དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2011 ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2011 ལོར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་དེ་བཞིན་ལྗོངས་ཐད་གཏོགས་སྡེ་ཚན་དྲུག་གི་ཏང་རྩ་འཛུགས (ཏང་ཨུད )ཀྱིས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་ནན་ཏན་བསྟར་ཏེ་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཧྲུའུ་ཅིས་དམ་འཛིན་དང་ཧྲུའུ་ཅིར་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ། ཞིང་འབྲོག་ཁུལ་དང་ཁྲོམ་གཞུང་སྡེ་ཁུལ་དང་དེ་བཞིན་སློབ་གྲྭ་གཙོ་གནད་དུ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ལྟེ་བར་བྱེད་པ། སྒྱུར་བཅོས་གསར་གཏོད་བྱ་རྒྱུ་སྒུལ་ཤུགས་སུ་བརྩི་བ། མ་དངུལ་གཏོང་ཚད་མང་དུ་གཏོང་རྒྱུ་འགན་ལེན་དུ་བྱེད་པ་བཅས་བྱས་ནས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས 《2011 ལོའི་གཞི་རིམ་ཏང་རྩ་འཛུགས་ལས་དོན་གྱི་འགན་ཡིག 》ནང་གཏན་ལ་ཕབ་པའི་ལས་འགན་ཁག་སྒོ་ཀུན་ནས་ལེགས་གྲུབ་བྱུང་བ་མ་ཟད། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་དང་། རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད། དེའི་ནང་ལྷ་ས་གྲོང་ཨུད་དང་། ཆབ་མདོ་ས་ཨུད། གཞིས་རྩེ་ས་ཨུད་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་འབྱེད་གསར་གཏོད་བྱེད་པ་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་གཞི་རིམ་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་རྩ་འཛུགས་ཀྱི་བྱེད་སྒོའི་ནང་དོན་གསར་གཏོད་བྱེད་པ། ཏང་ཡོན་དཔུང་ཁག་གི་གསོན་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་ཐོབ་པའི་ལས་དོན་བསྒྲུབས་ཐོག་སོ་སོའི་ཁྱད་ཆོས་ལྡན་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་སྒྲུབ་པའི་དཔེ་བཟང་བཏོད་པ་དང་དེས་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་ངང་བསྒྲུབ་རྒྱུར་དགེ་མཚན་ལྡན་པའི་འཚོལ་ཞིབ་བྱས་པ་མ་ཟད། གཞི་འཛིན་ས་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་པ་རེད།

        སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་དཔེ་མཚོན་བཏོད་དེ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་ཏང་རྩ་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུར་ལྕག་སྐུལ་བྱ་ཆེད་ལྗོངས་ཏང་ཨུད་ཀྱིས་2011 ལོའི་ལོ་འཁོར་གྱི་གཞི་རིམ་ཏང་རྩ་འཛུགས་ལས་དོན་ལ་དཔྱད་ཞིབ་བྱས་ནས་མདུན་གྲལ་དུ་སླེབས་པའི་ལྷ་ས་གྲོང་ཨུད་དང་། ཆབ་མདོ་ས་ཨུད། གཞིས་རྩེ་ས་ཨུད་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་དང་སྦྲགས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་གྲུབ་འབྲས་ལ་ཡིད་ཚིམ་ནས་མི་སྡོད་པ་དང། ཡང་འབད་བསྐྱར་འབད་བྱེད་པ། སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ལས་དོན་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་པ་རེད།

        ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་མིག་དཔེར་འཛིན་ནས་བརྗོད་བྱ་གཙོ་བོ་ཡིན་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དམིགས་ཏེ་གཞི་རིམ་ཏང་རྩ་འཛུགས་ལས་དོན་ཁྲོད་ཀྱི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། ཉམས་མྱོང་གསར་པ་བཅས་འཚོལ་ཞིབ་དང་ཕྱོགས་སྡོམ་ཧུར་ཐག་བྱ་རྒྱུ་དང་སྙིང་སྟོབས་འཕེལ་བ་དང་ངར་ཤུགས་གཅིག་སྒྲིལ་བྱས་ནས་རང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཐོག་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཏོན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་བ་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།