
འདི་ནི་ཡབ་གཞིས་བསོད་ནམས་སྒྲོལ་མ་འདས་པོའི་སྐུ་པར་ཡིན་པ།
ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ་དང་། ཏང་དང་ཡུན་རིང་མཉམ་ལས་གནང་མཁན་གྱི། བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་ཨུ་ཡོན། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཡུམ་ཆེན། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཡབ་གཞིས་བསོད་ནམས་སྒྲོལ་མ་སྙུན་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2012ལོའི་ཟླ་6ཚེས་29ཉིན་གྱི་ཆུ་ཚོད་8དང་སྐར་མ་50ཡི་ཐོག་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་དགོངས་པ་རྫོགས་པ་དང་དགོངས་པ་རྫོགས་དུས་དགུང་ལོ་97ལ་ཕེབས་ཡོད།
སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ནས།
2012ལོའི་ཟླ་6ཚེས་30ཉིན།