དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་རིན་བཟང་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གུང་ཏང་ཡོན་དང་། བོད་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཐིང་ཀྲང་གཞོན་པ་བཅས་ཡིན་པའི་བློ་མཐུན་རིན་བཟང་ལ་སྙུན་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2012ལོའི་ཟླ་6ཚེས་17ཉིན་ལྷ་སར་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་ལོ་66ཡིན། བློ་མཐུན་རིན་བཟང་1946ལོའི་ཟླ་བ་12པར་བོད་ལྗོངས་འབྲི་རུ་རྫོང་དུ་སྐྱེས་པ་དང་། 1962ལོའི་ཟླ་བ་12པར་ལས་ཀར་ཞུགས། 1973ལོའི་ཟླ་བ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། བོད་ལྗོངས་འབྲི་རུ་རྫོང་ཚོང་ལས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་དང་། འབྲི་རུ་རྫོང་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། འབྲི་རུ་རྫོང་གི་རྫོང་དཔོན་གཞོན་པ། ནག་ཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། ནག་ཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི། ནག་ཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་དང་ས་ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧུའུ་ཅི་གཞོན་པ། ནག་ཆུ་ས་ཨུད་ཀྱི་ཨུ་ཡོན་དང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ། རང་སྐྱོང་ལྗོངས་རྩིས་བཤེར་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བཅས་ཀྱི་ལས་འགན་འཁུར་མྱོང་ཡོད། 2008ལོའི་ཟླ་བ་2པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་ནས་ལས་འཁྱུར་གནང་བ་རེད།

        ཁོང་སྐུ་གཤེགས་པ་དེས་ང་ཚོར་བློ་མཐུན་བཟང་པོ་ཞིག་མེད་པར་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།