དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཚེ་རིང་དོན་ལྡན་ལ་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེ་རིང་དོན་ལྡན། ཕོ། བོད་རིགས། བོད་ལྗོངས་སྣེ་གདོང་རྫོང་ནས་ཡིན། 1954ལོའི་ཟླ་9པར་སྐྱེས་ཤིང་། 1970ལོའི་ཟླ་7པར་ལས་གནས་སུ་ཞུགས་པ་དང་། 1996ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ། 1999ལོར་ལྷ་ས་གྲོང་ཁྱེར་གློག་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་སྲིད་ཆེད་སྤྱོད་གློག་འཕྲིན་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར། 2005ལོར་བོད་རང་སྐྱོང་ལྗོངས་ཆེད་སྤྱོད་འཕྲིན་གཏོང་ཅུས་བཙུགས་རྗེས་ཅུས་ཀྲང་གཞོན་པའི་འགན་འཁུར། བློ་མཐུན་ཚེ་རིང་དོན་ལྡན་ངལ་དུབ་ཆེ་བའི་དབང་གིས་ཅུས་ཀྱི་ལས་དོན་ཚོགས་འདུ་ཞིག་གི་ཐོག་གློ་བུར་དུ་ཀླད་ཁྲག་འདྲེས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར 2011ལོའི་ཟླ་12ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་2དང་སྐར་མ་30ཐོག་གྲོངས་པ་དང་ལོ་57ལས་སོན་མེད་པ་རེད།

        བློ་མཐུན་ཚེ་རིང་དོན་ལྡན་ནི་ལྗོངས་ཡོངས་ཀྱི་ཏང་སྲིད་ཆེད་སྤྱོད་འཕྲིན་གཏོང་འཐབ་ཕྱོགས་ནས་ཐོན་པའི་སྔོན་ཐོན་གྱི་དཔེ་མཚོན་ཞིག་ཡིན་ལ “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་གྱི་མིག་དཔེ་ཞིག་ཀྱང་ཡིན། བློ་མཐུན་ཚེ་རིང་དོན་ལྡན་ལས་ཀར་ཞུགས་རིང་གི་ལོ 40རིང་ཧུར་ཐག་འབད་ཐག་དང་ཏན་ཏན་ཏིག་ཏིག་གིས་འཕྲིན་གཏོང་ལས་ཀ་བསྒྲུབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་མངོན་ཡོད། 2005ལོར་བོད་ལྗོངས་ཆེད་སྤྱོད་འཕྲིན་གཏོང་ཅུས་བཙུགས་རྗེས་ཁོང་གིས་ཆ་རྐྱེན་ཅི་ཡང་མི་འདོན་པ་དང་རང་ཉིད་ཀྱི་ཐོབ་ཤོར་ལ་མི་བལྟ་བར་རྩ་འཛུགས་ཀྱི་བཀོད་སྒྲིག་མཐའ་གཅིག་ཏུ་བརྩི་སྲུང་གིས་ཆ་རྐྱེན་ལེགས་པའི་གློག་འཕྲིན་ཀུང་སི་ནས་གཞུང་དོན་སྒྲུབ་ས་དང་ལས་བཟོའི་སྡོད་ཁང་ཡང་མེད་པའི་ཆེད་སྤྱོད་འཕྲིན་གཏོང་ཅུས་སུ་ཡོང་ནས་ལོ་6རིང་ལས་ཀ་བསྒྲུབས་པ་རེད།

        2008ལོའི་ཟླ་3པར་ལྷ་སར “3·14”དོན་རྐྱེན་ཐོན་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་ལྷ་ས་ནས་ས་ཁུལ་དྲུག་དབར་གྱི་གསང་སྲུང་འཕྲིན་གཏོང་གནད་དོན་གང་མགྱོགས་ཐག་གཅོད་བྱས་ནས་གཤམ་གྱི་གནས་ཚུལ་གོང་ཞུ་དང་གོང་རིམ་གྱི་གནས་ཚུལ་གཤམ་སྤེལ་བྱེད་རྒྱུའི་འགན་ལེན་བྱེད་ཆེད་ཁོང་གིས་རྒྱུན་མཐུད་ཉིན་20ལྷག་ཙམ་འབད་འཐབ་བྱས་པ་དང་། ལམ་ཐག་སྤྱི་ལེ་8000ལྷག་ཙམ་བསྐྱོད་པ། ས་མཐོར་མི་འཕྲོད་པའི་དཀའ་ངལ་ཁྱད་བསད་བྱེད་པ་བཅས་བྱས་ནས་ས་ཁུལ་དྲུག་ཏུ་གསང་བའི་དྲ་སྦྲེལ་ཁ་པར་སྒྲིག་སྦྱོར་བྱེད་པའི་ལས་འགན་ལེགས་སྒྲུབ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོའི་བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ཐད་ཀྱི་དུས་ཐོག་དང་སྟབས་བདེའི་ཆེད་སྤྱོད་འཕྲིན་གཏོང་གི་དགོས་མཁོ་བསྐངས་ཡོད། 2010ལོའི་ཟླ་3པར་སྐྱོན་ཡོད་པའི་ཆེད་སྤྱོད་འཕྲིན་གཏོང་གློག་སྐུད་གཙོ་ཕལ་ཆ་600མྱུར་བཟོ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཚུབ་ཆ་ཆེ་བའི་དུས་མཚམས་ཀྱི་འཕྲིན་གཏོང་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱེད་ཆེད་ཁོང་གིས་རྒྱུན་མཐུད་ཉིན་10རིང་མྱུར་བཟོའི་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱས་པ་མ་ཟད་ལས་རོགས་ཀུན་གྱི་སྣེ་འཁྲིད་དེ་འཁྱགས་པ་ཐེབས་པའི་ཁྲོན་པའི་ནང་དཔྱངས་ནས་གློག་སྐུད་འཁྲིད་དེ་དུས་ཐོག་ཏུ་སྐུད་ལམ་ཤར་གཏོང་ཐུབ་པ་བྱས་པས་བརྡ་རྟགས་སླར་གསོ་ཐུབ་ཡོད། 2011ལོའི་ཟླ་4པར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཕེབས་མཁན་ཀྲུང་དབྱང་སྐུ་ཚབ་ཚོགས་པ་བཞུགས་སའི་འཕྲིན་གཏོང་བདེ་འཇགས་དང་ཤར་གཏོང་ཐུབ་པ་ཡོང་ཆེད་ཁོང་གིས་འཐབ་ཕྱོགས་དང་པོར་བརྟན་སྲུང་གིས་བཀོད་འདོམས་བྱས་ནས་རྒྱུན་མཐུད་ཆུ་ཚོད་བདུན་ལྷག་ཙམ་ལ་འབད་འཐབ་བྱས་པས་དགོང་མོའི་ཆུ་ཚོད་གསུམ་པའི་ཐོག་ཁང་མིག་20ལྷག་ཙམ་ནང་ཁ་པར་སོགས་སྒྲིག་སྦྱོར་བྱེད་པའི་ལས་དོན་གཞི་ནས་ལེགས་སྒྲུབ་བྱུང་བ་དང་། དེས་མ་ཟད་རྒྱུན་མཐུད་ཟླ་བ་4རིང་རང་ཉིད་ཀྱིས་སྣེ་འཁྲིད་དེ་འཐབ་ཕྱོགས་དང་པོར་ལས་རེས་བྱས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་རིང་གི་ཆེད་སྤྱོད་འཕྲིན་གཏོང་འགན་སྲུང་ལས་འགན་གྲུབ་འབྲས་ཐོབ་པའི་ངང་ལེགས་སྒྲུབ་བྱས་པ་རེད། བློ་མཐུན་ཚེ་རིང་དོན་ལྡན་གྱི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་དེ། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག ཏང་གི་ཆེད་སྤྱོད་འཕྲིན་གཏོང་བྱ་གཞག་ལ་ལྷག་བསམ་རྣམ་དག་བཅས་དང་རང་ཉིད་གཏིང་བརྗེད་དང་དཀའ་སྤྱད་འབད་བརྩོན་གྱིས་ལས་ཀ་བྱེད་པ་དང་། དཀའ་སྤྱད་ལས་སྐྲུན་དང་གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་བསད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། ལས་དོན་ཏན་ཏིག་བསྒྲུབས་ནས་འགན་ལྕི་ཁུར་ཕོད་པ་བཅས་བྱས་ནས་བོད་ཀྱི་ཆེད་སྤྱོད་འཕྲིན་གཏོང་བྱ་གཞག་གི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

        བློ་མཐུན་ཚེ་རིང་དོན་གྲུབ་ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་ལས་གཅེས་ལས་བཀུར་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་བློ་མཐུན་ཚེ་རིང་དོན་ལྡན་ལ “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བློ་མཐུན་ཚེ་རིང་དོན་ལྡན་ལ་སློབ་སྦྱོང་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག ཏང་གི་ཆེད་སྤྱོད་འཕྲིན་གཏོང་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པའི་ཁོང་གི་ཆབ་སྲིད་ཀྱི་རང་གཤིས་ལ་སློབ་སྦྱོང་དང་། མིང་དང་ཁེ་ཕན་ལ་མི་བལྟོས་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་ཉིད་གཏིང་བརྗེད་ཀྱིས་དཀའ་སྤྱད་འབད་འཐབ་བཅས་བྱེད་པའི་བླ་ན་མེད་པའི་ཁོང་གི་སྤྱོད་བཟང་ལ་སློབ་སྦྱོང་། དཀའ་སྤྱད་ལས་གཏོད་དང་། གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་བསད། སྙིང་རུས་ཆེན་པོས་ཡར་བརྩོན་བཅས་བྱེད་པའི་ཁོང་གི་འབད་འཐབ་སྙིང་སྟོབས་ལ་སློབ་སྦྱོང། འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། དངོས་འཛིན་དངོས་སྒྲུབ་བྱེད་པ། འགན་ལྕི་འཁུར་ཕོད་པ། འགན་ཁུར་ཕོད་པ་བཅས་ཀྱི་ཁོང་གི་ལས་ཀའི་སྤྱོད་ཚུལ་ལ་སློབ་སྦྱོང་། ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་། བཀོད་སྒྲིག་དང་དུ་ལེན་པ། སྒྲིག་ལམ་ནན་པོ་སྲུང་བ། རང་འགན་འབད་སྒྲུབ་བྱེད་པ་བཅས་ཀྱི་ཁོང་གི་གཤིས་རྒྱུད་བཟང་པོར་སློབ་སྦྱོང་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཕེབས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ནས་བློ་མཐུན་ཚེ་རིང་དོན་ལྡན་མིག་དཔེར་བྱེད་པ་དང་སྔོན་ཐོན་ལ་སློབ་སྦྱོང་དང་བྱ་སྤྱོད་ཐོག་ནས་མངོན་པ་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱས་ཐོག་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གཤིས་ལ་སྣང་ཆེན་དང་། སྤྱོད་ཚུལ་ལ་མཐོང་ཆེན། མིག་དཔེ་འདོན་པ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཚེ་རིང་དོན་ལྡན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་ད་ལྟ་སྤེལ་བཞིན་པའི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ་དང་རང་འཁྲིའི་ལས་འགན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་གྱིས་བཀོད་སྒྲིག་གང་ལེགས་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་མིག་སྔའི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་བྱ་སྤྱོད་ངོ་མར་འགྱུར་བ་བྱེད་པ་དང་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།