དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིབློ་མཐུན་ཚེ་རིང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེ་རིང་། ཕོ། བོད་རིགས། ཀྲུང་གུང་ཏང་ཡོན། གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་ནས་ཡིན། 1959ལོར་འཁྲུངས། དེ་སྔོན་གཞིས་རྩེ་ས་ཁུལ་རིན་སྤུངས་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དང་། ས་དགའ་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྣམ་གླིང་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྣམ་གླིང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། རྣམ་གླིང་རྫོང་ར་ལག་གཡུང་དྲུང་གླིང་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་སྔ་རྗེས་སུ་འཁུར་ཡོད། ངལ་དུབ་ཀྱིས་རྐྱེན་པས་ནད་གཞི་ཕོག་སྟེ་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་བློ་མཐུན་ཚེ་རིང་2012ལོའི་ཟླ་1ཚེས་29ཉིན་གྱི་ཐོ་རེངས་སུ་ལས་གནས་ཐོག་སྟབས་མི་ལེགས་པར་གྲོངས་པ་དང་གྲོངས་དུས་ལོ་53རེད།

        བློ་མཐུན་ཚེ་རིང་ནི་ལྗོངས་ཡོངས་སུ་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱེད་སྐབས་ཐོན་པའི་ཕུལ་བྱུང་གི་འཐུས་མི་ཞིག་ཡིན། ཁོང་གིས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་སྐྱོང་བྱས་ཏེ་དགོན་པའི་དོ་དམ་ཨུ་ལྷན་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་འདུན་པ་རང་འགུལ་ངང་ཞུས་པ་དང་། དགོན་པར་བཅའ་སྡོད་བྱས་རྗེས་ལུས་ལ་ནད་གཞི་ཕོག་པར་མ་འཛེམས་པར་འབད་འབུངས་ལས་བརྩོན་དང་རང་ཉིད་གཏིང་བརྗེད་ཀྱིས་ལས་ཀ་བྱེད་པ་དང་། ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་དོ་དམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། དགོན་པ་དང་གྲྭ་བཙུན་ལ་རང་འགུལ་ངང་ཧུར་བརྩོན་ཆེན་པོས་བྱ་བ་དངོས་དང་ལས་བཟང་སྒྲུབ་པ། དགོན་པའི་གྲྭ་བཙུན་ལ་རྒྱལ་གཅེས་ཁྲིམས་སྲུང་གི་དགེ་འདུན་ཡག་པོ་ཞིག་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁོ་ཚོའི་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ་ཆོས་ལུགས་དེ་ཉིད་སྤྱི་ཚོགས་རིང་ལུགས་དང་འཚམ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་སྟབས་དགོན་པར་བཅའ་སྡོད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པའི་ཁྲོད་ཀྱི་དཔེ་མཚོན་འཐུས་མི་ཞིག་རེད།

        སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་དཔེ་མཚོན་བཙུགས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་དད་སེམས་བརྟན་དུ་གཏོང་རྒྱུ་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་རྒྱུར་སྔར་བས་སྐུལ་མ་གཏོང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་དད་སེམས་དང་སེམས་ཤུགས་སྔར་བས་བརྟན་དུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་དགོན་པར་བཅའ་སྡོད་ལས་བྱེད་པ་ཚོའི་ལས་ཀའི་སྤྲོ་སེམས་ལ་སྔར་བས་སྐུལ་མ་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་རླབས་ཆེན་ལག་ལེན་ཁྲོད་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཕྱིར་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་བློ་མཐུན་ཚེ་རིང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས་པའི་གཏན་འབེབས་བྱས་པ་ཡིན།

        དར་ཆ་གསལ་སྟོན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བློ་མཐུན་ཚེ་རིང་གི་ལངས་ཕྱོགས་བརྟན་པོར་སློབ་སྦྱོང་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཟབ་ནན་བྱས་ཐོག་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་འགྱུར་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཏཱ་ལའི་རུ་ཚོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བློ་བརྟན་འགྱུར་མེད་ངང་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་ཁྱོན་ཡོངས་ལ་ལྟ་སྐྱོང་བྱེད་པའི་བློ་མཐུན་ཚེ་རིང་གི་བླ་ན་མེད་པའི་གཤིས་བཟང་ལ་སློབ་སྦྱོང་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་གུང་ཁྲན་ཏང་ཡོན་དང་མི་དམངས་ཀྱི་སྤྱི་ཞབས་པའི་བླ་ན་མེད་པའི་འགན་འཁྲི་བློ་དཀར་སེམས་དཀར་ངང་འཁུར་བ་དང་། དཀའ་ངལ་ལ་མི་སྐྲག་པ་དང་ལེགས་སྐྱེས་འབུལ་འདོད་བྱེད་པའི་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཞུ་ལུགས་མཚོན་པར་བྱེད་པ། དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཀྱི་བློ་མཐུན་ཚེ་རིང་གི་ལས་ཀའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱས་ཏེ་དགོན་པ་དང་གྲྭ་བཙུན་ཁྲོད་དངོས་འབྲེལ་ཟབ་འཇུག་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་དང་གྲོགས་པོ་འགྲིག་པ་དང་རྒྱལ་གཅེས་ཆོས་གཅེས་བརྗོད་བྱ་གཙོ་བོར་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་གཅིག་དྲུག་གི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་དགོན་པའི་ཡོད་པ་དགུའི་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་ཐོག་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོའི་སེམས་ནང་དངོས་འབྲེལ་ཚོར་ཐུབ་པ་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་། དགེ་སྒྲུབ་ངན་དོར། ཞི་མཐུན་གོང་དུ་བཀུར་བ། ཞི་བདེ་ཡོང་རེ་བྱེད་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུའི་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་ལ་ཞི་མཐུན་དཔེ་བཟང་དགོན་པ་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཞིག་ཏུ་འགྱུར་རྒྱུར་ཧུར་བརྩོན་ཆེན་པོས་བརྩོན་ལེན་བྱས་ཏེ་དགོན་པའི་རྒྱུན་སྲིང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས།

        ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བདུན་གཅིག་གི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཟབ་ནན་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོའི་ནང་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བློ་མཐུན་ཚེ་རིང་མིག་དཔེར་བྱས་ནས་སྔོན་ཐོན་ལ་སློབ་སྦྱོང་དང་བྱ་སྤྱོད་སྤེལ་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་ཁྲིད་སྟོན་གྱིས་ཏང་གཤིས་ལ་སྣང་ཆེན་བྱེད་པ་དང་། ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ། མིག་དཔེ་འདོན་པ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཚེ་རིང་ལ་སློབ་སྦྱོང་བྱ་རྒྱུ་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ལ་གཅེས་སྐྱོང་བྱེད་པ་དང་། དགོན་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྤེལ་བཞིན་པའི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་དོན་འཁྱོལ་དམ་བཟུང་གིས་སློབ་སྦྱོང་གི་འབྲས་བུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ངོ་མར་འགྱུར་བ་བྱེད་པ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།