དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • སྒྲིག་ལམ་ནན་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་གིས་ས་ཁུལ (གྲོང་ཁྱེར )སྒྲིག་ཨུད་དང་ལྟ་ཞིབ་ཅུས་ཁག་ལ་ཛ་དྲག་བརྡ་ཐོ་བཏང་སྟེ་སྒྲིག་ལམ་ནན་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་བརྟན་ལྷིང་མཐུན་སྒྲིལ་གྱི་སྤྱི་ཚོགས་རྣམ་པ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པ་བཏོན་ཡོད།

        བརྡ་ཐོའི་ནང་། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས 《དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་དང་ཟླ་བ་གསུམ་པའི་ནང་འབྲེལ་ཡོད་གཏན་འབེབས་ལག་ལེན་ནན་ཏན་བསྟར་རྒྱུའི་ཛ་དྲག་བརྡ་ཐོ 》དང 《ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུའི་ཛ་དྲག་བརྡ་ཐོ 》སྔ་རྗེས་སུ་བཏང་བ་དང་འབྲེལ་ཚོགས་འདུ་ཐེངས་མང་འཚོགས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་ཀར་བཀོད་སྒྲིག་གསལ་པོ་དང་བླང་བྱ་ནན་པོ་བཏོན་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཉེ་ཆར་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ནང་ཐོན་པའི་འགན་འཛོལ་རིགས་གཉིས་ལྗོངས་ཡོངས་སུ་བརྡ་ཁྱབ་བཏང་ཡོད། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་སྔ་བར་ཕྱི་གསུམ་དུ་རིག་པ་དྭངས་གསལ་ཁར་ད་ཆའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གལ་འགངས་དང་དགོས་གཏུགས་ལ་ངོས་འཛིན་ཡག་པོ་བྱེད་པ་དང་། ཆབ་སྲིད་དང་། ཁྱོན་ཡོངས། སེམས་ཁྲལ་བཅས་ཀྱི་འདུ་ཤེས་སྔར་བས་སྐྱེས་ནས་བསམ་བློ་དང་བྱ་སྤྱོད་དེ་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་འཛིན་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོད་སྡོམ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཐུབ་པ་དང་། སྟེས་དབང་དང་འཕྲལ་སེལ་སླ་བཅོས། ཟབ་ཟོབ་ཀྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་དང་ལས་ཀ་ཏན་ཏིག་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་བྱེད་པ། སྔོན་ཇུས་བཏིང་ནས་རང་འགུལ་དམག་ཡག་པོ་རྒྱག་པ། དོགས་ཟོན་ཆེར་བསྐྱེད་དང་། ལས་གནས་བརྟན་སྲུང་། དམིགས་སར་ལྷོད་གཡེང་མི་གཏོང་བ། དམངས་འཚོར་དོ་ཁུར། འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཀྱི་སྒོ་ནས་ད་ཆ་དང་ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་ཀ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་བསྟན་ཡོད།

        བརྡ་ཐོའི་ནང་། ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁྲི་ལག་ལེན་ནན་པོ་བསྟར་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ་དང་། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་རྣམ་འགྱུར་ཐད་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དེའི་བསམ་ཚུལ་དུས་ཐོག་ཏུ་ཤེས་པ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཆབ་སྲིད་སྒྲིག་ལམ་རང་རྟོགས་ངང་སྲུང་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀ་ཧུར་ཐག་སྤེལ་རྒྱུར་ཁྲིད་སྟོན་བྱེད་དགོས་པ། བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྒྲིག་ལམ་ལས་བརྒལ་བ་དང་བཅས་པའི་ཏང་གི་ཆབ་སྲིད་སྒྲིག་ལམ་ལས་བརྒལ་བའི་གནད་དོན་དུས་ཐོག་ཏུ་ཤེས་ཐུབ་པ་དང་ཐག་གཅོད་ནན་པོ་བྱེད་དགོས་པ། རྒྱུན་གཏན་ལྟ་ཞིབ་དང་མངོན་ལྐོག་བརྟག་དཔྱད་སོགས་ལ་བརྟེན་ནས་ས་ཁུལ་དང་སྡེ་ཚན་ཁག་གི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ལས་གནས་ཐོག་ཡོད་མེད་དང་། སྡོད་བྱ་བྱས་མིན། སྣེ་ཁྲིད་མིན། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཚུལ། ཚན་པ་ཁག་གི་སྡོད་བྱའི་ལམ་ལུགས་ལག་ལེན་བསྟར་ཚུལ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་བཅའ་སྡོད་གྲོང་ཚོའི་ལས་ཀ་བསྒྲུབས་ཚུལ། དགོན་བདག་ཨུ་ལྷན་གྱི་ལས་བྱེད་པ་ལས་གནས་ཐོག་ཡོད་མེད་དང་ལས་ཀ་བྱས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་ལས་བྱེད་པར་རང་འཁྲིའི་ལས་ཀ་ཡག་པོ་བྱ་རྒྱུར་ལྕག་སྐུལ་གཏོང་རྒྱུ་དང་འབྲེལ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་ཇི་བཞིན་གནས་པ་བྱེད་དགོས་པ། གནད་དོན་ཐོན་རིམ་བཞིན་ཐག་གཅོད་བྱེད་པ་དང་བརྡ་ཁྱབ་གཏོང་དགོས་པ་ལས་སྙིང་རྗེ་སྤུ་ཙམ་ཡང་བྱེད་མི་ཆོག་པ་བཅས་བསྟན་ཡོད།

        བརྡ་ཐོའི་ནང་། ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྒྲིག་ལམ་དང་བརྒལ་བའི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྒྲིག་ལམ་དེ་མངོན་གསལ་དོད་པའི་གནད་དོན་ཐོག་འཇོག་པ་དང་སྒྲིག་ལམ་ནན་པོས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་ཐུབ་པ་བྱེད་དགོས་པ། 《བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཁྲོད་འགན་འཛོལ་ཤོར་མཁན་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་བའི་གནས་སྐབས་གཏན་འབེབས 》ལག་ལེན་བསྟར་དགོས་པ་བཅས་དང་ཏང་ཡོན་ལས་བྱེད་པས་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་དང་བླང་བྱར་མི་བལྟོས་པ་དང་། བཀའ་ཡོད་ཀྱང་མི་བརྩི་བ། བཀག་ཀྱང་མི་འཁོག་པ། འགན་འཛོལ་བྱུང་བ། བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་གནས་ཚུལ་ལྷག་པ། འགག་རྩའི་དུས་སུ་ལས་གནས་ནས་རང་དགར་བྲལ་བ། དགོས་གལ་སྐབས་ཕྱིར་བཤོལ་རྒྱག་པ། འཕྲལ་སེལ་སླ་བཅོས་བྱེད་པ། འགན་འཁྲི་གཞན་ལ་དཀྲི་བ་བཅས་ལས་མཇུག་འབྲས་ཚབས་ཆེན་ཐོན་མཁན་ལས་བྱེད་པ་རིམ་པ་མཐོ་དམའ་ལ་མ་བལྟོས་པ་ཚང་མ་རང་སར་གནས་དབྱུངས་བཏང་རྗེས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་ཡིན་པ་དང་། ཧ་ཅང་ཚབས་ལྕི་རིགས་སྲིད་ཁྲིམས་ལས་ཁུངས་སུ་བསྐྱལ་ནས་ཉེས་དོན་འགན་འཁྲི་རྩད་གཅོད་གཏོང་རྒྱུ་ཡིན་པ། བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྒྲིག་ལམ་དང་བརྒལ་བའི་བྱེད་སྤྱོད་ཞིབ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་བཀའ་ཡང་ཡང་ཕབ་ཀྱང་འགན་མི་འཁུར་མཁན་རིགས་གཙོ་བོར་བཏོན་ནས་ཡོངས་བསྒྲགས་ཐོག་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ནན་བཤད་བྱས་ཡོད།

        བརྡ་ཐོའི་ནང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པ་ཚོས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། རྩ་འཛུགས་ཀྱི་བཀོད་འདོམས་ལ་ཉན་པ། དཀའ་ངལ་ལ་མི་སྐྲག་པ། འགན་ལྕི་འཁུར་ཕོད་པ། གཞན་ལ་མིག་དཔེ་སྟོན་ཐུབ་པ། གདོང་མཆོང་བྱེད་ཕོད་པ་བཅས་ཀྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཁྲོད་ཧུར་ཐག་ཞུགས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།