དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • སྤྱི་ལོ་2012ལོའི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན་ཐད་གཏོང་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ༄༅།། བོད་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་ཁག་དང་། རྒྱ་ཆེའི་གསན་མཁན་རྣམ་པ་ཚོ།

        ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། དྲུག་པ། སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་གྲོས་ཚོགས་ཐེངས་ལྔ་པ། རྒྱལ་ཡོངས་ཀྱི་སྤྱོད་ཚུལ་ལེགས་བཅོས་ལས་དོན་ཚོགས་འདུ། སྐབས་བརྒྱད་པའི་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཕྱོགས་ཡོངས་ནས་མི་རྩ་བར་འཛིན་པ་དང་སྲིད་འཛིན་དམངས་ཕན་གྱི་བླང་བྱ་ལྟར། སྔར་ལས་ལྷག་པའི་སྒོ་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་གཙོ་གནད་ཐོག་མི་དམངས་མང་ཚོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཀྱིས་རྒྱུན་ཆད་མེད་པར་ཚན་པ་དང་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཞབས་ཞུ་བྱ་ཆེད་བོད་རང་སྐྱོང་ལྗོངས་ལས་རིགས་སྤྱོད་ཚུལ་ལེགས་བཅོས་གཞུང་ལས་ཁང་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་གཉིས་ཀྱིས་གཙོ་གཉེར་བྱས་པའི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན་གང་མགྱོགས་གཏོང་འགོ་འཛུགས་རྒྱུ་ཡིན་པས་སྐབས་དེ་དུས་ང་ཚོས་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་དབུ་ཁྲིད་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན་གྱི་ཐད་གཏོང་ཁང་དུ་གདན་ཞུ་བྱས་ནས་གསན་པ་པོའི་ཁ་པར་ཉན་རྒྱུ་དང་གླེང་མང་བའི་གནད་དོན་ལ་ལན་རྒྱག་རྒྱུ་ཡིན་པས། སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན་དེ་ཡག་པོ་གཉེར་ཐུབ་ཆེད་རྒྱ་ཆེའི་གསན་མཁན་རྣམ་པས་ཐད་སྦྲེལ་ཁ་པར་ལེ་ཚན་ནང་ཐད་ཀར་ཞུགས་རྒྱུ་དང་དུས་མཚུངས་ལེ་ཚན་ལ་དགོངས་འཆར་གང་ཡོད་ལྷུག་གླེང་གནང་རྒྱུར་དགའ་བསུ་ཞུས་ཏེ་ཐད་སྦྲེལ་ཁ་པར་ལེ་ཚན་ཡག་པོ་ཞིག་གཉེར་རྒྱུ་ཡིན།

        གཤམ་ལ་འབྲེལ་ཡོད་གནད་དོན་སྤྱི་བསྒྲགས་ཞུ་རྒྱུར།

        དང་པོ། ལེ་ཚན་གཏོང་སྟངས་དང་དུས་ཚོད།

        (གཅིག )རྒྱ་སྐད་རླུང་འཕྲིན།

        ༡ .རྒྱ་སྐད་གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིན་གྱིས་རེས་གཟའ་མིག་དམར་དང་ཕུར་བུའི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ལྔ་ནས་ཆུ་ཚོད་བཅུ་གཉིས་བར་ཐད་གཏོང་བྱ་རྒྱུ།

        ༢ .རྒྱ་སྐད་གྲོང་ཁྱེར་འཚོ་བའི་རླུང་འཕྲིན་གྱིས་རེས་གཟའ་ལྷག་པ་དང་པ་སངས་ཀྱི་སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་ལྔ་ནས་ཆུ་ཚོད་བཅུ་པའི་བར་བསྐྱར་གཏོང་རེ་བྱ་རྒྱུ།

        (གཉིས )བོད་སྐད་རླུང་འཕྲིན།

        བོད་སྐད་གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིན་གྱིས་གཟའ་འཁོར་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ཀྱི་ཕྱི་དྲོ་ཆུ་ཚོད་བཞི་པ་ནས་ཆུ་ཚོད་ལྔ་པ་བར་ཐད་གཏོང་བྱ་རྒྱུ།

        (གསུམ )དྲ་ཐོག་ཐད་གཏོང་།

        ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་དྲ་བའི་ཐོག་ཆེད་སྒྲིག་ལེ་ཚན་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་ཞེས་པ་བེད་སྤྱད་ནས་ལེ་ཚན་སྔོན་བརྡ་དང་། དྲ་ཐོག་ཞུགས་མཁན་ལས་ཁུངས་ཀྱི་འགན་ནུས་དང་སྐུ་མགྲོན་ངོ་སྤྲོད། ལེ་ཚན་ལ་ཕྱིར་བལྟ། ལེ་ཚན་ཉན་ལེན། དོ་སྣང་ཆེ་རིགས་ཀྱི་བཪྙན་པར་ཕྱིར་བལྟ། སྲིད་གཞུང་དང་ལས་རིགས་སྤྱོད་ཚུལ་སྐོར་གྱི་མཐོང་སྣང་འབྲི་ས་སོགས་བཙུགས་ཏེ། དྲ་ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་ཞེས་པའི་ཆེད་སྒྲིག་ལེ་ཚན་ཐད་གཏོང་བྱ་རྒྱུ་ཡིན།

        དྲ་ཐོག་ཐད་གཏོང་བྱེད་ས་ནི་WWW.Vtibet.cn ཡིན།

        གཉིས་པ། རླུང་འཕྲིན་ཉན་ས།

        རྒྱ་སྐད་གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིན་ནི། རླབས་འབྲིང་ཆན་ཧོའི་999དང་1377དང་། རླབས་ཐུང་ཆན་ཧོའི་4820དང་། 5935﹑6050﹑7170﹑7240﹑11860﹑11950 འགུལ་ཚད་སྙོམས་སྒྲིག་ཀྲའོ་ཧོའི་ 93.3 བཅས་ཀྱི་ཐོག་གཏོང་རྒྱུ།

        རྒྱ་སྐད་རླུང་འཕྲིན་གྲོང་ཁྱེར་འཚོ་བ་ནི། འགུལ་ཚད་སྙོམས་སྒྲིག་ཀྲའོ་ཧོའི་ 98.0ཐོག་གཏོང་རྒྱུ།

        བོད་སྐད་གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིན་ནི། རླབས་འབྲིང་ཆན་ཧོའི་846 དང་594 རླབས་ཐུང་ཆན་ཧོའི་ 4905དང་4920﹑5240﹑6110﹑6130﹑6200﹑9580﹑7125﹑9490 འགུལ་ཚད་སྙོམས་སྒྲིག་ཀྲའོ་ཧོའི་ 101.6བཅས་ཀྱི་ཐོག་གཏོང་རྒྱུ་ཡིན།

        གསུམ་པ། ཐད་སྦྲེལ་ཁ་པར།

        (གཅིག ) རྒྱ་སྐད་རླུང་འཕྲིན་གྱི་ཐད་སྦྲེལ་ཁ་པར་ཨང་གྲངས་ནི། 0891---6827397 དང་6830811

        (གཉིས ) བོད་སྐད་རླུང་འཕྲིན་གྱི་ཐད་སྦྲེལ་ཁ་པར་ཨང་གྲངས་ནི། 0891—6815779 དང་ 6835266

        (གསུམ )འཕྲིན་ཐུང་སྟེགས་བུའི་ཨང་གྲངས་ནི། 1062595918

        (བཞི ) ལན་འཕྲིན་འཇོག་སའི་ཨང་གྲངས་ནི། WWW.Vtibet.cn

        (ལྔ ) སྤྱོད་ཚུལ་ལེགས་བཅོས་གཞུང་ལས་ཁང་གི་ཐད་སྦྲེལ་ཁ་པར་ཨང་གྲངས་ནི་0891--6348559

        བཞི་པ། སྤྱི་ལོ 2012 ལོའི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན་ནང་ཞུགས་མཁན་ལས་ཁུངས་གོ་སྒྲིག་རེའུ་མིག

               བོད་རང་སྐྱོང་ལྗོངས་ཀྱི་སྤྱོད་ཚུལ་ཡོ་བསྲང་གཞུང་དོན་ཁང་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས།

                                                                                             སྤྱི་ལོ་2012ཟླ་6 ཚེས་12ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།