དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་ཁྲེན་ཆོན་གོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་འཐུས་མིར་ཁྲིམས་ལྟར་གསབ་འདེམས་བྱས་པ་དང་།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་ཀྲང་ཆིང་ལི་དང་། ལིའུ་ཐིང་ཧྭ། ལི་ཆུའེ་ཕེ། ཧོའུ་ཝུན་ཁྲའོ། ཐན་ཅ་ཀྲའོ་བཅས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ལྔ་ས་གནས་གཞན་དུ་ལས་སྒྱུར་བྱས་པ་དང་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཀྲང་ཆིང་ལི་དང་། ལིའུ་ཐིང་ཧྭ། ལི་ཆུའེ་ཕེ། ཧོའུ་ཝུན་ཁྲའོ། ཐན་ཅ་ཀྲའོ་བཅས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་བཞག་རྒྱུ།

        ལི་ཝུན་ཀོང་གིས་འཐུས་མིའི་འགན་འཁྲི་དགོངས་ཞུ་བྱས་པས་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལི་ཝུན་ཀོང་གི་འཐུས་མིའི་ཐོབ་ཐང་མཚམས་བཞག་རྒྱུ།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་འཐུས་མི་ཉི་མ་མཆོག་པ་སྙུང་གཞི་ཕོག་ནས་གྲོངས་པས་ཁོང་གི་འཐུས་མིའི་ཐོབ་ཐང་རང་ཤུགས་སུ་མཚམས་འཇོག་རྒྱུ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཉི་མ་མཆོག་པ་སྐུ་གཤེགས་པར་མྱ་ངན་ཞུས་པ།

        བསོད་ནམས་ཀྱི་འཐུས་མིའི་གོ་གནས་ཕབ་རྒྱུ་དང་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསོད་ནམས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་བཞག་རྒྱུ་བཅས་ཡིན།

        ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་དངོས་ཡོད་འཐུས་མི་430ཡོད་པ་བཅས།

        དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

         2011ལོའི་ཟླ་11ཚེས་22ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།