དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2010ལོ་ནས་2012ལོ་བར་གྱི་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་སྔོན་ཐོན་ཚན་པ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2010ལོའི་ཟླ་4པ་ནས་བཟུང་ཀྲུང་དབྱང་གི་གཏན་འབེབས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་སྦྱིན་པ་དང་འགན་ལེན་བྱས་ཐོག་སྔོན་ཐོན་གྱི་དཔེ་མཚོན་འབོར་ཆེན་ཐོན་ཡོད། སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཕུལ་བྱུང་གི་གྲུབ་འབྲས་དང་དུས་སྐབས་གསར་པའི་གུང་ཁྲན་ཏང་མིའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འགན་ནུས་སྒྲུབ་པ་དང་འགན་འཁྲི་ཧུར་ཐག་འཁུར་ནས་སྔོན་ཐོན་གཏོད་པ་དང་ལས་གནས་སུ་གཞི་ཚུགས་ནས་ཕུལ་བྱུང་གཏོད་རྒྱུར་སྐུལ་མ་གཏོང་བ། དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བཅས་བྱས་ཏེ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་ལྗོངས་ཏང་ཨུད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་91འཁོར་བའི་སྐབས་སུ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲང་ཤང་ཏང་ཨུད་སོགས་གཞི་རིམ་ཏང་རྩ་འཛུགས་100དང་། ལྷག་པ་སོགས་གུང་ཁྲན་ཏང་ཡོན་50 ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཨུད་སོགས་ཚན་པ་50བཅས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་དང་ཁག་སོ་སོར “ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”དང་། “ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ” “ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་སྔོན་ཐོན་ཚན་པ ”བཅས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་ཚེ་བརྟན་སྒྲོལ་མ་སོགས་བློ་མཐུན་3ལ “ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱས་པ་རེད།

        ད་ཐེངས་ཀྱི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། སྔོན་ཐོན་ཚན་པ་བཅས་དང་རྗེས་སྤྲོད་བྱས་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱིས་བྱ་སྤྱོད་དངོས་དང་དཔེ་སྟོན་གྱི་ཐོག་ནས་སྔོན་གཏོད་ལེགས་བརྩོན་བྱས་པས་འཛམ་གླིང་ཡང་རྩེར་རྣམ་པ་བཟང་པོ་བཏོད་པ་དང་གུང་ཁྲན་ཏང་མིའི་བླ་ན་མེད་པའི་གཤིས་རྒྱུད་དང་བསམ་པའི་ཉམས་འགྱུར་མཚོན་ཡོད་པས་དུས་རབས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་ལ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོའི་སློབ་སྦྱོང་བྱེད་སའི་མིག་དཔེར་འགྱུར་པ་རེད། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་སློབ་སྦྱོང་བྱེད་པ་དང་། དཔེ་སྟོན་གྱིས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པའི་དཔུང་ཁག གཞི་རིམ་རྩ་འཛུགས། ཏང་ཡོན་དཔུང་ཁག་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་དང་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གསར་འབྱེད་ཡར་བརྩོན་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ལས་དོན་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་སློབ་སྦྱོང་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་གིས་ཏང་ཡོན་གྱི་འོས་འགན་ནན་ཏན་ངང་སྒྲུབ་པ་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ལེགས་སྐྱེས་འབུལ་འདོད་པ་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ། རང་འཁྲིའི་ལས་གནས་ཐོག་རྐང་པ་བརྟན་པོ་བཙུགས་ནས་སྔོན་གཏོད་ལེགས་བརྩོན་བཅས་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྔོན་ཐོན་ཚན་པར་སློབ་སྦྱོང་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཁྲོད་བྱས་རྗེས་གང་ལེགས་གཏོད་རྒྱུར་བརྩོན་ལེན་བྱས་ནས་མཐུན་སྒྲིལ་དང་། དམངས་འཚོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པ་བཅས་ཀྱི་འབོད་སྐུལ་གནང་བ་རེད།

        མིག་སྔར་རང་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། དེང་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགན་འཁྲི་ལྕི་ལ་གཟི་བརྗིད་ཡང་ལྡན་ཡོད། ལྗོངས་ཏང་ཨུད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟི་བརྗིད་དེར་གཅེས་སྤྲས་བྱས་ནས་སྔོན་ཐོན་ནམ་ཡང་གནས་པ་བྱེད་པ་དང་། ཁེངས་སྐྱུང་གཟབ་ནན་བྱེད་པ་དང་ང་རྒྱལ་འཚབ་འཚུབ་སྤོང་བ། གྲུབ་འབྲས་དར་སྤེལ་དང་ཡང་འབད་བསྐྱར་འབད་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་པ་དང་བྱས་རྗེས་གསར་པ་འཇོག་དགོས་པའི་ཐུགས་རེ་གནང་བ་དང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོར་སྔོན་ཐོན་མིག་དཔེར་བརྩི་བ་དང་། སྔོན་ཐོན་ཚད་གཞིར་བརྩི་བ། སྔོན་ཐོན་ལ་སློབ་སྦྱོང་བྱ་རྒྱུ་དེ་སྒུལ་ཤུགས་སུ་བརྩི་བ་བཅས་བྱས་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིགས་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པར་གཡོ་འགུལ་མི་ཐེབས་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་གཙོ་རྐང་དུ་བྱེད་པ། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བརྩི་བ་བཅས་བྱས་ནས་ཏང་གི་རླབས་ཆེན་འདུ་འགོད་གསར་པ་འཛུགས་སྐྱོང་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བློ་སྟོབས་སྔར་བས་འཕེལ་བ་བྱེད་པ། ཀྲུང་དབྱང་གིས་གཏན་ལ་ཕབ་པའི “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་གཞིར་བཟུང་བ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྐྱོད་དེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་བྱེད་པ་དང་། རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ཧུར་ཐག་བྱས་ཏེ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།