དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་གཞིས་རྩེས་གཞི་རིམ་ཏང་འཛུགས་ལས་དོན་གྱི་་་

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོའི་ནང་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས “གཞི་རིམ་ཏང་འཛུགས་ཐད་ཁྱད་ལྡན་གཏོད་དགོས་པའི ”སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བྱེད་ཐབས་ཁག་གསུམ་སྤྱོད་པ། “རྫོང་རེར་སྤུས་རྟགས་རེ་ཡོད་པ་བྱེད་པའི ”ཏང་འཛུགས་ལས་དོན་གྱི་སྤུས་རྟགས་གཏོད་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས་གཞི་རིམ་ཏང་འཛུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡོད་པ་རེད།

        གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལེན་པ་དང་ཁྱབ་གདལ་གཏོང་བའི་ཁྲོད་དུ་སྤུས་རྟགས་བཏོད་པ། གཞིས་རྩེ་ས་ཁུལ་གྱིས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རོགས་རམ་བྱེད་པ་དང་། དཀའ་ངལ་ཡོད་པའི་ཏང་ཡོན་དང་དུས་བཀག་ངང་སྙིང་གཏམ་ཤོད་པ། དཀའ་ངལ་ཡོད་པའི་ཏང་ཡོན་ལ་ནུས་རྩལ་མཐོ་རུ་བཏང་ནས་ལས་ཞུགས་དང་བྱ་གཞག་གཏོད་པ་སོགས་ཐད་ཀྱི་རྒྱལ་རྩེ་དང་། སྐྱིད་གྲོང་། གྲོ་མོ་བཅས་ཀྱི་དཔེ་མཚོན་གྱི་བྱེད་སྟངས་ཕྱོགས་སྡོམ་ནན་ཏན་བྱེད་པ། ས་ཁུལ་དེ་ཡོངས་སུ “སེམས་དྲུག ”གི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ཤིང་། པ་སྣམ་རྫོང་རྒྱལ་སྟེང་གྲོང་ཚོས་ཏང་ཡོན་མང་ཚོགས་ཀྱི་དམངས་གཙོའི་དཔྱད་མོལ་བྱས་པའི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་བྱས་ཏེ་ས་ཁུལ་དེ་ཡོངས་སུ “ཏང་ཡོན་མང་ཚོགས་ཀྱི་དམངས་གཙོའི་དཔྱད་མོལ ”ལས་དོན་གྱི་བྱེད་སྟངས་ཁྱབ་གདལ་གཏོང་གི་ཡོད་པ་རེད།

        ཞིབ་ཕྲའི་ལས་དོན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་པོ་བྱེད་པའི་ཁྲོད་དུ་སྤུས་རྟགས་གསོ་སྤེལ་བྱེད་པ། ད་ལོའི་གཞི་རིམ་ཏང་འཛུགས་ལས་དོན་གྱི་ལས་འགན་ལ་དམ་པོར་དམིགས་པ་དང་། འགན་འཁྲི་ལས་བགོས་དོན་འཁྱོལ་བྱེད་པ། དུས་བཅད་ལེགས་སྒྲུབ་གསལ་པོ་བྱེད་པ། ལས་དོན་དོ་དམ་བྱེད་མཁན་ཆེད་མི་ཡོད་པ་དང་། འགན་འཁྲི་ཁ་གསལ་ཡོད་པ། འགན་འཁྲིར་དུས་བཀག་ཡོད་པ་བཅས་བྱས་པས་ཚང་མར་དམིགས་ཚད་ཡོད་པ་དང་། ཚང་མའི་ཕྲག་ཐོག་ཏུ་གནོན་ཤུགས་ཡོད་པ། ལས་དོན་ཚང་མ་དོན་འཁྱོལ་ཐུབ་པ་བཅས་བྱེད་ཀྱི་ཡོད་པ་རེད། ཏང་ཡོན་གྱི་ཡོངས་བསྒྲགས་ལས་དོན་དོན་འཁྱོལ་བྱེད་པའི་ནང “ཁས་ལེན་གཅིག་དང་། གསལ་ཞུ་གཉིས། དཔྱད་མོལ་བཞི ”བཅས་ཏན་ཏིག་སྤེལ་བའི་ལས་ཀའི་བྱེད་སྟངས་བཏོན་ཞིང་། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ནང་སྔོན་ཐོན་ཤང་དང་གྲོང་ཚོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང “ལེགས་པོ་ལྔ ”ཡི་བླང་བྱར་གཞིགས་ནས་ཚད་གཞི་དང་དཔྱད་ཞིབ་བྱེད་ཐབས་ཁ་གསལ་བཟོས་ཏེ་ཤང་གྲོང་རྩ་འཛུགས་37དེ་དག་སྔོན་གཏོད་བྱ་ཡུལ་ལ་བརྩིས་ཁར་ལོ་མཇུག་ཏུ་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱེད་ཀྱི་ཡོད་པ་རེད།

        གཞི་རིམ་ཏང་འཛུགས་ལས་དོན་གསར་གཏོད་ཁྲོད་དུ་སྤུས་རྟགས་སྐྱེད་སྲིང་བྱེད་པ། གཞིས་རྩེ་ས་ཁུལ་གྱིས་ཏང་འཛུགས་ཀྱི་སྤུས་རྟགས་གཏོད་རྒྱུ་དེ་ཏང་འཛུགས་ལས་དོན་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་གནད་དོན་གྱི་ནུས་ལྡན་གྱི་གཞི་རྟེན་དང་དམ་འཛིན་བྱེད་གཞི་ནུས་ལྡན་ལ་བརྩི་བ་དང་། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་རང་སྟོབས་ཀྱི་ནུས་པ་སྐོང་འཐེན་གང་ལེགས་བྱེད་པ། བློ་བསྡུས་དགེ་འཚོལ་དང་། མཐོང་རྒྱ་ཆེ་རུ་གཏོང་བ། བསམ་ཕྱོགས་གསར་པ་འདོན་པ། གཞི་རྟེན་གསར་པ་གནད་ལ་འཁེལ་བ་ཞིག་འདེམས་པ། བྱེད་ཐབས་གསར་པ་འདོན་པ་བཅས་བྱས་པས་སྤུས་རྟགས་གཏོད་རྒྱུ་དེ་གཞི་རིམ་ཏང་འཛུགས་གསར་གཏོད་ཀྱི “ཚོད་ལྟའི་ཞིང་ཁ ”དང་དཔེ་མཚོན་ཉམས་མྱོང་གི “སྒོ་ང་སྙོལ་ས ”ལྟ་བུར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།