ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཏང་ཨུད་རྩ་འཛུགས་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང (ཅུས )གཞུང་ལས་པ་ཅུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ཁག ཐད་གཏོགས་སྒྲིག་གཞི། མི་དམངས་ཚོགས་པ་ཁག རྩ་འཛུགས་མི་དོན་སྡེ་ཚན་བཅས་ལ།
ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་འགོ་ཁྲིད་འོག རྒྱལ་ཡོངས་སུ་རྒྱ་ཆེའི་གཞུང་ལས་པས་མི་དམངས་ལ་བློ་གཅིག་སེམས་གཅིག་ཀྱིས་ཞབས་འདེགས་ཞུ་བའི་རྩ་དོན་ལག་ལེན་གནད་སྨིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ལེགས་སྐྱེས་ཆེན་པོ་འབུལ་བའི་ཁྲོད་མི་དམངས་ཀྱི་བློ་ཡིད་ཚིམས་པའི་གཞུང་ལས་པ་འབོར་ཆེན་ཞིག་ཐོན་པའི་ནང་བློ་མཐུན་བཀྲ་ཤིས་ཕུན་ཚོགས་ནི་དེའི་གྲས་ཀྱི་ཕུལ་བྱུང་འཐུས་མི་ཞིག་རེད།
བཀྲ་ཤིས་ཕུན་ཚོགས། ཕོ། བོད་རིགས། ཀྲུང་གུང་ཏང་ཡོན། བོད་ལྗོངས་སྟེང་ཆེན་རྫོང་ནས་ཡིན་པ། 1969ལོའི་ཟླ་9པར་སྐྱེས། 1991ལོའི་ཟླ་7པར་ལས་ཀར་ཞུགས། དེ་སྔོན་བོད་རང་སྐྱོང་ལྗོངས་གཞུང་ལས་པ་ཅུས་ཀྱི་བྱ་དགའ་དང་གསོ་སྦྱོང་དཔྱད་ཞིབ་ཁྲུའི་བརྟག་ཞིབ་པ་གཞོན་པ་དང་། ནག་ཆུ་ས་ཁུལ་སོག་རྫོང་དཀར་སྨད་ཤང་གྲོང་ཚོ་ལྔ་པར་བཅའ་སྡོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གི་རུ་དཔོན། སོག་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན། བློ་མཐུན་བཀྲ་ཤིས་ཕུན་ཚོགས་ནི་ཏང་གི་བྱ་གཞག་ལ་ལྷག་བསམ་ཆེ་བ་དང་། ཏང་གི་རྩ་དོན་བློར་བརྟན་པོར་ངེས་པ། མང་ཚོགས་ཆེད་བློ་གཅིག་སེམས་གཅིག་གིས་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས་རང་འགན་གཙང་སྒྲུབ་དང་མིང་གྲགས་ལ་མི་བལྟ་བར་ལེགས་སྐྱེས་འབུལ་མཁན་ཞིག་ཡིན།
2008ལོ་ནས་2010ལོའི་བར་ཁོང་ལོ་གསུམ་བསྟུད་མར་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཕུལ་བྱུང་གཞུང་ལས་པར་བདམས་པ་དང་སྦྲགས་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག་བཀོད་ཡོད་པ་རེད། 2011ལོའི་ཟླ་11ཚེས་17ཉིན་གྱི་སྔ་དྲོ་བློ་མཐུན་བཀྲ་ཤིས་ཕུན་ཚོགས་བཅའ་སྡོད་གྲོང་ཚོ་ནས་དཀར་སྨད་ཤང་དུ་གྲོང་ཚོའི་ལས་དོན་སྙན་སེང་ཞུ་བར་སྐྱོད་པའི་ལམ་བར་དུ་རླངས་འཁོར་མགོ་རྟིང་ལོག་ནས་གཞུང་དོན་དུ་རང་སྲོག་ཤོར་བ་དང་ལོ་42ཡིན། ཁོང་ནི་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཁྲོད་ཐོན་པའི་ཕུལ་བྱུང་གི་འཐུས་མི་ཞིག་ཡིན་ཞིང་། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མ་ཡིན་པའི་ལེགས་སྐྱེས་ཕུལ་བ་དང་ཁོང་གི་དཔེ་བཟང་བའི་བྱ་སྤྱོད་དང་བླ་ན་མེད་པའི་སྙིང་སྟོབས་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་གཏིང་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།
བློ་མཐུན་བཀྲ་ཤིས་ཕུན་ཚོགས་ཀྱི་སྔོན་ཐོན་བྱས་རྗེས་ལ་གཟེངས་བསྟོད་བྱེད་པ་དང་། ཁོང་གི་བླ་ན་མེད་པའི་སྙིང་སྟབས་དར་སྤེལ་གཏོང་བ། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་སྣེ་འཁྲིད་དེ་མི་དམངས་ཀྱི་བློ་ཡིད་ཚིམས་པའི་གཞུང་ལས་པ་བྱ་རྒྱུའི་བརྩོན་ལེན་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། རྒྱ་ཆེའི་གཞུངལས་པ་ཚོས་བློ་མཐུན་བཀྲ་ཤིས་ཕུན་ཚོགས་མིག་དཔེར་འཛིན་ཏེ་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་ནན་སྒྲུབ། སྤྱོད་ཚུལ་བསྒྱུར་བ། གཞི་རིམ་དུ་གཞི་ཚུགས་པ། མི་སེར་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཆེད་ཀྲུང་གུང་ཀྲུང་དབྱང་རྩྭ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་གཞུང་ལས་པ་ཅུས་བཅས་ཀྱིས་བློ་མཐུན་བཀྲ་ཤིས་ཕུན་ཚོགས་ལ “མི་དམངས་ཀྱི་བློ་ཡིད་ཚིམས་པའི་གཞུང་ལས་པ ”ཞེས་པའི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་རྒྱུའི་གཏན་འབེབས་བྱས་པ་རེད།
རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞུང་ལས་པ་ཚོས་ཁོང་གི་ཏང་ལ་ལྷག་བསམ་རྣམ་དག་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་དང་། སེམས་པ་མང་ཚོགས་ལ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤྱི་ཞབས་པའི་བརྩེ་སེམས། གཞི་རིམ་དུ་བསྐྱོད་པ་དང་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་བཟང་པོ། སྒེར་དོན་དོར་ནས་གཞུང་དོན་སྒྲུབ་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། ཁེ་གྲགས་སྤོང་བ་བཅས་ཀྱི་བླ་ན་མེད་པའི་བསམ་བློ། རང་གཅུན་ནན་པོ་དང་སྤྱོད་གཙང་གཞུང་དྲང་གི་ཡ་རབས་སྤྱོད་ཚུལ་བཅས་ལ་སློབ་སྦྱོང་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཡིད་ཆེས་བརྟན་པོ་དང་། སྙིང་སྟོབས་ཆེར་བསྐྱེད། སྒྱུར་བཅོས་གསར་གཏོད། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ལེགས་སྐྱེས་འབུལ་དགོས།
ཀྲུང་གུང་ཀྲུང་དབྱང་རྩྭ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།
རྒྱལ་ཁབ་གཞུང་ལས་པ་ཅུས་བཅས་ཀྱིས།
2012ལོའི་ཟླ་5ཚེས་9ཉིན།