དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • འགོ་ཁྲིད་བློ་མཐུན་གཙོ་བོའི་གོ་གནས་འགྱུར་ལྡོག་གི་གཏན་འབེབས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཏུང་ཡུན་ཧུའུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ལ་བསྐོ་གཞག་བྱ་རྒྱུ་དང་། ཚུའེ་ཡུས་དབྱིང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་བཅས་ཀྱི་གོ་གནས་འཁུར་རྒྱུ་མིན་པ།

        ཟླ་1ཚེས་11ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་འགོ་ཁྲིད་བློ་མཐུན་གཙོ་བོའི་གོ་གནས་འགྱུར་ལྡོག་གི་གཏན་འབེབས་སྟེ། ཏུང་ཡུན་ཧུའུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། དྲིལ་བསྒྲཌ་པུའི་པུའུ་ཀྲང་བཅས་ལ་བསྐོ་གཞག་བྱ་རྒྱུ་དང་། ཚུའེ་ཡུས་དབྱིང་གི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། དྲིལ་བསྒྲཌ་པུའུ་ཀྲང་བཅས་ཀྱི་གོ་གནས་མི་འཁུར་རྒྱུའི་ཁྱབ་བསྒྲཌ་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཧའོ་ཕུང་གིས་ལོ་ལྔ་ལྷག་ཙམ་རིང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། བློ་མཐུན་ཚུའེ་ཡུས་དབྱིང་གི་སྣེ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས་ཚད་མཐོའི་འགན་ཁུར་གྱི་རྣམ་འགྱུར་དང་གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས་ལས་འགན་གལ་ཆེན་ཁག་ལེགས་སྒྲུབ་བྱས་པ་མ་ཟད། འགག་རྩའི་དུས་སྐབས་སུ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་དྲིལ་བསྒྲགས་ཀྱི་དམག་འཐབ་གལ་ཆེན་ཁག་ལ་རྒྱལ་ཁ་ཐོབ་པ་དང་སྤྱི་ཡོངས་ཀྱི་ལས་དོན་ལ་གཞོགས་འདེགས་ནུས་ལྡན་བྱས་པར་བརྟེན་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ལྗོངས་ཏང་ཨུད་བཅས་ཀྱི་གདེང་འཇོག་གང་ལེགས་ཐོབ་ཡོད། བློ་མཐུན་ཚུའེ་ཡུས་དབྱིང་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་སྤྱི་ཡོངས་ལ་བསྟུན་པ་མ་ཟད། བྱ་གཞག་སྒྲུབ་སེམས་དང་འགན་ཁུར་གྱི་བསམ་པ་ཆེ་བ་དང་ལས་ཀའི་སྤྱོད་ཚུལ་ཏན་ཏིག་དང་གཏིང་ཟབ་ཡོད་པས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་ལྷག་པར་དུ་དྲིལ་བསྒྲགས་རིག་གནས་ལས་དོན་ཆེད་ཐུགས་ནུས་ཆེན་པོ་བཏོན་ཡོད་ལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཚུའེ་ཡུས་དབྱིང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་ཡོད་ཅེས་གསུངས་པ་རེད།

        ཧའོ་ཕུང་གིས་བློ་མཐུན་ཏུང་ཡུན་ཧུའུ་ཡི་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པས་ལས་གནས་མང་པོའི་ཐོག་སྦྱོང་བརྡར་གནང་མྱོང་བར་བརྟེན་འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྒྲིག་འཛུགས་འགོ་ཁྲིད་ཀྱི་ནུས་པ་ཆེ་བ་མ་ཟད། བོད་ཀྱི་གནས་ཚུལ་ཐུགས་རྒྱུས་ཆེ་བ་དང་བོད་ཀྱི་ལས་དོན་ཡང་ཤེས་རྟོགས་ཐུབ་པས་དུས་ཡུན་རིང་པོའི་ནང་བོད་དྲིལ་བསྒྲགས་དང་ཏཱ་ལའི་རུ་ཚོགས་ལ་ཐེར་འདོན་དགག་རྒྱག་བྱ་ཆེད་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད།

        ཀྲུང་དབྱང་གིས་ལས་ཀའི་དགོས་མཁོ་གཞིར་བཟུང་། བློ་མཐུན་ཏུང་ཡུན་ཧུའུ་བོད་དུ་ལས་དོན་སྒྲུབ་པར་གཏོང་རྒྱུའི་གཏན་འབེབས་གནང་བ་དེ་ཐོག་ནས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དང་ལྷག་པར་དུ་བོད་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་ལུགས་གང་ལེགས་མཚོན་ཡོད། བློ་མཐུན་ཏུང་ཡུན་ཧུའུ་ཡིས་བློ་མཐུན་ཁྲེན་ཆོན་གོ་ཡིས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་འགོ་ཁྲིད་ཚན་ཁག་དང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་མཐུན་སྒྲིལ་དང་སྣེ་འཁྲིད་བྱས་ཏེ་བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

        ཧའོ་ཕུང་གིས་དྲིལ་བསྒྲགས་པུའུ་ནི་ལྗོངས་ཏང་ཨུད་ཀྱི་འགན་ནུས་སྡེ་ཚན་གལ་ཆེན་ཞིག་ཡིན་པ་དང་ད་ཐེངས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱས་པ་དེ་ནི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་དགོས་མཁོ་དང་ལས་བྱེད་པ་སྤེལ་རེས་ཀྱི་དགོངས་དོན་གཞིར་བཟུང་ཁྱོན་ཡོངས་ལ་བསམ་བློ་བཏང་བ་དང་གཟབ་ནན་ངང་ཞིབ་འཇུག་གཏན་འབེབས་བྱས་པ་ཞིག་ཡིན་པ་མ་ཟད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་ངེས་པར་དུ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་། ཏང་གཤིས་ཀྱི་རྩ་དོན་གྱི་ཐོག་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བློ་མཐུན་ཏུང་ཡུན་ཧུའུ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་ལས་དོན་ཁག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཐོག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཚུའེ་ཡུས་དབྱིང་དང་ཏུན་ཡུན་ཧུའུ་ཡིས་ཚོགས་ཆེན་ཐོག་ཁག་སོ་སོར་རྣམ་འགྱུར་སྟོན་པའི་གཏམ་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་པའི་གོ་གནས་བསྐོ་འཐེན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་གནང་ཞིང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། ལྗོངས་རིག་གནས་ཐིང་། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་ཅུས། གསར་འགྱུར་དཔེ་སྐྲུན་ཅུས། སྤྱི་ཚོགས་ཚན་རིག་ཁང་། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།