལ་གྱིས་དམ་འཛིན་ཡག་པོ་བྱས་ནས་ལོ་འཁོར་ནང་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁག་179ཡན་ཟིན་པའི་བརྩོན་ལེན་བྱས་ཐོག་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་640ཡན་ཟིན་ཐུབ་པ་བྱེད་དགོས།

        གོང་འཕེལ་གཏོང་རྒྱུའི་བཅུར་འགག་གཏོར་དགོས། འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ལྷ་གཞིས་དང་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ལྗོངས་ཕྱི་ནང་གི་མཁའ་འགྲུལ་དྲ་རྒྱ་འཐུས་ཚང་དུ་གཏོང་ཐབས་བྱེད་རྒྱུ། གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་7ཟིན་པ། དམངས་སྤྱོད་མཁའ་འགྲུལ་ཐོག་ནས་འགྲུལ་པ་སྐྱེལ་ནུས་མི་ཐེངས་ཁྲི་220ཟིན་པ། ཡིག་ཟམ་ཟོག་འདྲེན་བྱེད་ནུས་ཏུན་ཁྲི་1.5ཟིན་པ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་“ནུབ་གློག་ཤར་ཁྲིད ”ཀྱི་རྗེས་མཐུད་ནུས་རྒྱུའི་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གློག་འདོན་འཕྲུལ་ཤུགས་བསྡོམས་འབོར་ཆན་ཝཱ་ཁྲི་120ཟིན་པའི་བརྩོན་ལེན་བྱེད་རྒྱུ་དང་། ཤང་གྲོང་96%ཡན་ལ་འོད་སྐུད་ཤར་གཏོང་ཐུབ་པ་དང་ཤང་གྲོང་70%ཡན་ལ་སྦྲག་ཟམ་དྲ་བ་ཁྱབ་ཐུབ་པའི་བརྩོན་ལེན་བྱེད་དགོས། དམིགས་བསལ་ཁྱད་ལྡན་ཐོན་ལས་གསོ་སྤེལ་དང་སྟོབས་ཆེར་གཏོང་དགོས། ཐོན་ལས་དང་པོ་གོང་མཐོར་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་རྒྱུ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་རྒྱུ་བཅས་ལ་ཤུགས་བརྒྱབ་ནས་ཞིང་འབྲོག་ལས་གྲུབ་ཆ་སྔར་བས་ལེགས་སྒྲིག་དང་། ཞིང་འབྲོག་ལས་ཐོན་ལས་ཅན་དུ་གོང་འཕེལ་ཇེ་མགྱོགས་སུ་བཏང་སྟེ་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས། ནུས་རྒྱུ་དང་། ཁྱད་ལྡན་གཏེར་ལས། བོད་ལུགས་གསོ་རིག་དང་སྨན་ལས། ས་མཐོའི་ཁྱད་ལྡན་བཟའ་བཅའ། མི་རིགས་ལག་ཤེས་བཟོ་ལས། ཁྱད་ལྡན་ཡུལ་སྐོར་སོགས་གཙོ་རྟེན་ཐོན་ལས་དམིགས་སུ་བཀར་ནས་དམ་འཛིན་བྱས་ཏེ་གཙོ་ཆེའི་འཐབ་ཇུས་ཀྱི་ནུས་རྒྱུ་གསོག་འཇོག་རྟེན་གཞི་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། འཛམ་གླིང་ཡུལ་སྐོར་བྱེད་ཡུལ་བཅས་ཧུར་ཐག་སྐྲུན་དགོས།

        དམངས་གཉེར་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། བློས་འགེལ་བ་དང་། བཀག་རྒྱ་གློད་པ། ལྷུག་ཏུ་གཏོང་བ། བློ་ཁོག་ཆེན་པོ། སྲབ་མདའ་གློད་པ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་གཉེར་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་གཏོང་དགོས།

        བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ། ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ཁུངས་གསར་སྤེལ་དང་། དཔལ་འབྱོར་མཉམ་ལས་ཀྱི་ཐབས་ལམ་དང་ཁྱབ་ཁོངས་རྒྱ་ཆེར་ཟམ་མི་ཆད་པ་བཏང་ནས་རྒྱལ་ཕྱི་རྒྱལ་ནང་ལ་སྒོ་མོ་དབྱེ་བའི་ཆུ་ཚད་གོང་མཐོར་གཏོང་དགོས།

        གྲོང་རྡལ་ཅན་དང་རྫོང་ཁོངས་དཔལ་འབྱོར་ལ་སྐུལ་འདེད་གཏོང་རྒྱུ། གྲོང་རྡལ་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་བ། མཐུན་རྐྱེན་བཟང་བའི་ས་ཁུལ་སྔོན་ལ་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བཅས་བྱས་ཏེ་ལྟེ་བའི་གྲོང་རྡལ་གྱི་ཟེར་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

        (གསུམ )དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་ཐུབ་པ་བྱེད་དགོས།

        དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ནི་ང་ཚོའི་ལས་དོན་མཐའ་དག་གི་ཐོག་མའི་དམིགས་ས་དང་དོན་ལ་འབབ་ས་ཡིན། དམངས་ཕྱུག་བོད་དར་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་གཙོ་གནད་ལ་དམིགས་ཏེ་ཕྱོགས་བཅུའི་ཐད་ཀྱི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་བྱས་ཏེ་བསྒྱུར་བཅོས་དང་གོང་འཕེལ་གྱི་འབྲས་བུ་སྔར་བས་མང་བ་དང་དྲང་སྙོམས་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་པ་བྱེད་དགོས།

        བདེ་སྡོད་ལས་གཞི་ཁྱབ་སྤེལ་ཤུགས་ཆེ་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞི་འཛུགས་སྐྲུན་བྱེད་རྒྱུ་དང་གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྤེལ་ཧུར་ཐག་བཏང་ནས་དེ་བས་མང་བའི་ཞིང་འབྲོག་མང་ཚོགས་རྣམས་ཉེན་མེད་གོ་ཆོད་ཀྱི་སྡོད་ཁང་ནང་སྡོད་ཐུབ་པ་བྱས་ཏེ་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་རྒྱུའི་ལས་དོན་བརྟན་པོའི་ངང་སྤེལ་ཏེ་“ཞིང་དུད་ལ་རིགས་བརྒྱད་བཟོ་འཁྲིད ”དང་དགོན་པར “ཡོད་པ་དགུའི ”ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཐོག ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་ལས་གཞི་ཁྱབ་སྤེལ་ཇེ་མགྱོགས་སུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་། ཞིང་འབྲོག་ཁུལ་གྱི་མང་ཚོགས། དགོན་སྡེའི་དགེ་འདུན་པ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་དགོས།

        ལས་ཞུགས་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། དགེ་མཚན་ལྡན་པའི་ལས་ཞུགས་ཀྱི་སྲིད་ཇུས་སྔར་བས་དོན་འཁྱོལ་བྱེད་པ་དང་། ལས་ཞུགས་ཀྱི་དོ་དམ་དང་ལས་ཞུགས་ཞབས་ཞུའི་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ལོ་འཁོར་མོར་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་པ་མི་གྲངས་ཁྲི་2.15ཡན་གསར་སྣོན་ཐུབ་པ་བྱས་ཏེ་སྐྱེ་ཁུངས་བོད་ནས་ཡིན་པའི་ལོ་དེ་རང་ལ་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་དང་། སྔ་ལོ་ཐོན་པའི་སློབ་མ་རྩ་བའི་ཆར་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱས་ཏེ “ལས་ཞུགས་པ་མེད་པའི་ཁྱིམ་ཚང ”མེད་པ་བྱས་ཐོག་ལས་ཞུགས་བྱེད་ས་ཡོད་པ་དང་། མི་ཚང་མར་ལས་ཀ་ཡོད་པ། རྒྱུན་དུ་ཡོང་འབབ་ཡོད་པ་བཅས་བྱེད་ཐུབ་པའི་འབད་བརྩོན་བྱེད་དགོས།

        ཟོག་གོང་བརྟན་གནས་དང་ཚོད་འཛིན་བྱེད་རྒྱུར་ཤུགས་རྒྱག་རྒྱུ། ཁྲོམ་རའི་རིན་གོང་ལ་སྔོན་བརྡ་དང་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞིང་ཞོར་ཐོན་རྫས་གྲབས་ཉར་དང་ཁྲོམ་རར་འདོན་ཤུགས་ཆེ་རུ་བཏང་སྟེ་རིན་གོང་འཕར་ཆག་གི་ཉེན་ཁ་སྙོམས་སྒྲིག་ཐེབས་རྩ་བཙུགས་ནས་རིན་གོང་གི་འཕྲལ་སྡོམ་མཐུན་སྦྱོར་ལམ་སྲོལ་ཚགས་ཚུད་དུ་བཏང་ཁར། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་རིན་གོང་འཕར་བ་དང་ཕན་ཚུན་ཟུང་སྦྲེལ་བྱེད་པའི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་འཕར་ཆག་འགྲོ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བའི་ནང་ཚུད་དུ་ཚོད་འཛིན་བྱེད་དགོས།

        སྨན་བཅོས་འཕྲོད་བསྟེན་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་ཁྱབ་སྤེལ་བཏང་ནས་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིན་མེད་སྨན་བཅོས་བྱེད་རྒྱུ་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་རིམ་གསུམ་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། ནད་ཡམས་སྔོན་འགོག་དང་ཚོད་འཛིན། བུད་མེད་དང་ཕྲུ་གུའི་སྨན་བཅོས་འཕྲོད་སྦྱོར། འཕྲོད་བསྟེན་གྱི་ཁྲིམས་སྒྱུར་ལྟ་སྐུལ། དེ་བཞིན་འཕྲོད་བསྟེན་ཐད་ཀྱི་འཕྲལ་སྡོམ་ཐག་གཅོད་བྱེད་རྒྱུ་སོགས་ཀྱི་སྤྱི་པའི་འཕྲོད་བསྟེན་ལས་དོན་དམ་འཛིན་ཡག་པོ་བྱས་ནས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་གོང་མཐོར་ཏན་ཏིག་བཏང་ཐོག ལོ་མཇུག་གོང་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མི་མི་གྲངས་ཁྲི་300ཚང་མར་རིན་མེད་ཐོག་གཟུགས་པོ་བརྟག་དཔྱད་ཐེངས་གཅིག་ཐུབ་པ་བྱེད་རྒྱུ། ད་ལོ་དང་དུས་སང་ལོ་གཉིས་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་7000ཚང་མར་རིན་མེད་སྨན་བཅོས་བྱེད་རྒྱུའི་ལས་ཀ་སྒྲུབ་ཐུབ་པ་བྱེད་དགོས།

        སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་གོང་མཐོར་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིར་ཁེབས་པའི་སྤྱི་ཚོགས་འགན་སྲུང་གི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་དང་གྲོང་ཁྱེར་གྲོང་གསེབ་སྨན་བཅོས་རོགས་སྐྱོབ་བྱེད་ཁོངས་རྒྱ་ཆེར་བཏང་སྟེ་སྤྱི་ཚོགས་འགན་སྲུང་གཉེར་སྒྲུབ་བྱེད་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་དུས་ཚོད་འཚམ་ངེས་སྐབས་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ཁག་གི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། འགན་བཅོལ་ཁག་ནང་ཞུགས་ཚད་93%ཡན་ཟིན་པ་བྱེད་རྒྱུ་དང་། གྲོང་གསེབ་ཀྱི “འགན་ལེན་ལྔ ”འཚོ་སྐྱོང་བྱེད་ཁོངས་རྒྱ་ཆེར་བཏང་སྟེ་གྲོང་གསེབ་ཀྱི “འགན་ལེན་ལྔའི ”གཅིག་སྡུད་འཚོ་སྐྱོང་བྱེད་ཚད་46%ཡས་མས་ཟིན་པ་བྱེད་དགོས། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ལ་ཁེབས་པ་དང་། སྣ་རིགས་ཚང་བ། བྱེད་ནུས་འཐུས་སྒོ་ཚང་བ་བཅས་ཀྱི་དེང་དུས་སློབ་གསོའི་མ་ལག་བཙུགས་ནས་ཞིང་འབྲོག་ཁུལ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་གཏོང་བའི་འཆར་གཞི་ཁྱབ་སྤེལ་ཧུར་ཐག་བཏང་སྟེ་ལོ་15ཡི་འགན་བབས་སློབ་གསོའི་རིན་མེད “འགན་ལེན་གསུམ ”གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱ་ཆེའི་སློབ་ལོ་ལོན་པའི་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་སློབ་གསོ་ཡག་པོ་ཐོབ་ཐུབ་པའི་འགན་ལེན་བྱེད་དགོས།

        དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཆེད་དོན་དབུལ་སྐྱོར་གསར་སྤེལ་འཆར་འགོད་བཟོ་འབེབས་བྱས་ནས་དབུལ་སྐྱོར་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་སྟེ་2020ལོར་སླེབས་སྐབས་གཙོ་གནད་ཤང་དང་གྲོང་རྡལ་259ལ་ཤང་ཧྲིལ་པོར་དབུལ་སྐྱོར་གསར་སྤེལ་ཁྱབ་གདལ་གཏོང་ཐུབ་པ་བྱས་ནས་དབུལ་པོའི་དུད་ཚང་ཁྲི་20དང་ཡོང་འབབ་དམའ་བའི་ཞིང་འབྲོག་མང་ཚོགས་ཁྲི་83.3རྣམས་དབུལ་འགྲོལ་ཐུབ་པ་བྱེད་དགོས།

        (བཞི )རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཤུགས་ཆེར་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

        རིག་གནས་ནི་མི་རིགས་ཀྱི་ཁྲག་རྩ་དང་བླ་སྲོག་ལྟ་བུ་ཡིན་ལ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གལ་ཆེའི་འདེགས་སྐྱོར་ཞིག་ཀྱང་ཡིན། རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཚད་མཐོའི་རིག་གནས་ཀྱི་རང་རྟོགས་དང་རིག་གནས་ཀྱི་གདེང་དྲོད་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་བ་དང་། མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩི་བ། འདུ་ཤེས་འཛིན་སྟངས་དང་རིག་གནས་ཉམས་མེད་ཡོང་བར་སྲུང་སྐྱོང་བྱེད་རྒྱུ་དེ་གལ་ཆེའི་འགན་འཁྲིར་བརྩི་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་ལས་འགན་ཞིག་ཏུ་བརྩི་བ་བཅས་བྱས་ནས་ལྟེ་བའི་རིན་ཐང་མ་ལག་གི་ཁྲིད་སྟོན་བྱེད་ནུས་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་རྩོད་བྱེད་ནུས། གཙོ་རྒྱུན་གླེང་ཕྱོགས་མཚམས་སྦྱོར་གྱི་བརྒྱུད་སྤེལ་བྱེད་ནུས། སྤྱི་པའི་རིག་གནས་ཞབས་ཞུའི་ཟེར་འགྱེད་བྱེད་ནུས། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་བྱེད་ནུས་བཅས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཕྱོགས་ཡོངས་ནས་རིག་གནས་དར་སྤེལ་གཏོང་བའི་མཐོ་རླབས་གསར་པ་ཞིག་འཕྱུར་བ་བྱས་ཏེ་བོད་འདི་ཉིད་རིག་གནས་ཐོན་ཁུངས་ཀྱི་ཁུལ་ཆེན་པོ་ཞིག་ནས་རིག་གནས་གོང་འཕེལ་འགྲོ་བའི་ཁུལ་སྟོབས་ཆེན་ཞིག་ཏུ་སྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

        མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དེ་རྒྱལ་དམངས་སློབ་གསོ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཐོག “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་ཏེ་རྒྱལ་གཅེས་རིང་ལུགས་ལྟེ་བར་འཛིན་པའི་མི་རིགས་ཀྱི་སྙིང་སྟོབས་དང་། བསྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་ལྟེ་བར་བྱེད་པའི “བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས ”བཅས་དར་སྤེལ་ཤུགས་ཆེ་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས།

        སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་བསམ་པའི་རིག་གནས་དྲིལ་བསྒྲགས་བྱེད་པའི་གཡུལ་ས་བཟུང་ཐུབ་པ་བྱེད་རྒྱུ། བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་ཐད་ཀྱི་འཐབ་རྩོད་བྱེད་པའི་སྐད་ཆ་ཤོད་དབང་དང་རང་དབང་རང་ལག་ཏུ་དམ་པོར་བཟུང་སྟེ་སྔར་ལས་ལྷག་པའི་སྒོ་ནས་བརྒྱུད་སྤེལ་བྱེད་ལམ་བཤངས་ཐོག དྲིལ་བསྒྲགས་སློབ་གསོའི་ཁེབས་རྒྱ་དང་ཤུགས་རྐྱེན་ཐེབས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རིག་གནས་ཐད་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ཐོག ལོག་སྤྱོད་ཀྱི་པར་སྐྲུན་ཡིག་རིགས་དང་དྲིལ་བསྒྲགས་དངོས་རིགས་མཐའ་གཅིག་ཏུ་གཙང་བཤེར་བསྡུ་ལེན་བྱས་ནས་རིག་གནས་ཁྲོམ་ར་གཙང་མ་བཟོས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གནོད་སྐྱོན་གང་ཡང་མི་ཐོན་པ་བྱེད་དགོས།

        དམངས་ཡོངས་ཀྱི་ཀུན་སྤྱོད་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། བསམ་པའི་དཔལ་ཡོན་གཏོད་རྒྱུའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ “ཡ་རབས་ཚུལ་ལྡན་གྱི་ཤང་(གྲོང་རྡལ )དང་གྲོང་ཚོའི་དཔེ་སྟོན་ལས་གཞི ”དང་། “སྐར་རིམ་བཅུའི་ཡ་རབས་ཚུལ་ལྡན་གྱི་དུད་ཚང་གཏོད་རྒྱུའི་ལས་གཞི ” དེ་བཞིན་“ལེ་དབར་ཁྲི་ཡི་ས་མཐོའི་འགྲིམ་འགྲུལ་གཞུང་ལམ་ཨ་མའི་ཡ་རབས་ཚུལ་ལྡན་གྱི་སྡེ་ཁུལ་ལས་གཞི ”བཅས་ལག་བསྟར་ཧུར་ཐག་བྱས་ཏེ་ཡ་རབས་ཚུལ་ལྡན་གྱི་ཤང་གྲོང་(གྲོང་ཚོ )དང་། ཡ་རབས་ཚུལ་ལྡན་གྱི་ཚན་པ། ཡ་རབས་ཚུལ་ལྡན་གྱི་རྫོང་གྲོང་། ཡ་རབས་ཚུལ་ལྡན་གྱི་སྡེ་ཁུལ། ཡ་རབས་ཚུལ་ལྡན་གྱི་དུད་ཚང་བཅས་འོས་སྦྱོར་དང་དཔྱད་འདེམས་བྱེད་རྒྱུའི་ལས་དོན་ཧུར་ཐག་སྤེལ་ཐོག སྤྱི་ཚོགས་ཡོངས་སུ་གོམས་གཤིས་ངན་པ་བསྒྱུར་བ་དང་། ཤེས་དཔལ་གཏོད་པ། སྲོལ་བཟང་གཏོད་པ་བཅས་ཀྱི་དར་སྲོལ་ཆེན་པོ་ཞིག་ཆགས་པ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

        རིག་གནས་ལ་བརྟེན་ནས་དམངས་ལ་ཕན་འདོགས་པའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱེད་རྒྱུ། ལྗོངས་ཡོངས་ལ་ཁྱབ་པ་དང་། བྱེད་ནུས་ཆ་ཚང་བ། འཁོར་རྒྱུག་གི་ནུས་ཕྱོད་ཆེ་བ། དམངས་ཡོངས་ལ་ཕན་པ་བཅས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཅིག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ས་གནས་གྲོང་ཁྱེར་བདུན་པོར་དཔེ་དེབ་ཁང་དང་། མང་ཚོགས་ཀྱི་སྒྱུ་རྩལ་ཁང་། གྲངས་འཛིན་གློག་བཪྙན་ཁང་བཅས་ཡོད་པ་དང་། རྫོང་ཁག་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་། གློག་བཪྙན་ཁང་། ཤིན་ཧྭ་དཔེ་ཚོང་ཁང་བཅས་ཡོད་པ། ཤང་གྲོང་ལ་ཕྱོགས་བསྡུས་རིག་གནས་ས་ཚུགས་ཡོད་པ། གྲོང་ཚོ་ཀུན་ལ་རིག་གནས་ཁང་དང་། ཞིང་དུད་དཔེ་ཁང་། གློག་བཪྙན་སྟོན་ས་ཡོད་པ་བཅས་མངོན་འགྱུར་ཡོང་རྒྱུའི་འབད་བརྩོན་བྱས་ཏེ་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས “གཤམ་སྐྱོད་གསུམ ”གྱི་བྱེད་སྒོ་ཁྱབ་སྤེལ་ཧུར་ཐག་བཏང་ཐོག མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་བློ་ཡིད་ཚིམ་པའི་རིག་གནས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

        རིག་གནས་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་ཚན་པའི་ནང་ཁོངས་ཀྱི་བསྒྱུར་བཅོས་དང་ལས་གཉེར་རང་བཞིན་གྱི་རིག་གནས་ཚན་པ་ཁེ་ལས་སུ་ལུགས་སྒྱུར་བྱེད་རྒྱུ་ཧུར་ཞིང་བརྟན་པོའི་ངང་ཁྱབ་སྤེལ་བཏང་སྟེ་རིག་གནས་དེ་ཡུལ་སྐོར་དང་། ཚན་རྩལ། འབྱུང་ཁམས་ཐོན་ལས་བཅས་དང་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུར་སྐུལ་འདེད་བཏང་ཐོག རིག་གནས་གོང་འཕེལ་གཏོང་བའི་གསོན་ཤུགས་སྔར་བས་ཆེ་རུ་བཏང་སྟེ་2015ལོར་སླེབས་སྐབས་རིག་གནས་ཐོན་ལས་འཕར་ཐང་གིས་ཐོན་སྐྱེད་སྤྱི་ཐང་ནང་བཟུང་བའི་བསྡུར་ཚད་དེ་3%ཡན་ཟིན་པ་བྱེད་རྒྱུའི་བརྩོན་ལེན་བྱེད་དགོས།

        མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་རྒྱུ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུར་དམ་འཛིན་བྱས་ཏེ་རིག་དངོས་དང་མངོན་མིན་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་། སྲུང་སྐྱོབ། ལེགས་སྒྲིག་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཙོ་ཆེའི་ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་རིག་གནས་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་བྱེད་དགོས།

        རིག་རྩལ་གསར་རྩོམ་བཟོ་འདོན་བྱེད་རྒྱུ་སྔར་བས་གྲ་རྒྱས་སུ་གཏོང་རྒྱུ། “ལེགས་པོ་ལྔའི ”ལས་གཞི་ལག་བསྟར་བྱེད་རྒྱུ་སྣེ་འདྲེན་དུ་བྱས་ཏེ་མི་དམངས་མང་ཚོགས་ལ་བསམ་པའི་རིག་གནས་ཀྱི་ཐོན་རྫས་སྔར་བས་མང་བ་དང་ཡག་པ་མཁོ་འདོན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།

        (ལྔ ) བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཡུན་རིང་བདེ་འཁོད་ཡོང་བའི་འབད་བརྩོན་བྱེད་དགོས།

        བོད་ལྗོངས་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ལྗོངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་ཟིང་སློང་ནི་ཆག་སྒོ་ཡིན་པ་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་ར་སྤྲོད་གསལ་པོ་བྱུང་ཡོད། སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུ་ནི་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པའི་རྩ་བའི་འགན་ལེན་ཡིན།

        སྔར་ལས་ལྷག་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། ཏཱ་ལའི་རུ་ཚོགས་ཀྱིས་ཇེ་ངན་ཇེ་སྡུག་གི་སྒོ་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་མདུན་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། ཪྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་དེ་མཐའ་དག་ལས་ལྷག་པའི་གཙོ་ཆེའི་ལས་འགན་ཞིག་དང་། རི་བོ་ཐའེ་ཧྲན་ལས་ལྕི་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ལ་བརྩིས་ཏེ་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་དགོས་པ་མ་ཟད། དུས་རྟག་ཏུ་བརྟན་ལྷིང་གི་རྩ་བ་དེ་དམ་པོར་བཟུང་ཐོག སེམས་ནུས་གཅིག་ཏུ་འགྲིལ་བ་དང་། སྤེལ་ཤུགས་མི་ཉམས་པ། ལས་དོན་སྤེལ་རྒྱུར་གཡོ་འགུལ་མི་ཐེབས་པ། འགན་འཁྲི་ལྷོད་གཡེང་མི་གཏོང་བ་བཅས་བྱེད་ཐུབ་པ་དང་། དོགས་ཟོན་ཆེར་སྐྱེད་ཀྱིས་རྒྱུན་དུ་ཉེན་ཟོན་དྲན་སྐུལ་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་བྱ་སྤྱོད་སྔོན་ལ་སྤེལ་བ་དང་རང་འགུལ་ངང་དམག་འཐབ་ཡག་པོ་བརྒྱབ་ཐོག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་རང་ལག་ཏུ་དམ་པོར་འཛིན་ཐུབ་པ་བྱེད་དགོས།

        ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་རྒྱུ། རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། བོད་གསར་ཪྙིང་བསྡུར་བ་བྱེད་པ་བཅས་ཀྱི་སློབ་གསོར་བརྟེན་ནས་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུན་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཡིན་པའི་གནད་དོན་དེའི་ཐོག་དུས་དང་རྣམ་པ་ཀུན་དུ་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། བློ་ཐག་ཆོད་པོ། གོམ་སྟབས་གཅིག་མཐུན་བཅས་བྱེད་ཐུབ་པའི་ཁྲིད་སྟོན་བྱས་ཏེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

        སྔར་ལས་ལྷག་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་དམིགས་ཚད་ཁ་གསལ་འདོན་རྒྱུ། སྔ་ས་ནས་དམ་འཛིན་དང་། ཆུང་ཐོག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་རྒྱུན་ཐོན་ལམ་སྲོལ་བཟོས་ཏེ་གནད་དོན་ཆེ་འབྲིང་རྩ་བ་ནས་མི་ལྷག་པ་དང་ཆུང་རྩག་ཡང་མི་ལྷག་པའི་འབད་བརྩོན་བྱས་ཏེ་ལྗོངས་ཡོངས་ཀྱི་དུས་བབ་ཕྱོགས་ཡོངས་ནས་བརྟན་ལྷིང་དང་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས།

        སྔར་ལས་ལྷག་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ལེགས་སུ་གཏོང་རྒྱུ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་གསར་གཏོད་བྱེད་རྒྱུ་འགག་གནད་སྒྲོལ་སར་བརྩིས་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་ཐོག་ཤུགས་རྒྱག་དགོས་པ་དང་། དགོན་སྡེའི་དོ་དམ་ཤུགས་ཆེར་གཏོང་རྒྱུའི་ཐོག་ཐབས་ཇུས་དངོས་འདོན་པ། གྲོང་ཁྱེར་དྲ་མིག་ཅན་གྱི་དོ་དམ་བྱེད་རྒྱུའི་ཐོག་ལས་དོན་མང་ཙམ་སྤེལ་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྡུང་རྡེག་བཅོས་སྒྲིག་གི་ཆེད་དམིགས་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་སྔར་བས་སྲ་བརྟན་དུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགོག་སྲུང་སྲ་བརྟན་བཟོས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་མེད་པ་བཟོ་དགོས།

        སྔར་ལས་ལྷག་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཏང་སྲིད་དམག་ཉེན་དམངས་བཅས་ལྔ་ཡིས་མཐུན་སྦྱོར་མཉམ་འགུལ་བྱེད་པའི་ལམ་སྲོལ་དང་། རིམ་ཁག་འགོ་ཁྲིད་ཀྱི་བརྟན་ལྷིང་སྲུང་སྐྱོང་འགན་འཁྲི་ཁག་བགོས་ལམ་སྲོལ། བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ། ཆ་འཕྲིན་གསང་གནད་གཏོང་ལེན་ལམ་སྲོལ། འཕྲལ་མྱུར་ཐག་གཅོད་བྱེད་པའི་ལམ་སྲོལ་བཅས་འཐུས་ལེགས་སུ་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རིགས་འཕྲལ་མ་ཉིད་དུ་ཐག་གཅོད་ཐུབ་པ་དང་མྱུ་གུ་འབུར་བཅོམ་ཐུབ་པ་བྱེད་དགོས།

        སྔར་ལས་ལྷག་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ཐུབ་པ་བྱེད་རྒྱུ། བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་དམ་ནན་གྱི་སྒྲིག་ཁྲིམས་ལ་བརྟེན་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པ་དང་། དགྲ་འཛིན་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱ་སྤྱོད་ལ་སེམས་ཐག་གཙང་བཅད་ཀྱིས་དོགས་ཟོན་དང་བཀག་འགོག་བྱས་ཏེ་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་འཚེ་གཏོང་བའི་ལྐོག་གཡོའི་ངན་ཇུས་མཐའ་དག་རྩ་མེད་མཐར་ཕྱིན་བཏང་ནས་ཡུན་རིང་བདེ་འཁོད་ཐུབ་པའི་ལྕགས་རི་སྲ་བརྟན་ཞིག་རྒྱག་དགོས།

        (དྲུག ) འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྐྲུན་དགོས།

        འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ལྗོངས་རྒྱུན་མཐུད་གོང་འཕེལ་འགྲོ་བའི་གལ་ཆེའི་འགན་སྲུང་ཞིག་ཡིན། འབྱུང་ཁམས་བཟང་བའི་བོད་ལྗོངས་སྐྲུན་རྒྱུའི་འཐབ་ཇུས་ཀྱི་བླང་བྱ་གཞིར་བཟུང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དམིགས་བསལ་གྱིས་སྔོན་ལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་གོང་འཕེལ་གཏོང་བའི་ནང་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཆེན་དང་། སྲུང་སྐྱོབ་བྱེད་པའི་ནང་གོང་འཕེལ་ཡོང་ཐབས་ཧུར་ཐག་བྱེད་དགོས།

        གཙོ་གནད་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད་ལག་བསྟར་ནན་ཏན་བྱས་ནས་གཙོ་གནད་ཐོག་གཙང་ཆུ་ཆེ་རིགས་ཀྱི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། གཤེར་ས། རང་བྱུང་ནགས་ཚལ། དེ་བཞིན་སྐྱེ་དངོས་སྣ་མང་ཅན་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་མངོན་ཆེར་བཟུང་སྟེ་ས་ཆུ་ཤོར་བ་དང་། ས་ཆ་དང་རྩྭ་ར་བྱེ་གྱུར་འགྲོ་རིགས་ལ་ཕྱོགས་བསྡུས་བཅོས་སྐྱོང་དང་བཙོག་སྐྱོན་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་དང་བྱ་དགའི་ལམ་སྲོལ་དང་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ཀྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཤིང་འཛུགས་ནགས་བཟོ་སྤྱི་ཆིང་ཁྲི་26ཡན་ཟིན་པ་དང་། སྐྱས་སྤོས་རྩྭ་གསོ་སྤྱི་ཆིང་ཁྲི་480ཡན་ཟིན་པ། ས་ཆ་བྱེ་གྱུར་བཅོས་སྐྱོང་བྱེད་རྒྱུ་སྤྱི་ཆིང་ཁྲི་18ཡན་ཟིན་ཐུབ་པའི་བརྩོན་ལེན་བྱེད་དགོས། ཁོར་ཡུག་ཞིབ་དཔྱད་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་རྒྱུ། གཙང་ཆུ་གཙོ་བོ་དང་གཙོ་གནད་ཁུལ་ཁོངས་ཀྱི་ཆུའི་སྤུས་ཚད་དང་མཁའ་རླུང་གི་སྤུས་ཚད་ལ་འཕྲུལ་ཐབས་ཀྱིས་ཞིབ་དཔྱད་ཚད་ལེན་བྱེད་པའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ནགས་ཚལ་རྩྭ་ཐང་དང་། ས་ཆུ་ཤོར་བ། ས་གཤིས་དང་གནམ་གཤིས་ཀྱི་གནོད་འཚེ་སོགས་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་དྲ་རྒྱ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། མི་ཐབས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གཏོང་རྒྱུ་དང་གནམ་གཤིས་འགྱུར་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁོར་ཡུག་ཞིབ་དཔྱད་ཚད་ལེན་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་ནས་གནས་ཚུལ་སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་གྲ་སྒྲིག་བྱེད་པ། སྔ་ཙམ་ནས་ཁ་གཏད་གཅོག་ཐུབ་པ་བཅས་བྱེད་དགོས།

        རྒྱུན་འཁོར་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ་བཅས་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེ་བྱས་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ། “འགྱིག་སྙིགས་ཀྱི་བཙོག་སྐྱོན ”བཀག་སྡོམ་དང་། ཁོར་ཡུག་སྲུང་སྐྱོབ་ཐད “སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི་ལམ་ལུགས ”དོན་འཁྱོལ་ཡག་པོ་བྱས་ནས། འབྱུང་ཁམས་ཁོར་ཡུག་གི་འགག་སྒོ་དང་། ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ་བཅས་ནན་སྲུང་བྱེད་དགོས།

        སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་མང་ཚོགས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་གོང་མཐོར་གཏོང་རྒྱུ། འབྱུང་ཁམས་སྲུང་སྐྱོབ་བྱེད་དགོས་པའི་བསམ་བློ་དྲིལ་བསྒྲགས་རྒྱ་ཆེར་བྱས་ནས་སྤྱི་ཚོགས་ཡོངས་སུ་ཁོར་ཡུག་ལ་གཅེས་སྤྲས་བྱེད་པར་དམངས་ཡོངས་ཀྱིས་དང་ལེན་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་མི་ཚང་མར་འགན་འཁྲི་ཡོད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱས་ཐོག སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཁ་ཙམ་མིན་པའི་སྒོ་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་ཡག་པོ་བྱས་ཏེ་སྲ་ཞིང་བརྟན་པའི་བོད་ལྗོངས་ས་མཐོའི་རྒྱལ་ཁབ་འབྱུང་ཁམས་བདེ་འཇགས་སྲུང་བཅད་ཧུར་ཐག་བཟོས་ནས་རྒྱལ་ཁབ་དང་། མི་དམངས། ཕ་ཚ་བུ་རྒྱུད་བཅས་ལ་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་དགོས།

        (བདུན )ཏང་འཛུགས་སྐྱོང་བྱེད་པའི་ཚན་རིག་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་སྲ་ཞིང་བརྟན་པ་བྱེད་དགོས།

        ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་གཏོད་རྒྱུའི་འགག་རྩ་ནི་ཏང་གི་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དེ་ཡིན། མིག་སྔར་རང་ལྗོངས་འདི་ཉིད་མཆོང་སྐྱོང་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་འགག་རྩའི་དུས་ལ་སླེབས་པས་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་ནི་ཧ་ཅང་ལྕི་བ་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱིས་དཀྲིས་པའི་མཆོག་འགྱུར་འགན་འཁྲིའི་མདུན་དུ་ཏང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དེ་བས་ཁ་ཚ་དགོས་གཏུགས་དང་གལ་འགངས་ཆེ་བ་ཞིག་ཡིན་པ་མངོན་གྱི་ཡོད། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་བསམ་བློ་དང་། སྒྲིག་འཛུགས། སྒྲིག་ཁྲིམས། སྤྱོད་ཚུལ་བཅས་ཕྱོགས་བཞི་འཛུགས་སྐྱོང་བྱེད་རྒྱུའི་ཐད་ནས་ཏང་གི་སྔོན་ཐོན་རང་བཞིན་འཛུགས་སྐྱོང་དང་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་འཛུགས་སྐྱོང་བྱེད་པའི་རླབས་ཆེན་གྱི་ལས་གཞི་གསར་པ་མུ་མཐུད་ཁྱབ་སྤེལ་བཏང་ཐོག ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་ཐུབ་ནས་ཐོག་མཐའ་བར་གསུམ་དུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མཆོང་སྐྱོང་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་གྱུར་བ་བྱེད་དགོས།

        བསམ་བློ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུའི་བླང་བྱ་ལྟར་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ་གྱི ”གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ “བོད་སྐྱོད་པ་རྒན་རབས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེ་གཏོང་དགོས་པ། “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། དཔལ་ཡོན ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་མཁན་གྱི་མིག་དཔེ་ཞིག་བྱེད་དགོས་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་བསམ་པ། ཁྱོན་ཡོངས་ཀྱི་བསམ་པ་བཅས་བརྟན་པོ་འཛུགས་དགོས་པ། ཕུགས་འདུན་དད་སེམས་བརྟན་དུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་ཐོག་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་མཐའ་འཁྱོངས་བྱེད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས།

        རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ། ས་གནས (གྲོང་ཁྱེར )དང་། རྫོང་(གྲོང་ཁྱེར། ཆུད ) ཤང་དང་གྲོང་རྡལ་བཅས་ཀྱི་ཏང་སྲིད་འགོ་ཁྲིད་རྒན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལས་གཞི་ལག་ལེན་ཤུགས་ཆེ་བསྟར་ཏེ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་དགོས། གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་ཐོག་གཞི་རིམ་ལས་བྱེད་པའི་དཔུང་ཁག་ཁ་སྐོང་ཤུགས་ཆེར་བྱས་ནས་གཞི་རིམ་འཐབ་ས་དང་པོའི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་རྒྱུར་མཐོང་ཆེན་བྱེད་དགོས། གྲོང་ཚོ (གྲོང་ལྷན )ཏང་ཀྲི་པུའུ་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་ཏེ་གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་ཐོག “ལེགས་པོ་ལྔ ”དམིགས་ཡུལ་དུ་བྱས་ཏེ་ནུས་མེད་ཉམས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་སྲོག་ཤིང་དུ་བྱེད་པའི་གྲོང་ཚོའི “ཨུ་ལྷན་གཉིས ”ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱེད་དགོས། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་ནས་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ་དེ་ལག་བསྟར་གང་མགྱོགས་བྱས་ཏེ་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་སྲིད་འཛིན་གྲོང་ཚོ་ཚང་མ་དང་། མཐོ་རིམ་སློབ་གྲྭ་དང་འཛིན་གྲྭ་ཚང་མར་ལོ་ལྟར་ཏང་ཡོན་མི 3ནས་5བར་འཕེལ་རྒྱས་གཏོང་དགོས།

        ཏང་གི་སྒྲིག་ཁྲིམས་ནན་པོ་སྲུང་རྒྱུ། མཐུན་སྒྲིལ་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་སྐྱོན་གཏོང་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་། ལྐོག་ཟ་ལྐོག་རྔན་ལེན་པ། རུལ་སུངས་ངན་རུལ་དུ་གྱུར་བ། ལས་འཛོལ་འགན་འཛོལ་ཤོར་བ་བཅས་ཀྱི་གྱོད་གཞིའི་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་རིགས་སེམས་ཐག་གཙང་བཅད་ཀྱིས་ཡོ་བསྲང་བྱས་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་རུལ་སུངས་ལ་ཁྲིམས་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་དགོས།

        སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་རྒྱུ། མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སེམས་ལ་བརྟན་པོར་བཅངས་ནས་རང་རྟོགས་ངང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ཐོག་མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་སེར་སྣ་མེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བརྟེན་ནས་དམ་པ་དོན་གཉེར་དང་། ཏན་ཏན་ཏིག་ཏིག བྱ་བ་དངོས་སྒྲུབ་པ་བཅས་བྱས་ཏེ་དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ཀྱི་དོན་དུ་ཁེ་ཕན་སྒྲུབ་པ་བཅས་ཐུབ་པ་བྱས་ཐོག་ཏང་ཡོན་ལས་བྱེད་པའི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་སྣེ་ཁྲིད་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་གཏོད་ཐུབ་པ་བྱེད་དགོས།

        མདུན་སྐྱོད་ཀྱི་དུང་བརྡ་བཏང་ཟིན་ཞིང་། མཛེས་སྡུག་གི་འབྱུང་འགྱུར་ཡོངས་སུ་མངོན། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་དོན་སྒྲུབ་སེམས་ཆེན་པོའི་ཐོག་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་རླབས་ཆེན་གྱི་ལག་ལེན་ཁྲོད་དུ་ཧུར་ཐག་ཞུགས་ནས་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།

        (བོད་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།