དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཚེ་རིང་ལ་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བློ་མཐུན་ཚེ་རིང་། ཕོ། བོད་རིགས། ཀྲུང་གུང་ཏང་ཡོན། གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་གི་མི། 1959ལོར་སྐྱེས། སྔ་རྗེས་སུ་གཞིས་རྩེ་ས་ཁུལ་རིན་སྤུངས་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དང་། ས་དགའ་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྣམ་གླིང་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྣམ་གླིང་རྫོང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྣམ་གླིང་རྫོང་ར་ལག་གཡུང་དྲུང་གླིང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་ཁུར་ཡོད། ངལ་དུབ་ཀྱིས་མནར་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མི་ཐོན་པར་བློ་མཐུན་ཚེ་རིང་2012ལོའི་ཟླ་1ཚེས་29ཉིན་གྱི་ཐོ་རེངས་སུ་ལས་གནས་ཐོག་སྟབས་མི་ལེགས་པར་སྙུང་གཞི་ཕོག་ནས་གྲོངས་པ་དང་གྲོངས་དུས་ལོ་53ཡིན།

        བློ་མཐུན་ཚེ་རིང་ནི་རང་ལྗོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཕུལ་བྱུང་གི་གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་ཡིན་ལ་ལྗོངས་ཡོངས་ཀྱི་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ལས་དོན་ཁྲོད་ཐོན་པའི་ཕུལ་བྱུང་གི་མཚོན་བྱེད་ཅིག་ཀྱང་ཡིན། ཁོང་གིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་བསམ་བློ་བཏང་སྟེ་རང་རྟོགས་ངང་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་དོན་ནང་ཞུགས་རྒྱུའི་རེ་འདུན་ཞུས་ཡོད། དགོན་སྡེར་བཅའ་སྡོད་བྱས་རྗེས་ནད་གཞི་ཕོག་པར་མི་བལྟོས་པར་ཏན་ཏན་ཏིག་ཏིག་དང་། རང་དོན་རྒྱབ་བསྐྱུར། ལས་གནས་བརྟན་སྲུང་། སྒེར་སེམས་མེད་པའི་སྒོ་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་དང་གྲོགས་པོ་སྒྲིག་པ། རྒྱལ་གཅེས་ཆོས་གཅེས་ཀྱིས་བརྗོད་བྱ་གཙོ་བོ་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྤེལ་བ། “གཅིག་དྲུག ”གི་བྱེད་སྒོ་དང་དགོན་སྡེར “ཡོད་པ་དགུའི ”འདུ་འགོད་སྒྲིག་འཛུགས་དང་ལག་བསྟར་ཧུར་ཐག་བྱེད་པ། བློ་གཅིག་སེམས་གཅིག་གི་སྒོ་ནས་དགོན་སྡེ་དང་གྲྭ་བཙུན་ཆེད་དོན་དངོས་དང་བྱ་བ་བཟང་པོ་སྒྲུབ་པ། དགོན་སྡེའི་གྲྭ་བཙུན་རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་ཡག་པོ་ཞིག་འགྱུར་རྒྱུར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ནས་ཆོས་ལུགས་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་རྒྱུར་སྐུལ་འདེད་བཏང་བ་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བས་ལས་ཀའི་དོན་དུ་ཚེ་སྲོག་འབུལ་མཁན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། དུས་སྐབས་གསར་པའི་མི་རིགས་ལས་བྱེད་པའི་མིག་དཔེ། དགོན་སྡེར་བཅའ་སྡོད་བྱེད་མཁན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པའི་ཁྲོད་ཀྱི་དཔེ་མཚོན་བཅས་ཡིན།

        བློ་མཐུན་ཚེ་རིང་འཚོ་བཞུགས་སྐབས་ཀྱི་ཕུལ་བྱུང་སྤྱོད་ཚུལ་དང་དེ་བཞིན་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཁྲོད་རང་སྲོག་དོར་རྒྱུར་མི་སྐྲག་པ་དང་སྒེར་སེམས་མེད་པའི་སྒོ་ནས་ལེགས་སྐྱེས་ཕུལ་བའི་བྱས་རྗེས་མངོན་གསལ་ལ་གཞིགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་བློ་མཐུན་ལ་ཚེ་རིང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་བློ་མཐུན་ཚེ་རིང་ལ་སློབ་སྦྱོང་བྱས་ཏེ་དར་ཆ་གསལ་སྟོན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བརྟན་པོ་དང་། ཏང་ལ་བསམ་པ་རྣམ་དག་དང་སྤྱི་ཡོངས་ལ་བསམ་བློ་གཏོང་བའི་བླ་ན་མེད་པའི་སྤྱོད་བཟང། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ། དཀའ་ངལ་ཁྱད་བསད་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་བཅས་ཀྱི་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཚེ་རིང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དང་། གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ། ཞི་མཐུན་མིག་དཔེའི་དགོན་སྡེ་གཏོད་རྒྱུ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་འདེམས་པའི་བྱེད་སྒོ་ཡག་པོ་སྤེལ་རྒྱུ། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ལ་དོ་ཁུར་བྱེད་པ་དང་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ལས་དོན། འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་བཅས་དང་ཟུང་འབྲེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུངས་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བཀོད་སྒྲིག་ཞིབ་ཚགས་བྱེད་པ། དོན་འཁྱོལ་ཐད་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་འགྱུར་བ་བྱེད་པ་དང་འབྲེལ་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།