དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་གུང་གཞོན་སྡེ་ཚོགས་བཙུགས་ནས་ལོ་60འཁོར་བར་གནང་བའི་ཁྲེན་ཆོན་གོའི་རྟེན་འབྲེལ་ཞུ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་དང་། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི། གཞོན་ནུ་གྲོགས་པོ་བཅས་ལ།

        ད་ལོའི “ལྔ་བཞི ”གཞོན་ནུའི་དུས་ཆེན་ནི་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་90འཁོར་བ་དང་བོད་ལྗོངས་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་60འཁོར་བའི་དྲན་གསོའི་ཉིན་མོ་ཞིག་རེད། ངས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་དང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུར་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

        གཞོན་ནུ་ནི་ལོ་རྒྱུས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ལོ་ངོ་60ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་བོད་ཀྱི་ལོ་རྒྱུས་དུས་སྐབས་ཁག་ཏུ་ལག་ལེན་བསྟར་བའི་ཏང་གི་ལྟེ་བའི་ལས་འགན་ལ་ཐོག་མཐའ་བར་གསུམ་དུ་དམ་པོར་དམིགས་ནས་མི་རིགས་ཁག་གི་གཞོན་ནུར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རླབས་ཆེན་བྱ་གཞག་ནང་ཧུར་ཐག་ཞུགས་ནས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཏེ་ཏང་གི་ལས་རོགས་དང་རྗེས་གྲབས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། མི་རབས་ནས་མི་རབས་བར་གྱི་ཁྲག་དྲོན་ལྡན་པའི་གཞོན་ནུ་ཚོས་འཐབ་ཕྱོགས་ཁག་ནང་ལེགས་ཆ་འདོན་སྤེལ་དང་། འགན་འཁྲི་ལྕི་པོ་ཁུར་ཕོད་པ། དཔའ་ངར་ཆེན་པོས་འབད་འཐབ། འབད་བརྩོན་ལྷོད་མེད་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ནུབ་ཐབས་མེད་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཡོད།

        གཞོན་ནུ་ནི་དུས་རབས་ཀྱི་གདོང་ལེན་དང་། རྒྱལ་ཁབ་གི་ཀ་གདུང་། མི་རིགས་ཀྱི་རེ་བ་བཅས་རེད། རེ་བར་རྒྱ་ཆེའི་གཞོན་ནུ་ཚོས་རང་རྟོགས་ངང་དུས་རབས་ཀྱིས་དཀྲིས་བའི་གཟི་བརྗིད་ཀྱི་འགན་འཁྲི་འཁུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་སློབ་སྦྱོང་ཁྲོད་ཡར་རྒྱས་དང་། ལག་ལེན་ཁྲོད་འཚར་ལོངས། ལེགས་སྐྱེས་འབུལ་བའི་ཁྲོད་བཙོ་སྦྱང་བཅས་བྱས་ཏེ་རྒྱུན་ཆད་མེད་པར་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལང་ཚོའི་ལེའུ་ཞིག་གཏོད་དགོས། ཕུགས་བསམ་དང་དད་སེམས་སྲ་བརྟན་དུ་གཏོང་བ་དང་ཡང་དག་པའི་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་བ་དང་ཏང་དང་མི་དམངས་ཀྱི་མངགས་བཅོལ་བརྟན་པོ་ངེས་ཏེ་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་། སྟོབས་ཤུགས་གང་ཡོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་། བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་ལ་སྐུལ་གཏོང་། ནུས་ཤུགས་ཡོད་རྒུས་ཞི་མཐུན་སྐྲུན་པ་བཅས་བྱེད་པ། སྙིང་རུས་ཆེན་པོས་ཤེས་བྱ་གསར་པ་སློབ་སྦྱོང་བྱེད་པ་དང་། དུས་བབ་བཟང་པོར་གཅེས་འཛིན་ལྡབ་བརྒྱ་བྱེད་པ། སེམས་མི་གཡེང་བ། སློབ་སྦྱོང་ཧུར་ཐག་བྱེད་པ། འཇོན་ཐང་ཁོང་དུ་ཆུད་པ་བྱེད་པ། ཤེས་བྱ་འཕེལ་བ། བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཚད་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་པ། སྙིང་སྟོབས་རབ་འཕེལ་གྱིས་འབད་འཐབ་ལྷོད་མེད་དང་། བློ་ཁོག་ཆེན་པོས་གསར་འབྱེད་གསར་གཏོད། དཀའ་སྤྱད་ལས་སྐྲུན་བྱེད་ཕོད་པ། སྤྱིར་བཏང་གི་ལས་གནས་ཐོག་ཕུལ་བྱུང་བརྩོན་ལེན་བྱེད་པ། དཀའ་ངལ་ཆེ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་གནས་སུ་འཇོན་ཐང་འདོན་པ་བཅས་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་གདོང་ལེན་པ་ཞིག་བྱེད་པ། བླ་ན་མེད་པའི་ཀུན་སྤྱོད་སྐྱེད་སྲིང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་དུ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྒྱུར་བཅོས་གསར་གཏོད་ཀྱིས་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དང་དཀའ་སྤྱད་འབད་འཐབ་ཀྱིས་སྲོག་ཤིང་དུ་བྱེད་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་རང་རྟོགས་ངང་ལག་ལེན་བྱས་ཏེ་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོར་ཁྲིད་སྟོན་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བ་བྱེད་དགོས།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བ་མཚོན་རྟགས་སུ་བྱས་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ། ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་པ། ཏང་གིས་གཞོན་ནུར་འབྲེལ་བ་བྱེད་པའི་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཏན་ཏིག དུས་བབ་ཀྱི་འཕེལ་རྒྱས་དང་བསྟུན་པ། གཞོན་ནུའི་དོན་དངོས་དང་བསྟུན་པ། ལས་ཀའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། བྱེད་སྒོའི་བྱེད་ཐབས་གསར་གཏོད་བྱེད་པ། སྡེ་ཚོགས་རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། ལས་ཀའི་འབོད་སྐུལ་གྱི་ནུས་པ་དང་ཤུགས་རྐྱེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་གཞོན་ནུ་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་ཐུབ་པ་བྱེད་དགོས།

        གཞོན་ནུ་གྲོགས་པོ་ཚོ། རླབས་ཆེན་དུས་རབས་ཀྱིས་ང་ཚོ་འབོད་བཞིན་ཡོད་ལ་བརྗིད་ཆེའི་བྱ་གཞག་གིས་ང་ཚོར་ལྕག་འདེབས་བྱེད་བཞིན་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རླབས་ཆེན་གྱི “ལྔ་བཞིའི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་གཏོང་བ། ཀུན་སེམས་གཅིག་སྦྲེལ། འབད་འབུངས་སྟོབས་བརྩོན་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་བྱས་རྗེས་བཞག་སྟེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

        ཁྲེན་ཆོན་གོས།

        2012ལོའི་ཟླ་5ཚེས་2ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།