དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཀྲང་ཡུས་ལ“བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིའི”གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གུང་སྒར་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་བློ་མཐུན་ཀྲང་ཡུས་ནི་1968ལོའི་ཟླ་བ་བདུན་པར་སྐྱེས་པ་དང་། 1991 ལོའི་ཟླ་བ་དྲུག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ། 1991ལོའི་ཟླ་བ་བདུན་པར་ལས་ཀར་ཞུགས། 2010ལོའི་ཟླ་བ་བཞི་པར་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་མངའ་རིས་ས་ཁུལ་སྒར་རྫོང་དུ་ཁ་གཏད་རོགས་སྐྱོར་གྱི་ལས་ཀ་བྱེད་པར་བསྐྱོད། བོད་དུ་སླེབས་པ་ནས་བཟུང་ཁོང་གིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་གྱི་འགན་འཁྲི་སེམས་ནང་བརྟན་པོར་ངེས་ནས་སྒར་རྫོང་འདི་ཉིད་ཕ་ཡུལ་གཉིས་པར་བརྩི་བ་དང་སྒར་རྫོང་གི་ཆེད་རང་ཁྱིམ་བློས་གཏོང་གིས་རྫོང་དེའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། 2010ལོ་དང་2011ལོར་ཕུལ་བྱུང་གི་སྤྱི་ཞབས་པར་འདེམས་ཐོན་བྱུང་བ་དང་2011ལོར “བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར ”ལ་འདེམས་ཐོན་བྱུང་བ་རེད། 2012ལོའི་ཟླ་8ཚེས་22ཉིན་གྱི་ཆུ་ཚོད་10དང་སྐར་མ་26གི་ཐོག་བློ་མཐུན་ཀྲང་ཡུས་ལ་སྙིང་ཀླད་ཁྲག་རྩའི་ཁྲག་འགག་ནད་ཀྱིས་རྐྱེན་པས་གློ་བུར་དོས་དྲག་གི་སྙིང་རྩ་འགག་པའི་ནད་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་ཕན་ནུས་མ་ཐོན་པར་སྟབས་མི་ལེགས་པར་གཞུང་དོན་དུ་རང་སྲོག་ཤོར་བ་རེད།

        རྫོང་ཨུད་ཀྱི་ཧྲུའུ་ཅི་ཞིག་ཡིན་པའི་བློ་མཐུན་ཀྲང་ཡུས་ཀྱིས་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བློ་ཐག་ཆོད་པོས་ཁ་ཕྲལ་ལ་ངོ་རྒོལ་དང་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དམིགས་ཡུལ་སེམས་ལ་བརྟན་པོར་ངེས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ནས་དབང་ཆ་དམངས་ཆེད་སྤྱོད་པ་དང་། བརྩེ་སེམས་དམངས་ལ་བཅངས་པ། ཁེ་ཕན་དམངས་ལ་སྐྲུན་པ་བཅས་མཐའ་འཁྱོངས་ཀྱིས་བློ་གཅིག་སེམས་གཅིག་ངང་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། དོན་བཟང་སྒྲུབ་པ་བཅས་བྱེད་པ། ཐོག་མཐའ་བར་གསུམ་དུ་འགན་འཁྲིར་བློ་དཀར་སེམས་དཀར་དང་རང་འགན་ནན་སྒྲུབ་ཀྱིས་ལས་ཀའི་འདུ་ཤེས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་སྣེ་ཁྲིད་ངང་འགག་སྒྲོལ་དཀའ་སེལ་བྱས་ནས་སྒར་རྫོང་གི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་བྱ་གཞག་གི་རྣམ་པ་གསར་གཏོད་པ། ཐོག་མཐའ་བར་གསུམ་དུ་ལས་གཅེས་ལས་བཀུར་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་དཀའ་ཚེགས་ཆེ་བའི་ཁོར་ཡུག་གི་འགྲན་སློང་དང་ཉམས་ལེན་ལ་བག་ཡངས་ངང་ཁ་གཏད་གཅོག་པ་དང་བོད་འདི་ཉིད་ཕ་ཡུལ་ལྟ་བུར་བརྩི་བ་དང་ལས་ཀ་གཙོ་བོར་འཛིན་ནས་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཆེན་པོ་ལྡན་པ། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་འདོམས་དང་བླང་བྱ་ནན་བཏོན་གྱིས་རྩ་དོན་རྒྱུན་འཁྱོངས་དང་། ཀུན་སྤྱོད་དམངས་གཙོ། འཚོ་བ་བབ་ཆགས། དཀའ་ཐུབ་སྤྱོད་མཁས་བཅས་ཀྱི་ཐོག་ནས་གྲིབ་མས་མ་འགོས་པའི་མི་ཞིག་བྱེད་པ་དང་ངོ་གནོང་མི་དགོས་པའི་དཔོན་ཞིག་བྱས་པ་བཅས་རེད། ཁོང་གི་སྔོན་ཐོན་བྱས་རྗེས་དེས་དུས་སྐབས་གསར་པའི་བོད་ཀྱི་རྫོང་ཨུད་ཧྲུའུ་ཅིའི་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་པ་དང་བོད་སྐྱོར་ལས་བྱེད་པའི་གཟུགས་བཪྙན་བཟང་པོ་མངོན་ཡོད། བློ་མཐུན་ཀྲང་ཡུས་ཀྱི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་གཟེངས་བསྟོད་བྱ་ཕྱིར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཀྲང་ཡུས་ལ “བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིའི ”གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

        བློ་མཐུན་ཀྲང་ཡུས་ནི་རང་ལྗོངས་ཀྱི་དུས་སྐབས་གསར་པའི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིའི་ཁྱད་དུ་འཕགས་པའི་འཐུས་མི་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་དཔེ་མཚོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་སའི་མིག་དཔེ་བཅས་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་རྫོང་ཨུད་ཀྱི་ཧྲུའུ་ཅིར་བློ་མཐུན་ཀྲང་ཡུས་ལ་སློབ་སྦྱོང་བྱས་ནས་འགན་འཁྲིར་བློ་དཀར་སེམས་དཀར་དང་ཁྱོན་ཡོངས་སེམས་ནང་འཇོག་པའི་ཁོང་གི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལ་སློབ་སྦྱོང་དང་། དམིགས་ཡུལ་བརྟན་པོར་ངེས་པ་དང་བརྩེ་སེམས་མང་ཚོགས་ལ་བཅངས་པའི་ཁོང་གི་སྤྱི་ཞབས་པའི་བརྩེ་སེམས་ལ་སློབ་སྦྱོང་། འགག་སྒྲོལ་དཀའ་སེལ་དང་བློ་ཁོག་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་ཁོང་གི་ཀུན་སྤྱོད་བཟང་པོར་སློབ་སྦྱོང་། དཀའ་ངལ་ལ་མི་འཛེམས་པ་དང་རང་དོན་རྒྱབ་བསྐྱུར་གྱིས་འབད་འཐབ་བྱེད་པའི་ཁོང་གི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་སློབ་སྦྱོང་། གཞུང་དྲང་སྤྱོད་གཙང་དང་སྔོན་དུ་མིག་དཔེ་བྱེད་པའི་ཁོང་གི་བླ་ན་མེད་པའི་སྤྱོད་ཚུལ་ལ་སློབ་སྦྱོང་བཅས་བྱས་ནས་རང་རྟོགས་ངང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་ལག་ལེན་བསྟར་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་དམ་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམངས་འཚོར་ཁེ་ཕན་སྐྲུན་པ་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་བ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།