དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2011ལོའི་བོད་ལྗོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་སྔོན་ཐོན་ས་ཁུལ(གྲོང་ཁྱེར)ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2011ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཆེན་དང་སྐུལ་སྤེལ་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་དེ་ལྡོག་མེད་ལས་འགན་དང་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། སྔ་ཙམ་དམ་འཛིན་བྱེད་པ་དང་། ཆུང་ཙག་ནས་དམ་འཛིན་བྱེད་པ། དམ་འཛིན་མགྱོགས་པོ་བྱེད་པ། དམ་འཛིན་ཡག་པོ་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ། “དོན་ཆེན་མི་ཐོན་པ་དང་། དོན་འབྲིང་མི་ཐོན་པ། དོན་ཆུང་ཡང་མི་ཐོན་པ ”བཅས་ལ་དམིགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ངང་སྤེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཏན་ཏིག་ངང་སྤེལ་བ། དུས་བདེའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་བཅས་བྱས་ཏེ 《2011ལོའི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་དམིགས་ཚད་དོ་དམ་འགན་འཁྲིའི་ཡི་གེའི 》ནང་གཏན་ལ་འཁེལ་བའི་ལས་ཀའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱས་པའི་ནང་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་ས་ཁུལ། ནག་ཆུ་ས་ཁུལ་བཅས་ལ་2011ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དཔྱད་བསྡུར་ཁྲོད་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་ཡོད། ས་ཁུལ (གྲོང་ཁྱེར )གསུམ་གྱིས་ས་ཁུལ (་གྲོང་ཁྱེར )དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་རིམ་བཞིའི་དྲ་བ་བསྐྲུན་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་པ་དང་། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ས་ཚིགས་ཚད་ལྡན་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། ཕྱོགས་མིའི་ཞབས་ཞུ་དང་དོ་དམ་ལས་དོན་གྱི་ས་ཚིགས་བསྐྲུན་རྒྱུ་དང་ལས་རོགས་དོ་དམ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ནུས་ལྡན་བརྒྱབ་པ། བྱེད་ཐབས་གསར་དུ་བཏོད་པ། གཞི་རིམ་གྱི་དུས་བདེའི་སྲོལ་གཏོད་བྱེད་སྒོ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ། “གནམ་རྒྱའི་ལས་གཞི ”འཛུགས་སྐྲུན་དང་གྲོང་ཁྱེར་དྲ་མིག་ཅན་གྱི་དོ་དམ་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་བ། སྤྱི་ཚོགས་ཡོངས་སུ་སྔོན་འགོག་ཚོད་འཛིན་ཁྱབ་རྒྱུ་མངོན་འགྱུར་བྱུང་བ་བཅས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

        སྔོན་ཐོན་ལ་གཟེངས་སྟོད་དང་། དཔེ་མཚོན་བཏོད་པ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་སྤྱི་ཚོགས་དོ་དམ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཔྱད་བསྡུར་ཁྲོད་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པའི་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་ས་ཁུལ། ནག་ཆུ་ས་ཁུལ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་ཡིན། གཟེངས་བསྟོད་ཐོབ་པའི་ས་ཁུལ (གྲོང་ཁྱེར )གྱིས་གྲུབ་འབྲས་དར་སྤེལ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱས་ཏེ་སྤྱི་ཚོགས་དོ་དམ་ལས་དོན་ཁྲོད་བྱས་རྗེས་གསར་པ་སླར་ཡང་འཇོག་པ་དང་གྲུབ་འབྲས་སླར་ཡང་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད།

        ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ས་ཁུལ (གྲོང་ཁྱེར )མིག་དཔེར་བྱས་ཏེ་དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུར་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ཕྱི་ནང་མཉམ་བཅོས་དང་རྩ་བཅོས་གཙོ་བཟུང་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་དང་དུས་བདེ་འཛུགས་སྐྱོང་གི་ལས་དོན་ཁག་མདུན་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་དང་འབྲེལ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།