དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི“མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔ”ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་སྐོར་གྱི་གྲོས་ཆོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སྔ་ཕྱི་བར་གསུམ་དུ་བོད་ལ་ཐུགས་སེམས་འཆང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་འཆང་གནང་ནས་ལོ་20བསྟུད་མར་རྒྱལ་ཡོངས་ཀྱི “ཚོགས་འདུ་གཉིས ”ཀྱི་རིང་བོད་ཀྱི་འཐུས་མི་ཚོགས་པ་འཐུས་མི་རྣམས་ལ་གཟིགས་པར་ཕེབས་པ་དང་། བསམ་འཆར་གསན་པ། མཉམ་དུ་རྒྱལ་ཇུས་གླེང་བ་བཅས་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་བ་རེད། ད་ལོའི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་20བསྟུད་མར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔ ”ཡི་མཛུབ་སྟོན་གལ་ཆེན་གནང་བས་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ལྗོངས་ཡོངས་ཀྱི་གོང་འོག་ཏུ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་དུས་བབ་འོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་དང་སྒོ་ཀུན་ནས་དོན་འཁྱོལ་བྱ་རྒྱུ་དེ་བོད་ལྗོངས་འདི་ཉིད་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་རྒྱུ་དང་། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་མཛུབ་ཁྲིད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི “མུ་མཐུད་ཤུཌ་སྣོན་རྒྱག་དགོས་པ་ལྔ ”(མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། སྣོད་བཅུད་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ )ལ་དམ་པོར་བསྟུན་པ། བསམ་བློ་བཅིངས་འགྲོལ་གཏོང་བ་དང་། གསར་འབྱེད་ཡར་བརྩོན་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་གཞིགས་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཀྱི་དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་ཡག་པོ་སྤྱད་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་ལ་འཁེལ་བའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག ཤེས་ལྡན་པ། ཐོན་ལས། ཁ་གཏད་རོགས་སྐྱོར་སོགས་རོགས་སྐྱོར་སྲིད་ཇུས་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི “ལོ་ལྔ་ཚན་བཅུ་གཉིས་པར ”བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་རང་སྐྱོང་ལྗོངས་ཀྱིས་བཀོད་སྒྲིག་བྱས་པའི་རྣམ་གྲངས་གལ་ཆེན་དམ་འཛིན་བྱེད་པ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་། ཡུལ་སྐོར་སྤྲོ་འཆམ། རིག་གནས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་ཧུར་ཐག་སེལ་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་ཆེ་རུ་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ། བློ་བདེ་བ་དང་། བཀག་རྒྱ་མེད་པ། ལྷུག་ཏུ་གཏོང་བ། བློ་ཁོག་ཆེན་པོ། ལག་རྒྱ་གློད་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྐུལ་མ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ནང་ཁུལ་དང་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་ཧུར་བརྩོན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་གཏོང་བ། ལེགས་ཆ་ལྡན་པའི་ས་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་མཐའ་འཁྱོངས་བྱེད་པ་བཅས་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་གཞིགས་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འབྲས་བུ་ལོངས་སུ་སྤྱོད་རྒྱུའི་འགན་ལེན་བྱེད་དགོས། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གེགས་ཁུལ་གྱི་གེགས་བར་བྱུང་བའི་མང་ཚོགས་སྐྱོབ་རོགས་དང་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཆུ་དང་། གློག ལམ། རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བཪྙན་འཕྲིན། ཁོར་ཡུག་བཟང་པོ་བཅས “བརྒྱད་འཛོམས་ཞིང་དུད ”ལག་བསྟར་བྱེད་པ་དང་ ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་འདུ་འགོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ཟོག་གོང་བརྟན་པོ་དང་ཚོད་འཛིན་བྱ་རྒྱུར་ཤུགས་བརྒྱབ་ནས་གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་མན་དུ་ཚོད་འཛིན་བྱེད་པ། ལས་ཞུགས་རྒྱ་ཆེར་ཧུར་ཐག་བཏང་ནས་སྐྱེ་ཁུངས་བོད་ནས་ཡིན་པའི་ད་ལོ་ཐོན་པའི་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་བྱེད་པ་དང་དེ་སྔོན་ཐོན་པའི་སློབ་ཆེན་སློབ་མ་སྤྱིར་ན་ལས་ཞུགས་ཐུབ་པ་བྱེད་པ། ལས་ཞུགས་མེད་པའི་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་བྱེད་པ། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་སྐྲུན་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་འཐུས་སྒོ་ཚང་དུ་གཏོང་བ། “དྭ་ཕྲུག་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི ”བྱེད་སྒོ་གཏིང་ཟབ་སྤེལ་བ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ། འོས་འགན་སློབ་གསོའི་ལོ་15རིང་རིན་པ་མི་དགོས་པའི “འགན་ལེན་གསུམ ”གྱི་སྲིད་ཇུས་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ། སྨན་བཅོས་འཕྲོད་བསྟེན་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་གྱི་རིམ་གསུམ་འཕྲོད་བསྟེན་ཞབས་ཞུའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པ། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་རིན་པ་མི་དགོས་པར་སྐྱོབ་བཅོས་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་པ། རིག་གནས་དམངས་ཕན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྐྱོར་གསར་སྤེལ་མགྱོགས་སུ་གཏོང་བ། ཤང་ཧྲིལ་པོར་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ལག་བསྟར་བྱེད་པ། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། གེགས་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པ། རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། བདེ་འཇགས་ཀྱི་ལས་འཛོལ་ཆེན་པོ་དང་ཧ་ཅང་ཆེན་པོ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གཞིར་བཟུང་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་དགོས། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ནན་ཏན་བྱས་ཏེ་གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། འདམ་ར། རང་བྱུང་ནགས་ཚལ་དང་དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་མངོན་གསལ་ཐོག་དམ་འཛིན་ཡག་པོ་བྱས་ནས་ས་ཆུ་སྲུང་འཛིན་དང་། ས་ཞིང་དང་རྩྭ་ར་བྱེ་འགྱུར་ཕྱོགས་བསྡུས་བཅོས་སྒྲིག སྦགས་བཙོག་འགོག་བཅོས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་ལྟ་སྐུལ་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཏེར་རིའི་ཁོར་ཡུག་བཅོས་སྒྲིག་དང་སྣོད་བཅུད་སླར་གསོའི་འགན་འཁྲིའི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་རྩི་ཤིང་དང་རི་ཀླུང་སྲུང་སྐྱོང་ཡག་པོ་བྱེད་པ། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཆགས་པ་བཅས་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གཞིར་བཟུང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བསྐྲུན་དགོས། བརྟན་ལྷིང་སྲུང་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔ་ཕྱི་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐམས་ཅད་ལས་ལྷག་པའི་ལས་འགན་གལ་ཆེན་དང་རི་བོ་ཐའེ་ཧྲན་ལས་ལྕི་བའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་བ་དང་དུས་རྟག་ཏུ་བརྟན་ལྷིང་གི་རྩ་བ་དེ་དམ་པོར་བཟུང་ནས་སེམས་ནུས་མི་ཉམས་པ་དང་། ཤུགས་རྒྱག་རྒྱུ་མི་ཉམས་པ། ལས་དོན་ལ་གཡོ་འགུལ་མེད་པ། འགན་འཁྲི་ནན་པོ་འཁུར་བ། གྲ་སྒྲིག་ཨང་བསར། ནུས་ཤུགས་ཡོད་རྒུ་འདོན་པ། ཚད་མཐོའི་དོགས་ཟོན། ཉེན་བརྡ་རྒྱུན་སྒྲོག་བཅས་བྱེད་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་དམིགས་ཚད་སྔར་བས་ཁ་གསལ་ཡོང་བ་དང་སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མྱུར་པོ། དམ་འཛིན་ཡག་པོ་བཅས་བྱས་ཏེ “གནད་དོན་གསུམ་མི་ཐོན་པའི ”(གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་དགོས )དམིགས་ཚད་མངོན་འགྱུར་བྱས་ཏེ་ལྗོངས་ཡོངས་ཁྱོན་ཡོངས་ནས་བརྟན་ལྷིང་དང་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་སྔར་བས་འཐུས་ཚང་དུ་བཏང་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང། དགོན་སྡེ་དོ་དམ་དང་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་བ་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། གཙོ་གནད་ས་ཁུལ་དང་། གཙོ་གནད་ཁྱབ་ཁོངས། གནས་གལ་ཆེན། གཙོ་གནད་མི་སྣ་བཅས་ལ་དོ་དམ་དང་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། “དུས་འཁོར་དབང་ཆེན ”ནང་ཞུགས་མཁན་གྱི་མི་སྣར་དོ་དམ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་མིའི་གྲྭ་བཙུན་ལ་གཅིག་སྡུད་ཐོག་བཅོས་སྒྲིག་དང་ཆོས་ལུགས་བྱེད་སྒོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་མིར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་དང་། རིམ་ཁག་འགོ་ཁྲིད་ཀྱིས་བརྟན་ལྷིང་སྲུང་སྐྱོང་ཐད་ཁག་བགོས་འགན་ལེན་གྱི་ལམ་སྲོལ། བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ། ཆ་འཕྲིན་གསང་འཕྲིན་ལམ་སྲོལ། འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་ནས་རིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཕྲལ་དུ་ཐག་གཅོད་དང་མ་ཐོན་གོང་ནས་མེད་པ་བཟོ་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་སྒྲིག་ཁྲིམས་ནན་པོའི་ཐོག་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་དོན་གལ་ཆེན་གཞིར་བཟུང་དངོས་ཐོག་བདེན་འཚོལ་དང་དུས་བསྟུན་མདུན་སྐྱོད་བྱས་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་ཆད་མེད་པར་དར་སྤེལ་གཏོང་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ལ་དགའ་ཞེན་དང་། མཐུན་སྒྲིལ། ཞི་མཐུན། འཕེལ་རྒྱས། ཤེས་དཔལ་བཅས་ཀྱི་བརྗོད་བྱ་གཙོ་བོའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཅས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་སྔར་བས་ཆེ་རུ་གཏོང་བ། རྩ་དོན་གྱི་གནད་དོན་གལ་ཆེན་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱེད་པ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་ལག་བསྟར་བཅས་བྱས་ཏེ་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ས་ཁུལ (གྲོང་ཁྱེར )དང་། རྫོང (གྲོང་ཁྱེར་དང་ཆུས ) ཤང་གྲོང་བཅས་ཏང་སྲིད་ཀྱི་འགོ་ཁྲིད་རྒན་པའི་དཔུང་ཁག་འཛུགས་སྐྲུན་གྱི་འདུ་འགོད་ལག་བསྟར་བྱེད་པ་དང་། གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་གྱི་འདུ་འགོད་ལག་བསྟར་བྱེད་པ། གྲོང་ཚོའི (གྲོང་ལྷན )ཏང་ཀྲི་པུའི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྲུན་གྱི་འདུ་འགོད་ལག་བསྟར་བྱེད་པ། ཏང་ཡོན་དཔུང་ཁག་གི་འཛུགས་སྐྲུན་འདུ་འགོད་ལག་བསྟར་བཅས་བྱས་ཏེ་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་གི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ཏང་ཡོན་ལས་བྱེད་པས་ཏཱ་ལའི་རུ་ཚོགས་ལ་སྟོང་བསམ་འཆང་བ་དང། ཏཱ་ལའི་རུ་ཚོགས་ཀྱི་རྗེས་སུ་འབྲངས་བ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་གནོད་འཚེ་གཏོང་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དབང་ཆར་བརྟེན་ནས་སྒེར་ཕན་སྒྲུབ་པ་དང་། ལྐོག་ཟ་ལྐོག་རྔན་ལེན་པ། རུལ་སུངས་ངན་ལྷུངས། འགན་ཤོར་ལས་འཛོལ་བཅས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་རུལ་སུངས་ལ་ཆད་པ་གཅོད་པ་དང་རུལ་སུངས་འགོག་པའི་མ་ལག་འཛུགས་པ། སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་མི་རྩ་བར་འཛིན་པ་དང་སྲིད་འཛིན་དམངས་ཆེད་མཐའ་འཁྱོངས་བྱེད་པ་དང་། དམ་པ་དོན་གཉེར་དང་དོན་འཁྱོལ་ཐད་དམ་འཛིན། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་རྩེ་གྲ་གཏོད་པ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་ཐོབ་པ་བྱེད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་སུ་གཏོང་བ་བཅས་ལ་ཕན་པའི་བྱས་རྗེས་རྩེ་གྲ་གཏོད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བསམ་བློ་གཅིག་གྱུར། དུས་བསྟུན་མདུན་སྐྱོད། གསར་འབྱེད་གསར་གཏོད། འབད་འབུངས་སྟོབས་བརྩོན་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་སྐྲུན་པའི་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།