དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2011ལོ་འཁོར་གྱི་བོད་ལྗོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2011ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་སྲིད་ཁྲིམས་སྡེ་ཚན་གྱིས “བརྟན་ལྷིང་སྲུང་སྐྱོང་བྱས་ནས་དོན་རྐྱེན་མི་ཐོན་པ་བྱེད་པ་དང་། ཞི་མཐུན་བསྐྲུན་ནས་དུས་བདེ་འགན་ལེན་བྱེད་པའི ”སྤྱིའི་བླང་བྱར་དམ་པོར་དམིགས་པ་དང་། བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ནས་སྤྱི་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་དང་ཉེས་དོན་གྱི་ཉེས་གསོག་བྱེད་སྤྱོད་ཚབས་ཆེན་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། “སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པ། གཞུང་དྲང་སྤྱོད་གཙང་ངང་སྲིད་སྐྱོང་བྱེད་པ ”བཅས་ཀྱི་གནད་ཆེའི་ལས་དོན་ཁག་གསུམ་ལ་ཏན་ཏིག་ངང་སྐུལ་མ་གཏོང་བ། “སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཡིད་ཆེས་བརྟན་དུ་གཏོང་བ། དམངས་ཀྱི་ཆེད་དུ་ཁྲིམས་སྐྱོང་བ ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། ལོ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི “གཡུལ་འགྱེད་ཆེ་གྲས་གསུམ ”ལ་རྒྱལ་ཁ་ལེན་པ་དང་བཅས་བྱས་པས་དོན་ཆེན་དང་། དོན་འབྲིང་། དོན་ཆུང་བཅས་མི་ཐོན་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་བསྲིང་ངང་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱས་པ་རེད།

        ལོ་གཅིག་རིང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པས་ཏང་གི་བཀོད་འདོམས་ཉན་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་འགན་ནུས་ལེགས་སྒྲུབ་བྱས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་སྤྱི་ཡོངས་ཀྱི་མཉམ་ཟོན་ལ་ཤུགས་སྣོན་རྒྱག་པའི་ཁྲོད་སྙིང་སྟོབས་དང་གཤིས་རྒྱུད་ལ་སྦྱོང་བརྡར་བྱེད་པ་དང་གཞི་རིམ་གྱི་འགོག་ལམ་བརྟན་པོ་འཛུགས་པ། རང་འགུལ་ངང་བཅོས་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཉམས་ཉེན་དང་འགྲན་སློང་ལ་ཁ་གཏད་བཅོག་པ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་པས་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་གི་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་སེམས་ཤུགས་ལ་སྐུལ་མ་གཏོང་ཕྱིར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྤོ་བོ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་སོགས་ཚན་པ་43ལ་2011ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། བྱམས་པ་སོགས་བློ་མཐུན་95ལ་2011ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་ཕུལ་བྱུང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འཁེལ་བྱས་པ་ཡིན། རེ་བར་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་གྱིས་མཚན་སྙན་ལ་གཅེས་སྤྲས་དང་། ང་རྒྱལ་དང་འཚབ་འཚུབ་སྤང་བ། ཡང་འབད་བསྐྱར་འབད་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་འགན་ལེན་བྱ་ཕྱིར་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

        ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་ཁྲིམས་ལས་ཁུངས་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་མིག་དཔེར་བྱས་ནས་སྔར་ལས་ལྷག་པའི་ངང་བསམ་བློར་བཅིངས་འགྲོལ་དང་གསར་འབྱེད་ཡར་བརྩོན་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འབེབས་བྱས་པའི་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གསར་གཏོད་བྱ་ཐབས་གསར་པ་རབ་དང་རིམ་པ་བློ་བརྟན་འགྱུར་མེད་དང་འཕྱུགས་པ་མེད་པའི་ངང་དོན་འཁྱོལ་ཡག་པོ་བྱས་ནས་རང་ལྗོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ། བོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་འགན་ལེན་བྱེད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།