དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི“7·23”གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་6ཉིན་གྱི་སྔ་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “7·23” གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་། པད་མ་འཕྲིན་ལས། ཧའོ་ཕུང་། བློ་བཟང་རྒྱལ་མཚན། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ལེང་ཐན་ཀེན་བཅས་ཕེབས་པ་དང་ཏུང་ཡུན་ཧུའུ་ཡིས་སྙན་ཞུའི་ཚོཌ་འདུ་གཙོ་སྐྱོང་གནང་བ་རེད།

        འདི་ལོའི་ཟླ་7ཚེས་23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། གསུང་བཤད་ནང་མིག་སྔའི་རང་རྒྱལ་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་དང་། ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་འགའ་ཞིག་ཞིབ་བཤད། ཏང་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་སྐྱོན་པ་བཅས་གནང་བས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་མཐུན་འཕེལ་རྒྱས། གསར་འབྱེད་གསར་གཏོད། ཡིད་ཆེས་ཀྱིས་ཁེངས་པ་བཅས་ཀྱི་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་འབད་འཐབ་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆེད་མངགས་བརྡ་ཐོ་བཀྲམས་ནས་བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ་ཁྱོན་ཡོངས་ནས་གོ་བ་ལེན་ཐུབ་ཆེད་རང་ལྗོངས་ཀྱིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཤིན་མིན་གདན་ཞུས་ཀྱིས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

        ཏུང་ཡུན་ཧུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་གསུང་བཤད་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། གཅིག་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱིའི་བླང་བྱར་གོ་བ་གཏིང་ཟབ་དང་ཁོང་དུ་ཡག་དག་ཆུད་པ་བྱེད་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ནང་དོན་ཟབ་མོར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་པ། གསུམ་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་པ། བཞི་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་བཅས་དང་དེ་བཞིན་སྣོད་བཅུད་དང་ཤེས་དཔལ་འཛུགས་སྐྱོང་གི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་པ། ལྔ་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། སློབ་སྦྱོང་བྱེད་པ་དང་གོ་བ་བླངས་རྗེས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་དངོས་འབྲེལ་གཅིག་གྱུར་ཡོང་བ་བྱས་ཏེ་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་དང་ཏང་འཛུགས་སྐྱོང་གི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

        ཏུང་ཡུན་ཧུའུ་ཡིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་མཚམས་གོང་མའི་སློབ་སྦྱོང་གི་རྨང་གཞིའི་ཐོག་བཀོད་སྒྲིག་ཞིབ་ཚགས་དང་བྱ་ཐབས་ནུས་ལྡན་སྤྱད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བྱེད་པ་བཅས་བྱས་ནས་གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་ལས་དོན་ཁག་ལ་གཅིག་འདོམས་བྱེད་དགོས་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ནས་དམ་འཛིན་ནན་ལ་ཡག་པོ་བྱེད་དགོས་པ། རིམ་ཁག་ཏང་གི་སློབ་གྲྭ (སྲིད་འཛིན་སློབ་གླིང )དང་འཆད་ཁྲིད་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ལས་བྱེད་པར་སློབ་གསོ་རྒྱག་པ་དང་གསོ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་ནང་བཅུག་ནས་སྒྲོག་འགྲེལ་དང་ཟུར་ཁྲིད་ཡག་པོ་བྱེད་དགོས་པ། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་མིག་སྔའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩིས་ནས་གསུང་བཤད་ཀྱི་དགོངས་དོན་རྒྱུན་མཐུད་གཏིང་ཟབ་ངང་འཆད་འགྲེལ་བྱེད་པ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ཚུར་སྣང་ལན་ཆ་དྲག་པོ་དུས་ཐོག་ཏུ་བཀོད་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དགོངས་དོན་མི་སེམས་ལ་ཟུག་པ་བྱས་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        གོང་ཚེས་ཉིན་གྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དེ་ལྗོངས་ཡོངས་སུ་བཪྙན་འཕྲིན་དང་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་ལྷ་སར་ཚོགས་ར་གཙོ་བོ་དང་ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

        ཀརྨ་དང་། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེན་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས། རྡོ་རྗེ་ཚེ་རིང་། བདེ་སྐྱིད། ཏུང་མིང་ཅུན། པ་སངས་དོན་གྲུབ། བློ་བཟང་རྡོ་རྗེ། པད་མ་རྣམ་རྒྱལ། བསོད་ནམས་སྒྲོལ་མ། བློ་བཟང་འགྱུར་མེད། ཀྲང་ཕེ་ཀྲུང་། ཝུའེ་ཅིན། ཀའོ་དབང་ཧའེ། ཀའོ་དབྱང་སོགས་འགོ་ཁྲིད་བློ་མཐུན་ལྷ་སའི་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།