2012ལོའི་ཟླ་6ཚེས་28ཉིན་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་48པའི་ཐོག་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པ་དེ་2012ལོའི་ཟླ་7ཚེས་19ནས་ཚེས་20ཉིན་བར་ལྷ་སར་འཚོག་རྒྱུའི་ཞིབ་འཇུག་དང་གཏན་འབེབས་བྱས་ཡོད། ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་། 2012ལོའི་རང་ལྗོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་བརྡ་ཁྱབ་གསན་རྒྱུ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི 《མི་དམངས་སྲིད་གྲོས་ཀྱི་གྲོས་གཞི་བདག་སྤྲོད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར 》སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ལྷན་ཉེ་ཆར་ནང་སར་གཟིགས་ཞིབ་དང་སློབ་སྦྱོང་རྟོག་ཞིབ་བྱེད་པར་བསྐྱོད་པའི་གནས་ཚུལ་སྙན་ཞུ་གསན་རྒྱུ། དོན་ཚན་གཞན་དག་བཅས་ཡིན་པ་རེད།