དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཆབ་མདོས་རིགས་དབྱེ་དང་རིམ་པ་གཏན་འཁེལ་གྱི་ཐབས་མཆོག་བཞི་ཡག་པོ་སྤྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་རང་སྐྱོང་ལྗོངས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་གསལ། བོད་ཀྱི་ཆབ་མདོ་ས་ཁུལ་གྱིས་བྱེད་ཐབས་བཞི་སྤྱད་དེ་ས་ཁུལ་དེ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་2124ལ་བརྟག་དཔྱད་མཐིལ་རྟོགས་དང་རིགས་དབྱེ་དང་རིམ་པ་གཏན་འཁེལ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་དག་ཐེར་མཐོར་གཏོང་དང་གནས་སྤོར་རིམ་སྤོར་ལས་དོན་དམ་འཛིན་ཡག་པོ་བྱེད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

        སྒྲིག་འཛུགས་ཞིབ་ཚགས་བྱས་ནས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཆབ་མདོ་ས་ཁུལ་གྱིས་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཏང་རྩ་འཛུགས་རེ་རེ་བཞིན་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་བརྟག་དཔྱད་མཐིལ་རྟོགས་དང་རིགས་དབྱེ་དང་རིམ་པ་གཏན་འཁེལ་ལས་དོན་སྤེལ་བའི་དམིགས་ཡུལ་དང་། དོན་སྙིང་། ཐབས་ཤེས་དང་གོ་རིམ་བཅས་ལ་ངོས་འཛིན་གང་ལེགས་བྱེད་དུ་བཅུག་པས་ལས་ཀའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཕྱིན་པ་རེད།

        ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ་གནས་ཚུལ་ངོ་མ་མཐིལ་རྟོགས་བྱས་ཤིང་། ཆབ་མདོ་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་ནས་འགོ་བཙུགས་ཏེ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རེ་ཟུང་བཅར་གླེང་། དངོས་སུ་ལྟ་བ། དྲི་ཤོག་བཏོན་ཏེ་བརྟག་དཔྱད་བྱེད་པ་སོགས་བྱེད་ཐབས་ནུས་ལྡན་བརྒྱུད་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་གི་གནས་ཚུལ་ལ་ཕྱོགས་ཡོངས་དང་ཞིབ་ཚགས་པའི་སྒོ་ནས་བརྟག་དཔྱད་མཐིལ་རྟོགས་བྱས་པ་དང་། རྩ་འཛུགས་བཀོད་སྒྲིག་བྱ་རྒྱུ་ལུགས་དང་མཐུན་མིན་དང་། འགོ་ཁྲིད་ཚན་ཁག་འཐུས་སྒོ་ཚང་མིན། རྩ་འཛུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་མིན་བཅས་གཙོ་གནད་དུ་བརྟག་དཔྱད་བྱས་པས་གཞི་གྲངས་ཁ་གསལ་བ་དང་། ཆ་འཕྲིན་གནད་ལ་འཁེལ་བ། གནས་ཚུལ་ཁ་གསལ་བ་བཅས་བྱུང་བ་རེད།

        ཚད་གཞི་ཞིབ་ཕྲ་བཟོས་ནས་རིམ་པ་གཏན་འཁེལ་བྱས་ཤིང་། ཆབ་མདོ་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས “ཏང་རྩ་འཛུགས་རང་ཉིད་ཀྱིས་དཔྱད་མོལ་བྱེད་པ་དང་། ཏང་ཡོན་མང་ཚོགས་ཀྱིས་དཔྱད་བསྡུར་བྱེད་པ། གོང་རིམ་ཏང་ཨུད་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱེད་པ་བཅས ”ཀྱི་ལས་ཀའི་གོ་རིམ་ལ་ནན་པོར་གཞིགས་པ་དང “ལེགས་པོ་ལྔའི ”བླང་བྱར་ལྟ་བསྡུར་བྱས་ནས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་དང་། ལས་ཀའི་བསམ་ཕྱོགས། ལས་ཀའི་ལམ་ལུགས། བྱེད་སྒོའི་འཐབ་ས། འགན་སྲུང་ལམ་སྲོལ། ལས་ཀའི་གྲུབ་འབྲས། མང་ཚོགས་ཀྱི་བསམ་འཆར་སོགས་རིགས་དབྱེ་དང་རིམ་པ་གཏན་འཁེལ་གྱི་དམིགས་ཚད་བདུན་ཞིབ་ཕྲ་དབྱེ་ཕྲལ་བྱས་པ་དང་ཁོངས་གཏོགས་ཀྱི་རིགས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ལ་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་རིགས་དབྱེ་དང་རིམ་པ་གཏན་འཁེལ་བྱས་པ་རེད། ཞིབ་ཕྲའི་ལས་དོན་ཁྲོད་དུ “གནས་ཚུལ་མཐིལ་རྟོགས་དང་། རིགས་དབྱེ་ཚན་རིག་དང་མཐུན་པ། རིམ་པ་གཏན་འཁེལ་གནད་ལ་འཁེལ་བ་བཅས ”ཀྱི་ཚད་གཞི་མཐའ་འཁྱོངས་བྱས་པ་དང་བརྟག་དཔྱད་མཐིལ་རྟོགས་ལས་དོན་གཏིང་ཟབ་ཞིབ་ཚགས་ཡོང་བ་བྱས་ནས་ཞིབ་དཔྱད་གཏན་འཁེལ་གྱི་འབྲས་བུ་དེ་དོན་དངོས་དང་འཚམ་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།