དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ལི་སུའུ་ཀྲིར་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལི་སུའུ་ཀྲི སྐྱེས་པ། རྒྱ་རིགས། 1954ལོའི་ཟླ་བཞི་པར་འཁྲུངས། ཧྲན་ཏུང་ལི་དབྱི་ནས་ཡིན་པ། ཀྲུང་གུང་ཏང་ཡོན། 1970ལོའི་ཟླ་བཅུ་གཉིས་པར་དམག་ནང་ཞུགས་པ་དང་1976ལོའི་ཟླ་བདུན་པར་བཅིངས་འགྲོལ་དམག་དམག་མིའི་གསོ་རིག་སློབ་ཆེན་གཉིས་པ་ཐོན་རྗེས་སློབ་གྲྭ་དེ་གར་ལས་ཀར་ཞུགས་པ་དང་ལོ་དེའི་ཟླ་བཅུ་པར་རང་མོས་ངང་བོད་དུ་མཐའ་སྲུང་དམག་མིའི་སྨན་པ་གནང་བར་ཕེབས། 1995ལོའི་ཟླ་ལྔ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ། 2000ལོའི་ཟླ་བདུན་པར་ཀྲུང་དབྱང་དམག་ཨུད་ཀྱིས་ཆེད་ལས་ལག་རྩལ་གྱི་ཧྲའོ་ཅང་དམག་དཔོན་གྱི་གོ་གནས་གནང་བ་དང་ད་ལྟ་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་དང་། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཡོན་ཀྲང་། སྨན་རམས་པ་དང་འབུམ་རམས་པ་སློབ་མའི་སློབ་དཔོན་བཅས་རེད།

        ལོ་36རིང་བློ་མཐུན་ལི་སུའུ་ཀྲིས་ཏང་ལ་ལྷག་བསམ་རྣམ་དག་དང་མཐའ་མཚམས་དམག་དམངས་ལ་བཅོས་མིན་བརྩེ་སེམས་འཆང་བ་དང་གངས་ལྗོངས་ས་མཐོར་གཞི་ཚུགས་ཏེ་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྙིང་རུས་ཆེན་པོས་གསོ་རིག་ལག་རྩལ་སྦྱངས་ནས་བློ་གཅིག་སེམས་གཅིག་ངང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་དང་གཞི་རིམ་དཔོན་དམག་ལ་ཞབས་འདེགས་ཞུས་པས་དཔུང་སྡེའི་དཔོན་དམག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།

        2004ལོ་ནས་བཟུང་བློ་མཐུན་ལི་སུའུ་ཀྲིས་སྔ་རྗེས་སུ “སྐོར་སྐྱོད་སྨན་ཁང ”སྣེ་ཁྲིད་ཐེངས་110གནང་ནས་ས་ཐག་རིང་བའི་འབྲོག་ཁུལ་དང་དགོན་སྡེར་ཟབ་སྐྱོད་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ནད་འགོག་ནད་བཅོས་ཧུར་ཐག་གནང་ནས་ཏང་གི་དྲོ་སྐྱིད་མི་དམངས་མང་ཚོགས་ཚོས་ཚོར་ཐུབ་པ་གནང་བས་སྔ་རྗེས་སུ “དམག་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”དང་། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར ”“རྒྱལ་ཡོངས་ཀྱི་ཀུན་སྤྱོད་མིག་དཔེ ”“ཀྲུང་གོ་གསར་པ་དབུ་བཪྙེས་ཚུན་གྱི་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་100”བཅས་ལ་འདེམས་ཐོན་བྱུང་ནས་དུས་སྐབས་གསར་པའི་རིང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་སྨན་དོན་ལས་དོན་པའི་གཟུགས་བཪྙན་བཟང་པོ་མངོན་ནས་གཞི་རིམ་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་བར་བརྟེན་རྒྱ་ཆེའི་བོད་རིགས་མང་ཚོགས་ཚོས “ནད་བཅོས་སྲོག་སྐྱོབ་ཀྱི ‘བྱང་ཆུབ་སེམས་དཔའ་ངོ་མ ’”དང “བོད་མི་དམངས་ཀྱི་དམག་དཔོན་སྨན་པ ”ཞེས་བརྗོད་ཀྱི་ཡོད།

        ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་བློ་མཐུན་ལི་སུའུ་ཀྲིའི་སྔོན་ཐོན་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག་གནང་བ་དེ་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་སྡོད་དཔུང་སྡེར་ཐུགས་ཁུར་གཟབ་བཞེས་དང་བོད་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་ལུགས་མཚོན་ཡོད། དེ་ནི་ལི་སུའུ་ཀྲི་མི་སྒེར་ལ་གཟེངས་བསྟོད་ཆེན་པོ་ཞིག་གནང་བ་ཡིན་པ་མ་ཟད་བོད་སྡོད་དཔུང་སྡེར་ཁས་ལེན་གང་ལེགས་གནང་བ་ཞིག་ཀྱང་རེད། བོད་སྡོད་དཔུང་སྡེའི་དཔོན་དམག་ཚོའི་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་ཞིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་པས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དམག་དམངས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་མ་ཆེན་པོ་ཐེབས་ངེས་རེད། བློ་མཐུན་ལི་སུའུ་ཀྲིའི་སྔོན་ཐོན་མཛད་རྗེས་ཐོག་ནས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ང་ཚོའི་ཏང་གི་ངོ་བོ་གཅིག་སྡུད་ཐོག་མཚོན་པ་དང་ཏང་གི་བཀོད་འདོམས་ལ་ཉན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་བློས་གཏོང་དང་ལེགས་སྐྱེས་འབུལ་ཕོད་པའི་བོད་སྡོད་དཔུང་སྡེའི་དཔོན་དམག་གི་ཆབ་སྲིད་ངོ་བོ་དང་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མཚོན་ཡོད། སྔོན་ཐོན་གཟེངས་བསྟོད་བྱེད་པ་དང་དཔེ་མཚོན་བཙུགས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དད་སེམས་བརྟན་དུ་དང་དམིགས་ཡུལ་བློ་ལ་ངེས་རྒྱུར་སྔར་བས་སྐུལ་མ་གཏོང་བ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣས་ས་མཐོར་རྩ་བ་འཛུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུར་སྔར་བས་སྐུལ་མ་གཏོང་བ། བོད་སྡོད་དཔུང་སྡེའི་རྒྱ་ཆེའི་དཔོན་དམག་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བ་དང་མཐའ་མཚམས་ལ་ལེགས་སྐྱེས་འབུལ་རྒྱུར་སྔར་བས་སྐུལ་མ་གཏོང་བ་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་རླབས་ཆེན་ལག་ལེན་ནང་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཞིག་འབུལ་ཆེད་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་བློ་མཐུན་ལི་སུའུ་ཀྲིར་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་གནང་བ་རེད། བློ་མཐུན་ལི་སུའུ་ཀྲིར་སློབ་སྦྱོང་བྱེད་སྐབས་ཁོང་གི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། གངས་ལྗོངས་ས་མཐོར་གཞི་ཚུགས་པ། ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་ཐོག་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་འཛིན་དང་དར་སྤེལ་བཏང་ནས་མེས་རྒྱལ་གྱི་མཐའ་མཚམས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཆེད་དུ་ལང་ཚོ་དང་རྔུལ་ཆུ་ཕུལ་བར་སློབ་སྦྱོང་དང་། བློ་མཐུན་ལི་སུའུ་ཀྲིར་སློབ་སྦྱོང་བྱེད་སྐབས་ཁོང་གིས་དམིགས་ཡུལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། སྔ་ཕྱི་བར་གསུམ་དུ་མང་ཚོགས་སེམས་སུ་འཆང་བ། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ་བློ་གཅིག་སེམས་གཅིག་ངང་གཞི་རིམ་གྱི་དཔོན་དམག་དང་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དུད་ཚང་ཁྲི་སྟོང་མང་པོར་ཚོར་ཐུབ་པ་བྱས་པར་སློབ་སྦྱོང་། བློ་མཐུན་ལི་སུའུ་ཀྲིར་སློབ་སྦྱོང་བྱེད་སྐབས་ཁོང་གིས་སྔ་ཕྱི་བར་གསུམ་དུ་ཏང་གི་བྱ་གཞག་གཙིགས་ཆེན་དུ་འཛིན་པ་དང་། ཆབ་སྲིད་ལ་སྣང་ཆེན་བྱས་ནས་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ། ཞི་མཐུན་ལ་སྐུལ་མ་བཏང་ནས་བརྟན་ལྷིང་འགན་ལེན་བྱེད་པ་བཅས་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པར་སློབ་སྦྱོང་། བློ་མཐུན་ལི་སུའུ་ཀྲིར་སློབ་སྦྱོང་བྱེད་སྐབས་ཁོང་གིས་ལས་ཀར་འགན་ཧ་ཅང་ཆེན་པོ་འཁུར་བ་དང་། ལག་རྩལ་ཡག་ཐོག་ཡག་བརྩེགས་ཡོང་བ། བྱ་གཞག་ལ་དགའ་ཞེན་ཚད་མེད་བཅས་བྱས་ཏེ་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་དང་རྩེར་སོན་ལག་རྩལ་ཐོག་ནས་བོད་ཀྱི་དམག་དམངས་ལ་ཞབས་འདེགས་ཞུ་བ་དང་རྒྱ་ཆེའི་དམག་དམངས་ཀྱི་བདེ་ཐང་བྱ་གཞག་ཐད་འབད་འཐབ་བྱེད་རིང་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པ་བྱེད་པར་སློབ་སྦྱོང་བཅས་བྱེད་དགོས།

        ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བློ་མཐུན་ལི་སུའུ་ཀྲིའི་སྔོན་ཐོན་མཛད་རྗེས་ཐད་གནང་བའི་ཀྲུའུ་ཞི་ཅ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བློ་མཐུན་ལི་སུའུ་ཀྲི་མིག་དཔེར་བྱས་ནས་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་བྱ་སྤྱོད་ཐོག་མངོན་པར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཐོན་པ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གཤིས་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་མཐོང་ཆེན། གདོང་ལེན་བརྩོན་ལེན། མིག་དཔེ་སྟོན་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ལི་སུའུ་ཀྲིར་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་བློ་མཐུན་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་དང་། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ། རང་འཁྲིའི་ལས་ཀ་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་རང་འཁྲིའི་ལས་གནས་སུ་གཞི་ཚུགས་པ་དང་ལས་ཀར་འབད་བརྩོན་ལྡབ་འགྱུར་གྱིས་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ལི་སུའུ་ཀྲིར་སློབ་སྦྱོང་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་སེམས་པ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་དང་། རང་འགན་གཙང་སྒྲུབ། གསར་འབྱེད་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། ཕྱུག་པོ། ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།