དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་མིང་འདོགས་རྩིས་ཡོད་པའི་གྲོང་ཚོ་ཡོངས་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《〈བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་ཡིག་ཐོག་སྙན་ཞུ་དང་དོ་དམ་གཏན་འབེབས (ཚོད་ལྟའི་ལག་བསྟར )〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི 》(བོད་ཁོར་སྤེལ [2011]ཡིག་ཨང་224)ཡིག་ཆའི་དགོངས་དོན་ལྟར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ལྷ་ས་གྲོང་ཁྱེར་དང་། ཉིང་ཁྲི་ས་ཁུལ། ལྷོ་ཁ་ས་ཁུལ་བཅས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་ནས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་འཛུགས་རྒྱུའི་སྲིད་འཛིན་གྲོང་ཚོ (ཡུལ་མི་ཨུ་ཡོན་ལྷན་ཁང )36གི་དཔྱད་གཞིའི་ཡིག་ཆར་ལྟ་ཞིབ་བྱེད་པ་དང་། སྙན་ཞུ་ཉན་པ། ས་གནས་ས་ཐོག་ཏུ་ལྟ་བཤེར་བྱེད་པ། ཞིབ་དཔྱད་སྒྲིག་འཛུགས་བྱེད་པ་སོགས་ཀྱི་གོ་རིམ་ལ་བསྐྱར་ཞིབ་བྱས་པས་སྲིད་འཛིན་གྲོང་ཚོ (ཡུལ་མི་ཨུ་ཡོན་ལྷན་ཁང )36དེ་དག་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་ཆ་རྐྱེན་དང་ཚད་གཞི་སྤྱིའི་ཆ་ནས་མཐུན་པས་ད་ལྟ 《བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་ཡིག་ཐོག་སྙན་ཞུ་དང་དོ་དམ་གཏན་འབེབས (ཚོད་ལྟའི་ལག་བསྟར )》གྱི་བླང་བྱ་ལྟར་ཡོངས་བསྒྲགས་བྱ་རྒྱུ་ཡིན། ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་ལ་བསམ་འཆར་རམ་ཡང་ན་གྲོས་འགོ་ཡོད་ཚེ་ཁ་པར་དང་ཡིག་ཐོག་ནས་ཞུ་བ་དང་བློ་འདྲི་བྱེད་ཆོག

        གཅིག ཡོངས་བསྒྲགས་བྱེད་པའི་དུས་ཚོད། 2012ལོའི་ཟླ་8ཚེས་27ནས་2012ལོའི་ཟླ་8ཚེས་31ཉིན་བར་ཡིན།

        གཉིས། ཡོངས་བསྒྲགས་བྱེད་རིང་གཤམ་གསལ་གྱི་འབྲེལ་གཏུགས་བྱེད་སྟངས་བཙུགས་ཡོད་པས་གོང་ཞུའི་ཡི་གེ་དང་། ཁ་པར། བཅར་འདྲི་བཅས་བདག་སྤྲོད་དང་སྣེ་ལེན་བྱ་རྒྱུ།

        བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་སྣོད་བཅུད་ཁྲུའི་ཁ་པར་ཨང་གྲངས། 0891-6849041(བཪྙན་སྐྱེལ་ཨང་གྲངས་ཡང་ཡིན་པ )

        ས་གནས། ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་དཀྱིལ་ལམ་སྒོ་རྟགས་26

        སྦྲག་ཨང་། 850000

        གློག་རྡུལ་སྦྲག་སྒམ།   stc6834642@163.com

        གསུམ། མིང་འདོགས་རྩིས་ཡོད་པའི་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་མིང་ཐོ།

        ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་། ཐོན་པ་ཤང་ཐོན་པ་གྲོང་ཚོ།

        ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་། རྩེད་ཐང་གྲོང་རྡལ་སྦྱིན་ཀླུ་སྡེ་ཁུལ་ཡུལ་མི་ཨུ་ཡོན་ལྷན་ཁང་།

        ལྷོ་ཁ་ས་ཁུལ་གྲ་ནང་རྫོང་། གྲ་ཐང་གྲོང་རྡལ་གྲེས་མོ་སྡེ་ཁུལ་ཡུལ་མི་ཨུ་ཡོན་ལྷན་ཁང་།

        ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་། ཨོ་རོང་གྲོང་རྡལ་སྤེན་ཙོ་གྲོང་ཚོ་དང་། དགའ་ཆགས་གྲོང་ཚོ། སྨད་གྲོང་ཚོ། རི་གྲོང་ཚོ། ཨོ་རོང་གྲོང་ཚོ། ཨོ་རོང་ཤར་ཕྱོགས་གྲོང་ཚོ། སྟེང་མཁར་ནུབ་ཕྱོགས་གྲོང་ཚོ། རྒྱ་དྲུག་གྲོང་ཚོ། ལྕང་གྲོང་གྲོང་ཚོ། ཕུ་ལུང་གྲོང་ཚོ། རི་ཤོད་གྲོང་ཚོ། ཤན་གྲོང་ཚོ། བཀྲ་གྲོང་ཚོ། གནས་ལུང་ཤང་གི་ཚེ་པ་གྲོང་ཚོ་དང་། རྒྱ་ཕང་གྲོང་ཚོ། གྲོང་གསར་གྲོང་ཚོ། ཡུལ་གསུམ་གྲོང་ཚོ། བདེ་སྐྱིད་གྲོང་གསར་གྲོང་ཚོ། གནས་ལུང་གྲོང་ཚོ། གནས་ཡུལ་ཤང་གི་གནས་ཡུལ་གྲོང་ཚོ་དང་། ཚལ་ཁྲོབ་གྲོང་ཚོ། ཆུང་གླིང་གྲོང་ཚོ། བཀྲ་ཤིས་རབ་བརྟན་ཤང་གི་ཚལ་མི་གྲོང་ཚོ།

        ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་། སྦེ་པ་གྲོང་རྡལ་གྱི་འཛིན་པ་གྲོང་ཚོ་དང་། བཀྲ་བདེ་གྲོང་ཚོ། གསེར་ཀོང་གྲོང་ཚོ། ཀྲང་པ་གྲོང་ཚོ། འབྲས་པ་གྲོང་ཚོ། སྦེ་པ་གྲོང་ཚོ། བུ་ཆུ་ཤང་གི་རྡོ་སྟེང་གྲོང་ཚོ་དང་། རྒྱན་ཆས་གྲོང་ཚོ། བྱང་དཀར་གྲོང་ཚོ། སྐར་མ་གྲོང་ཚོ་བཅས་སོ།

                                                       བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་སྣོད་བཅུད་ཁྲུའུ།

                                                                                           2012ལོའི་ཟླ་8པའི་ཚེས་27ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།