དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཀྱི“དྭ་ཕྲུག་ལ་རོགས་སྐྱོར་བྱེད་པའི”བྱེད་སྒོའི་ཞལ་འདེབས་རྒྱག་སའི་རྩིས་ཐོའི་ཨང་གྲངས་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        “དྭ་ཕྲུག་ཚོར་ཏང་དང་སྲིད་གཞུང་གི་བརྩེ་སེམས་དང་དྲོ་སྐྱིད་སྦྱིན་ནས་ཁོང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་བ་བྱེད་དགོས ”ཞེས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་གལ་ཆེའི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་ཆེད་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད “དྭ་ཕྲུག་ལ་རོགས་སྐྱོར་བྱེད་པའི ”བྱེད་སྒོ་སྤེལ་རྒྱུ་གཏན་འབེབས་བྱས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་དང་དྲང་བདེན་གྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། “དྭ་ཕྲུག་ལ་རོགས་སྐྱོར་བྱེད་པའི ”བྱེད་སྒོར་ཞལ་འདེབས་རྒྱག་བདེ་བ། ཞལ་འདེབས་ཐབས་ལམ་ཐོགས་མེད་ཡོང་བ་བཅས་བྱེད་ཆེད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ལྗོངས་ཡོངས་སུ “དྭ་ཕྲུག་ལ་རོགས་སྐྱོར་བྱེད་པའི ”བྱེད་སྒོའི་ཞལ་འདེབས་རྒྱག་སའི་རྩིས་ཐོའི་ཨང་གྲངས་ཡོངས་བསྒྲགས་བྱས་ནས་ཞལ་འདེབས་རྒྱག་འདོད་ཡོད་པའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ཞལ་འདེབས་རྒྱག་རྒྱུར་སྟབས་བདེ་སྐྲུན་པ་དང་འབྲེལ་དགའ་བསུ་ཡང་ཞུ་རྒྱུ་ཡིན།

        དམངས་སྲིད་ཐིང་གི་ཞལ་འདེབས་རྒྱག་སའི་རྩིས་ཐོའི་ཨང་གྲངས།

        རྩིས་ཐོའི་མིང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་རྒྱུན་ལྡན་ཞལ་འདེབས་རྩིས་ཐོ།

        རྩིས་ཐོའི་ཨང་གྲངས། 138801704508

        ཐོ་ཁུངས་དངུལ་ཁང་། ཀྲུང་གོ་དངུལ་ཁང་པེ་ཅིང་དཀྱིལ་ལམ་ཉིང་ལག་དངུལ་ཁང་།

        འབྲེལ་གཏུགས་བྱ་ཡུལ། ཁྲེན་ཅའོ་མེ།

        འབྲེལ་གཏུགས་ཁ་པར། 6829111 — 8101

        རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས།

         2012ལོའི་ཟླ་6ཚེས་18ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།