དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དེ་2012ལོའི་ཟླ་1ཚེས་8ཉིན་ནས་ཚེས་10ཉིན་བར་པེ་ཅིང་དུ་འཚོགས་ཤིང་། གྲོས་ཚོགས་ནང་ཕེབས་མཁན་གྱི་གྲས་སུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་117ཡོད་པ་དང་མི་སྣ་336ཟུར་ཞུགས་གནང་ཡོད།

        ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས་པ་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་2011ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕྱིར་མིག་ལྟ་བ་དང་ཕྱོགས་སྡོམ་བྱས་པ་དང་། ཚན་རིག་དང་མཐུན་པའི་ངང་དེང་སྐབས་ཀྱི་རུལ་རྒོལ་གཙང་སྤེལ་གྱི་དུས་བབ་ལ་དབྱེ་ཞིབ་བྱས་པ། 2012ལོའི་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཧོ་གོ་ཆང་གིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་གནང་བའི 《བསམ་བློའི་ངོས་འཛིན་གཅིག་གྱུར་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས 》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གྲོས་འཆམ་བྱས་པ་རེད།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཧུའུ་ཅིན་ཐའོ་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཝུའུ་པང་གོ་དང་། དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིང་། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲོའུ་ཡུང་ཁང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲོས་ཚོགས་ལ་ཕེབས་ཡོད་པ་རེད། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ནང་ཞུགས་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ནས་གསུང་བཤད་དེའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཐོབ་པའི་ཕན་འབྲས་གསར་པ་དང་ཉམས་མྱོང་གསར་པར་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཚན་རིག་དང་མཐུན་པའི་ངང་མིག་སྔའི་རུལ་རྒོལ་གཙང་སྤེལ་གྱི་དུས་བབ་ལ་དབྱེ་ཞིབ་བྱས་པ། འདི་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ཁ་གསལ་བཏོན་པ། ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན། དགོས་གཏུགས་རང་བཞིན་དང་དེ་བཞིན་སྤྱིའི་བླང་བྱ་དང་ལས་ཀའི་གཙོ་གནད་རྒྱས་བཤད་གཏིང་ཟབ་བཅས་བྱས་ཡོད། ཏང་ཡོངས་ཀྱིས་ཏང་གི་འདུ་ཤེས་དང་། ཆབ་སྲིད་ཀྱི་འདུ་ཤེས། ཉེན་ཁའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་མཐའ་འཁྱོངས་བྱེད་པ་དང་བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུ་དེ་དཔུང་ཁག་དོ་དམ་ནན་པོ་བྱ་རྒྱུ་དང་ཟུང་འབྲེལ། ཏང་གི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་དེ་ཏང་གཤིས་བློ་སྦྱོང་དང་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཟུང་འབྲེལ། རུལ་སུངས་ལ་ཆད་གཅོད་བྱ་རྒྱུ་དེ་མཐའ་གཅིག་ཏུ་རུལ་སུངས་སྔོན་འགོག་ནུས་ལྡན་བྱ་རྒྱུ་དང་ཟུང་འབྲེལ། ལྟ་སྐུལ་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཏང་གི་སྒྲིག་ཁྲིམས་ནན་སྲུང་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རང་ངོས་དྭངས་གཙང་ཡོང་བ་དང་། རང་ངོས་འཐུས་ཚང་ཡོང་བ། རང་ངོས་གསར་བརྗེས་བྱེད་པ། རང་ངོས་ཀྱི་ནུས་པ་ཆེར་གཏོང་བཅས་བྱས་ཐོག་ཐོག་མཐའ་བར་གསུམ་དུ་ཏང་གི་ངོ་བོ་དང་དམིགས་ཡུལ་མཐའ་འཁྱོངས་ཀྱིས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ངོ་བོ་ཇི་སྲིད་བར་དུ་མི་ཉམས་པ་བྱེད་དགོས་པའི་ནན་བཤད་བྱས་པ། ཏང་ཡོན་དང་ལས་བྱེད་པའི་བསམ་བློ་དྭངས་གཙང་ཡོང་རྒྱུ་རྒྱུན་འཁྱོངས་དང་། ཏང་ཡོན་དང་ལས་བྱེད་པའི་དཔུང་ཁག་དྭངས་གཙང་ཡོང་རྒྱུ་རྒྱུན་འཁྱོངས། ཏང་ཡོན་དང་ལས་བྱེད་པའི་སྤྱོད་ཚུལ་དྭངས་གཙང་ཡོང་རྒྱུ་རྒྱུན་འཁྱོངས། ཏང་ཡོན་དང་ལས་བྱེད་པའི་སྲིད་གཙང་སྤྱོད་གཙང་རྒྱུན་འཁྱོངས་བཅས་བྱེད་པ་དང་ལྟ་སྐུལ་དང་སྒྲིག་ཁྲིམས་དམ་པོ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་འདི་ཉིད་སྲ་ཞིང་བརྟན་ལ་སྟོབས་ནུས་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་དེས་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཛུབ་ཁྲིད་བྱེད་པ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་བཅས་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་པ་བཅས་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་དོན་དུ་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་བཞི་པའི་བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་གཏིང་ཟབ་བྱས་ཏེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། 《རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་2008—2012ལོའི་ལས་ཀའི་འཆར་འགོད 》དོན་འཁྱོལ་ནན་ཏན་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་གཅོད་མཐའ་གཅིག་ཏུ་བྱས་པ་དང་། ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འགོ་ཁྲིད་ལས་བྱེད་པའི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་དང་སྤྱོད་གཙང་རང་འདོམས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྒྱུར་བཅོས་གསར་གཏོད་དང་ལམ་ལུགས་འཛུགས་སྐྱོང་གཏིང་ཟབ་བཅས་བྱས་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཡར་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་ཆེད་འགན་ལེན་དང་སྐུལ་འདེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

        ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རང་རྒྱལ་གྱི་དེང་གི་དུས་སྐབས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་ཛ་དྲག་ལ་ཪྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག་དང་། རྒྱལ་ནང་གི་དཔལ་འབྱོར་སྒྲིག་གཞིར་འགྱུར་བ་གཏིང་ཟབ་འགྲོ་བ་དང་། སྤྱི་ཚོགས་ཀྱི་གྲུབ་ཆར་འགྱུར་ལྡོག་གཏིང་ཟབ་ཐེབས་པ། ཁེ་ཕན་རྣམ་པ་ལེགས་སྒྲིག་གཏིང་ཟབ་བྱེད་པ། བསམ་བློའི་འདུ་ཤེས་གཏིང་ཟབ་འགྱུར་བ་བཅས་དང་སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་མངོན་གསལ་དོད་དུ་འགྲོ་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་སྤེལ་བ་ཞིག་རེད། མིག་སྔར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཕན་འབྲས་མངོན་གསལ་དོད་པ་དང་གནད་དོན་འབུར་ཐོན་མཉམ་དུ་གནས་པ་དང་། འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རུལ་སུངས་སྣང་ཚུལ་ཐོན་སླ་བ་དང་ཐོན་མང་བ་མཉམ་དུ་གནས་པ། མང་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འདུན་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་རུལ་སུངས་སྣང་ཚུལ་དུས་ཐུང་ནང་རྩ་བཅོས་བྱེད་དཀའ་བ་མཉམ་དུ་གནས་པ་བཅས་ཀྱི་སྤྱིའི་དུས་བབ་མངོན་བཞིན་ཡོད་པས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པ་དང་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་བབ་ལ་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པའི་ཐོག་གཅིག་འགྱུར་ཡོང་བ་དང་སྟོབས་ཤུགས་དེ་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག་གོང་བུ་གཅིག་ཏུ་སྒྲིལ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རང་རེའི་ཏང་གི་སྲ་ཞིང་བརྟན་པའི་འདུན་པ་དང་ཆོད་སེམས་ལ་ངོས་འཛིན་བརྟན་པོ་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱེད་པ་དང་མིག་སྔའི་རུང་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་འཕྲད་པའི་ཛ་དྲག་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལེགས་ཆར་ངོས་འཛིན་གཏིང་ཟབ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཟམ་མི་ཆད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། 2012ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་སྔ་རྗེས་རྒྱུན་མཐུད་ཀྱི་གལ་ཆེའི་ལོ་ཞིག་རེད་ལ་རུལ་སུངས་ཆད་གཅོད་དང་སྔོན་འགོག་གི་མ་ལག་འཛུགས་སྐྱོང་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། རང་རེའི་ཏང་གིས་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་རྒྱུ་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་འགན་ཧ་ཅང་ལྕི་པོ་ཡོད་པར་བརྟེན་རུལ་རྒོལ་གཙང་སྤེལ་གྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ལོའི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་ལེན་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་འགོག་མཉམ་སྤེལ། སྔོན་འགོག་གཙོར་བཟུང་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ལམ་ནན་པོ་ཡོང་བ་བྱེད་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ཆད་གཅོད་དང་སྔོན་འགོག་གི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ནང་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་དང་ལས་ཀའི་གཙོ་གནད་གཙོ་བོར་ཐག་གཅོད་བྱེད་པ་དང་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕན་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་དམ་པོར་དམིགས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས་ལ་རུལ་རྒོལ་གཙང་སྤེལ་ལས་དོན་ནང་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་ཀྱང་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས།

        དང་པོ། ཏང་གི་སྒྲིག་ལམ་ནན་པོ་ཡོང་བ་བྱས་ནས་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་གི་ཆབ་སྲིད་སྒྲིག་ལམ་ལག་ལེན་ནན་པོ་བསྟར་བ་དང་ཆབ་སྲིད་སྒྲིག་ལམ་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག སྒྲིག་ལམ་སྲུང་བ་བཅས་ཡོང་རྒྱུར་སྣེ་ཁྲིད་དང་ལྟ་སྐུལ་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྩ་འཛུགས་དང་མི་དོན་ལས་དོན་གྱི་སྒྲིག་ལམ་དང་ལྷག་པར་དུ་སྐབས་བརྗེའི་སྒྲིག་ལམ་ལག་ལེན་ནན་པོ་བསྟར་ནས་ས་གནས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་དང་གནས་སྤར་བྱེད་རྩིས་ཡོད་པའི་ལས་བྱེད་པར་སྲིད་གཙང་རྟོག་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལས་བྱེད་པ་གདམ་གསེས་དང་བསྐོ་གཞག་གི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔོན་གནས་ཞུ་འཚོང་དང་། དཔོན་གནས་ཉོ་ཚོང་། འདེམས་ཤོག་རག་ཐབས་དང་གསུག་བྱིན་ངོ་བརྒྱུད་ཀྱིས་འདེམས་སུ་འཇུག་པ། སྐབས་བརྗེ་མ་བྱས་གོང་ལས་བྱེད་པའི་གོ་གནས་མྱུར་སྤར་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་སྤྱོད་གཙང་དྲང་ལྡན་གྱི་སྐབས་བརྗེའི་ཁོར་ཡུག་ཅིག་གཏོད་དགོས། དཔལ་འབྱོར་འཕེལ་རྒྱས་འགྲོ་སྟངས་བསྒྱུར་མགྱོགས་སུ་གཏོང་བར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་ཐོག་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ། “ཞིང་གསུམ ”གྱི་ལས་དོན་ཡག་པོ་སྒྲུབ་པ། རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་དེ་ལེགས་སུ་གཏོང་བ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་སྲིད་ཇུས་དང་བཀའ་རྒྱ་འཁོན་ཐོགས་མེད་པ་ཡོང་རྒྱུའི་འགན་ལེན་བྱེད་དགོས།

        གཉིས་པ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གཏོང་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྐབས་བརྗེ་བྱས་རྗེས་ཀྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གི་གནས་ཚུལ་གསར་པར་དམིགས་ཏེ་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བརྒྱུད་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། སྤྱོད་པ་དྭངས་གཙང་རྒྱུན་འཁྱོངས་བཅས་བྱ་རྒྱུར་སྐུལ་མ་བཏང་སྟེ་ཚན་ཁག་གསར་པའི་རྣམ་པ་གསར་པ་དང་གཟུགས་བཪྙན་གསར་པ་གཏོད་གང་ཐུབ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ནན་ཏན་བསྟར་ནས་ལས་དོན་སྒྲུབ་པར་མིའི་སྤྱོད་ཚུལ་འཛིན་སྟངས་མི་བརྗེད་པ་བྱེད་པ་དང་། སྲིད་སྐྱོང་བྱེད་པར་གཞུང་ལས་པ་ཡིན་པའི་བསམ་བློ་འཁྱེར་བ། དབང་ཆ་སྤྱོད་པར་སྒེར་དོན་མི་སྒྲུབ་པ་བཅས་བྱེད་དགོས། སྤྱོད་ཚུལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པ་ཉུང་ཤས་མང་ཚོགས་དང་ཁ་བྲལ་བ་དང་། ཁྲིམས་མེད་ལུགས་མེད་བྱེད་པ། དམིགས་བསལ་དབང་ཆའི་ལྟ་བ་ཚབས་ཆེ་བ་སོགས་ལྟ་ཕྱོགས་མི་ལེགས་པ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། བསྲི་ཚགས་ནན་ཏན་བྱེད་པ་དང་རྒྱས་སྤྲོས་ཚོད་མེད་ལ་ངོ་རྒོལ་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གཏན་འབེབས་མུ་མཐུད་ལག་ལེན་བསྟར་བ་དང “གཞུང་དོན་ཁག་གསུམ ”གྱི་འགྲོ་གྲོན་ནན་ཏན་ངང་སྔོན་རྩིས་དང་དོ་དམ་བྱེད་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་ས་བསྡུ་བཤིག་སྤོས་དང་། སྡོད་ཁང་འགན་ལེན། ས་ཆ་དོ་དམ། བཟའ་བཅའ་དང་སྨན་རྫས་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་མུ་མཐུད་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། གྲོང་གསེབ་དང་། གཞུང་ཁོངས་ཁེ་ལས། མཐོ་སློབ། སྤྱི་པའི་བྱ་གཞག་ཚན་པ། གྲོང་ཁྱེར་དང་སྡེ་ཁུལ་བཅས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་མ་ཏན་ཏིག་གཏོང་དགོས།

        གསུམ་པ། རུལ་སུངས་ཆད་གཅོད་དང་སྔོན་འགོག་གི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རུལ་རྒོལ་གཙང་སྤེལ་གྱི་ལས་དོན་ཁག་ལ་སྐུལ་མ་གཏིང་ཟབ་གཏོང་དགོས། 《རུལ་སུངས་ཆད་གཅོད་དང་སྔོན་འགོག་གི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་2008ནས་2012ལོའི་ལས་དོན་འཆར་འགོད 》ནང་གི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་རྒྱུའི་འགན་ལེན་བྱ་ཆེད་རུལ་སུངས་ཆད་གཅོད་དང་སྔོན་འགོག་མ་ལག་འཛུགས་སྐྱོང་གི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་དེར་སྐུལ་འདེད་བཏང་ནས་ལོ་ལྔ་པ་རྗེས་མའི་རུལ་སུངས་ཆད་གཅོད་དང་སྔོན་འགོག་མ་ལག་འཛུགས་སྐྱོང་གི་སྤྱིའི་བསམ་ཕྱོགས་དང་། དམིགས་ཚད་ལས་འགན། བྱ་ཐབས་གལ་ཆེན་བཅས་འཆར་འགོད་ཡག་པོ་བྱེད་དགོས། གྱོད་གཞི་ཞིབ་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་ཁྲོད་ཐོན་པའི་རྒྱུ་ཟ་རྔན་ལེན་དང་ལས་ཤོར་འགན་འཛོལ་གྱི་གྱོད་གཞི་དང་མང་ཚོགས་ཀྱི་དཔལ་འབྱོར་ཁེ་ཕན་དང་། ཆབ་སྲིད་ཁེ་དབང་། མི་ལུས་ཀྱི་ཐོབ་ཐང་བཅས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་གྱོད་གཞིར་ཞིབ་གཅོད་གཟབ་ནན་དང་། ལས་གྲྭ་འཛུགས་སྐྲུན་དང་། ས་ཁང་བདག་ཁོངས་གསར་སྤེལ། ས་ཆ་དོ་དམ། གཏེར་ལས་ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་ནང་ཐོན་པའི་གྱོད་གཞི་དང་གཞུང་ཁོངས་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིའི་ནང་ཐོན་པའི་ནང་ཁུལ་གི་ཉོ་ཚོང་དང་། འབྲེལ་ཡོད་ཀྱི་ཉོ་ཚོང་། ཁེ་ཕན་རག་ཐབས་བཅས་ཀྱི་གྱོད་གཞིར་ཞིབ་གཅོད་གཟབ་ནན། ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་དང་མི་དོན་སྒྲིག་ལམ་ལས་འགལ་བའི་གྱོད་གཞི་དང་། ཁྲིམས་འཛིན་ཁྱབ་ཁོངས་ཀྱི་རྒྱུ་ཟའི་ཁྲིམས་འགལ་དང་ཉེར་ཕྱོགས་གཡོ་ཟོལ་གྱི་གྱོད་གཞི། ནག་ཚོགས་དང་ངན་རུལ་ཕྱོགས་གཏོགས་ཀྱི “སྐྱབས་གནས ”བྱེད་པའི་གྱོད་གཞི་བཅས་ཞིབ་གཅོད་གཟབ་ནན། ཚོང་ལས་ཀྱི་ལྐོག་རྔན་སྤྲོད་པའི་གྱོད་གཞི་ཞིབ་གཅོད་གཟབ་ནན་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རུལ་རྒོལ་གཙང་སྤེལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་དར་བྱེད་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དེར་དམ་འཛིན་ནན་པོ་བྱས་ནས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ལམ་བཅས་ཀྱི་སློབ་གསོ། སྲིད་ཞུགས་སྤྱོད་ཚུལ་གྱི་སློབ་གསོ་བཅས་ཡག་པོ་རྒྱག་པ་དང་། ཆབ་སྲིད་ཀྱི་སྤྱོད་ཚུལ་དང་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་པ། སྲིད་གཙང་རིག་གནས་འཛུགས་སྐྱོང་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་བྱེད་པའི་སྤྱིའི་ཁྱབ་ཚུལ་ནང་བཅུག་ནས་སྲིད་གཙང་རིག་གནས་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། རུལ་རྒོལ་གཙང་སྤེལ་དྲིལ་བསྒྲགས་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ཐད་ཐོབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་ནན་ཏན་ངང་དབྱེ་འབྱེད་དང་ཕྱོགས་སྡོམ་བཅས་བྱས་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། དྲ་ཐོག་གི་གླེང་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་སྐུལ་མ་གཏོང་བའི་ཁྲོད་ཀྱི་མུ་འབྲེལ་དྲ་བ་སོགས་གསར་དར་སྨྱན་སྦྱོར་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་ལག་ལེན་ནན་ཏན་བསྟར་བ། སྐོར་ཞིབ་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་ཆེར་སྤེལ་བ། སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་མངགས་གཏོང་སྒྲིག་གཞིས་མངགས་གཏོང་སྡེ་ཚན་དང་ཁོངས་གཏོགས་སྡེ་ཚན་ལ་ལྟ་སྐུལ་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་ལྟ་ཞིབ་དང་། སྲིད་གཙང་ལྟ་ཞིབ། ཕན་ནུས་ལྟ་ཞིབ་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྲིད་གཞུང་གི་བྱས་རྗེས་དོ་དམ་ལ་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་གསར་གཏོད་དང་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྲིད་འཛིན་གྱི་ཞིབ་བཤེར་མཆན་འགོད་དང་། ལས་བྱེད་པའི་མི་དོན། ཁྲིམས་འཛིན། ནོར་ཁྲལ། མ་འཇོག དངུལ་རྩ། གཞུང་ཁོངས་རྒྱུ་ནོར་དོ་དམ་ལྟ་སྐུལ་སོགས་ཐད་ཀྱི་སྒྲིག་སྲོལ་དང་། ལམ་སྲོལ། ལམ་ལུགས་བཅས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དེང་རབས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གཅིག་གྱུར་དང་ཚད་ལྡན་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁྲོམ་ར་ཞིག་བསྐྲུན་ནས་སྲིད་གཙང་གི་ཉམས་ཉེན་སྔོན་འགོག་ཚོད་འཛིན་ལམ་སྲོལ་དང་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་དོན་ཡོངས་བསྒྲགས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་སྲིད་དོན་ཡོངས་བསྒྲགས་དང་། ཁྲིམས་འཛིན་ཡོངས་བསྒྲགས། བཟོ་གྲྭའི་ལས་དོན་ཡོངས་བསྒྲགས། གྲོང་ཚོའི (གྲོང་ལྷན )ལས་དོན་ཡོངས་བསྒྲགས། སྤྱི་པའི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་དོན་ཡོངས་བསྒྲགས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་རྒོལ་གཙང་སྤེལ་གྱི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་དང་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས།

        བཞི་པ། ཆེད་དོན་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ཁྲོད་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་རུལ་སུངས་ཀྱི་བྱེད་སྤྱོད་ཐོན་སླ་བ་དང་མང་བའི་གནས་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། རྟེན་འབྲེལ་མཛད་སྒོ་དང་། ཞིབ་འཇུག་དང་གྲོས་བསྡུར་ཚོགས་འདུ། གླེང་སྟེགས་བཅས་མང་དྲགས་པའི་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྟེན་རྫས་བཤམས་མཛོད་ཁང་དང་ལུས་རྩལ་འགྲན་ཚོགས་སོགས་ཀྱི་བྱེད་སྒོ་ཚད་ལྡན་ཡོང་བ་བྱ་རྒྱུ་དེ་ཆེད་དོན་བཅོས་སྐྱོང་གི་ལས་ཀའི་ཁྱབ་ཁོངས་ནང་འཇུག་པ། གཞུང་སྤྱོད་རླངས་འཁོར་གྱི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་སྤྱོད་རླངས་འཁོར་སྤྱོད་ཚད་ཉུང་དུ་མཐའ་གཅིག་ཏུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་དང་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ནས་གཞུང་སྤྱོད་རླངས་འཁོར་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གཞུང་དངུལ་སྤྱད་ནས་ཕྱི་རྒྱལ་ལ (ས་ཁོངས་ལས་བརྒལ་བ )ཡུལ་སྐོར་དུ་བསྐྱོད་པ་དང “སྦས་ཁུང ”སོགས་ལ་ཆེད་དོན་བཅོས་སྐྱོང་གི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ལམ་སྲོལ་བཟོ་བ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ།

        སྤྱོད་གཙང་རང་འདོམས་ཐད་གནས་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྐྱོང་གཏིང་ཟབ་བྱས་ནས་སྲིད་གཙང་གི་ཚད་གཞི་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ་དང་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུ་བྱེད་པ་སོགས་ཀྱི་ལམ་ལུགས་གཉིས་ལག་བསྟར་ནན་ཏན་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་འབུལ་རྟེན་དང་། རིན་ལྡན་འཛིན་ཤོག གཏོང་སྤྲོད་འཛིན་ཡིག ཚོང་ལས་ཀྱི་སྔོན་གཏོང་གཱ་བཅས་ལེན་པ་དང་དེ་བཞིན་སྒྲིག་འགལ་ངང་ཁང་པ་སྐྲུན་པའམ་ཡང་ན་སྡོད་ཁང་མང་པོ་བཟུང་བ་དང་འགན་ལེན་རང་བཞིན་གྱི་སྡོད་ཁང་ཉོ་ཚོང་དང་བོགས་གཏོང་བྱེད་པ་སོགས་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་པ། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བའི་གནད་དོན་འགོག་བཅོས་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་པ་དང་གཞི་རིམ་གྱི་དམངས་ལ་སྟབས་བདེ་སྐྲུན་པ་དང་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐོག་རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ལྷག་དོན་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་སློབ་སྦྱོང་དང་སློབ་གསོ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཐོག་བློ་དཀར་སེམས་དཀར་དང་མི་དམངས་ལ་ཞབས་འདེགས་ཞུ་བ། གཞུང་དྲང་ཚུལ་ལྡན། སྒྲིག་ཁྲིམས་དྲང་སྲུང་བཅས་ཀྱི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བར་རྩ་འཛུགས་ཀྱི་ཐོག་ནས་འགན་ལེན་བརྟན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་སྙིང་སྟོབས་ཆེར་སྐྱེད་དང་། གསར་འབྱེད་ཡར་བརྩོན། མཐུན་སྒྲིལ་འབད་འཐབ། ལས་ཀ་ཧུར་ཐག་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།