དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ལ“དྲ་ཐོག་འཚོལ་བཤེར་བྱ་སྤྱོད”ནང་གྲུབ་འབྲས་གལ་ཆེན་ཐོབ་པར་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་བཀའ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2011ལོའི་ཟླ་5པར་སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་སུ་དྲ་ཐོག་ཏུ་འཇུ་བཟུང་བཀའ་རྒྱ་སྤེལ་བའི་ཉེས་ཅན་བྲོས་བྱོལ་པ་འདེད་འཛིན་བྱེད་པའི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གྱི “དྲ་ཐོག་འཚོལ་བཤེར་བྱ་སྤྱོད ”བཀོད་སྒྲིག་བྱས་ཚུན་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ “དྲ་ཐོག་འཚོལ་བཤེར་བྱ་སྤྱོད ”དེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་དང་། ཉེན་དམངས་དབར་ཞི་མཐུན་འབྲེལ་བ་འཛུགས་པ། སྤྱི་བདེའི་གཟུགས་བཪྙན་བཟང་པོ་གཏོད་པ་བཅས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ཡོད། “ཉུང་གཏོང་གཅིག་དང་། འཕར་བ་གཉིས། མཐོར་གཏོང་གསུམ ”བཅས་ཀྱི་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། ཉེན་རྟོག་པ་ཡོངས་སྐུལ་སློང་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལས་དོན་ཁག་ཏན་ཏིག་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ལས་ཀའི་ཁྲོད་བྱ་སྤྱོད་ནང་ཞུགས་མཁན་ཚན་པ་ཡོངས་དང་མི་དམངས་ཉེན་རྟོག་པས་མཐུན་སྒྲིལ་གཞོགས་འདེགས་དམ་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ་དང་བསྟུད་མར་དམག་འཐབ་རྒྱག་པ། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་པ་བཅས་བྱས་ཏེ་དྲ་ཐོག་ཏུ་འཇུ་བཟུང་བཀའ་རྒྱ་སྤེལ་བའི་བྲོས་བྱོལ་ཉེས་ཅན་པ་མང་པོ་ཞིག་བཟུང་ནས “དྲ་ཐོག་འཚོལ་བཤེར་བྱ་སྤྱོད ”ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཟླ་12ཚེས་9ཉིན་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་བྲོས་བྱོལ་ཉེས་ཅན་པ་སྣ་ཚོགས་296བཟུང་བ་དེའི་ཁྲོད་རྐང་བཙུགས་ནས་མི་བསད་དེ་བྲོས་བྱོལ་འགྲོ་མཁན་13དང་། སྤྱི་བདེ་པུས་འཛིན་བཟུང་གི་བཀའ་རྒྱ་སྤེལ་བའི་Bརིམ་པའི་ཉེས་ཅན 1 སྤྱི་བདེ་པུས་ལྟ་སྐུལ་འཛིན་བཟུང་བྱ་ཡུལ་མི 1བཅས་ཡོད་པ་དང་། བྱ་སྤྱོད་མ་སྤེལ་གོང་དྲ་ཐོག་ཏུ་འཇུ་བཟུང་བཀའ་རྒྱ་སྤེལ་བའི་བྲོས་བྱོལ་ཉེས་ཅན་མི 150ཡོད་པས་དྲ་ཐོག་འཚོལ་བཤེར་བྱས་ཚད་40%ལོན་ནས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་དང་སྐྲག་སྣང་སྐྱེ་དགོས་པ་ཞིག་བཟོས་ཏེ་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། དེར་བརྟེན་བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི “དྲ་ཐོག་འཚོལ་བཤེར་བྱ་སྤྱོད ”ནང་ཞུགས་མཁན་ཚན་པ་དང་མི་དམངས་ཉེན་རྟོག་པ་ཡོངས་ལ་ཆེད་མངགས་བཀའ་རྒྱ་བཏང་ནས་གཟེངས་བསྟོད་བྱེད་རྒྱུ་ཡིན། ཁྱེད་ཚོས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། གྲུབ་འབྲས་དར་སྤེལ་གཏོང་བ། ཡང་འབད་བསྐྱར་འབད་བྱེད་པ་བཅས་བྱས་ཏེ་དྲ་ཐོག་འཇུ་བཟུང་གི་བཀའ་རྒྱ་སྤེལ་བའི་བྲོས་བྱོལ་ཉེས་ཅན་པ་མུ་མཐུད་ནུས་ཤུགས་ཡོད་རྒུས་འདེད་བཟུང་བྱས་ཏེ “དྲ་ཐོག་འཚོལ་བཤེར་བྱ་སྤྱོད ”ལ་ཕྱོགས་ཡོངས་ནས་རྒྱལ་ཁ་འཐོབ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་འདོན་རྒྱུ་ཡིན།

        ཆེད་མངགས་བཀའ་ཡིག་འདི་བཏང་བ་ཡིན།

        སྤྱི་བདེ་པུའི་པུའུ་ཀྲང་མོང་ཅན་ཀྲུའུ་ཡིས།

        2011ལོའི་ཟླ་12ཚེས་13ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།