དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ལྷ་ས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལོ་13མི་འགྱུར་བ་དང་རྗེས་ལུས་ཐེབས་པའི་སྲོལ་ཡིག་ལས་གྲོང་ཁྱེར་དོ་དམ་གྱི་གནད་འགག་ཚབས་ཆེ་རུ་སོང་བ།

        སྲོལ་ཡིག་ཪྙིང་པ་དེས་གྲོང་ཁྱེར་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་མ་ཟིན་པར་ཁྲིམས་སྐྱོང་དོ་དམ་ཁྲོད་ཀྱི་གནད་འགག་གནད་ལ་འཁེལ་བ་ཞིག་བཟུང་ཐུབ་མེད་པར་ཁྲིམས་འགལ་གྱི་བརྡ་ཁྱབ་ཆུང་ངུ་དང་། ཁྲིམས་འགལ་གྱི་འཛུགས་སྐྲུན། དངོས་པོའི་ཕུང་གསོག་གིས་ལམ་བཟུང་བ་སོགས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲར་གནོད་པའི་ཁྲིམས་འགལ་སྣང་ཚུལ་ག་ཚོད་བཀག་ཀྱང་འགོག་ཐུབ་མེད་པར་ཁྲིམས་སྐྱོང་བས་གྲོང་ཁྱེར་གྱི་རྣམ་པར་དོ་དམ་བྱེད་སྐབས་བཅོས་མི་ཐུབ་པའི་གནད་དོན་མང་པོ་ཐོན་ཡོད།

        ལག་ལེན་ཁྲོད་འགོག་རྐྱེན་ཕོག་པས་ཁྲིམས་སྐྱོང་རིང་གདེང་ཚོད་མེད་པ་དེ་གྲོང་སྲིད་དོ་དམ་ཨུ་ལྷན་གྱིས་ལོ་3གྱི་གོང་ནས་བཟུང་སྲོལ་ཡིག་གསར་པ་བཟོས་ཏེ་གྲོང་ཁྱེར་འཛུགས་སྐྲུན་མྱུར་དུ་འཕེལ་རྒྱས་འགྲོ་བ་དང་རྒྱ་ཆེའི་གྲོང་མི་ཚོའི་ཁོར་ཡུག་གི་དགོས་མཁོ་སྐོང་ཐུབ་རྒྱུར་བསམ་གཞིག་བྱས་ཡོད། དེ་རྗེས་གྲོང་སྲིད་དོ་དམ་ཨུ་ལྷན་གྱིས་གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྐྱོང་བར་ལས་ཀའི་ཁྲོད་འཕྲད་པའི་སྲོལ་ཡིག་དང་ཁྲིམས་སྐྱོང་དང་མི་མཐུན་པའི་དངོས་དཔེ་དམིགས་བཀར་གྱིས་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་དུ་བཅུག་སྟེ་བཟོ་བཅོས་རྒྱག་རྒྱུའི་གཞི་འཛིན་སར་བརྩིས་ཡོད།

        2011ལོར 《སྲོལ་ཡིག 》བཟོ་བཅོས་རྒྱག་རྒྱུ་དེ་གྲོང་ཁྱེར་སྲིད་གཞུང་གི་ཁྲིམས་འཛུགས་འཆར་འགོད་ནང་གི་འཆར་འགོད་ལེགས་སྒྲུབ་བྱ་རྒྱུའི་རྣམ་གྲངས་ལ་བརྩིས་པ་དང་ཁྲིམས་འཛུགས་ཀྱི་རྣམ་གྲངས་དེ་ཡག་པོ་གཉེར་ཆེད་གྲོང་སྲིད་དོ་དམ་ཨུ་ལྷན་གྱིས་ཁྲིམས་སྐྱོང་གི་ལག་ལེན་དངོས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་བཅོས་སྒྲིག་ལས་ཀའི་དགོས་མཁོར་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག 《གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲ་དོ་དམ་སྲོལ་ཡིག 》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་101)དང་དེ་བཞིན་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་སྐོར་གྱི་པེ་ཅིང་སོགས་འབྲེལ་ཡོད་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོག་མའི་མ་ཟིན་འབྲི་རྒྱུའི་ལས་ཀ་ལེགས་སྒྲུབ་བྱས་ཡོད།

        སྡེ་ཚན་30ལྷག་ཙམ་གྱི་བསམ་འཆར་གཅིག་ཏུ་བསྡུས་ནས་བཀྲག་མདངས་འཚེར་ས་མང་པོ་ཞིག་མངོན་པ།

        གྲོང་ཁྱེར་གྲོང་སྲིད་དོ་དམ་ཨུ་ལྷན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁོའོ་ཡི་ལས་དོན་མི་སྣའི་གཞུང་དོན་སྒྲོག་ཙེའི་ཐོག 《སྲོལ་ཡིག 》གི་ཐོག་མའི་མ་ཟིན་10ལྷག་ཙམ་བཞག་པ་དང་ཡིག་ཆ་ཚང་མའི་ནང་སྒོར་རྟགས་མང་པོ་དང་བཟོ་བཅོས་བརྒྱབ་ཤུལ་མང་པོ་ཡོད་པ་དང་ཆེ་བར་ནང་དོན་ལུགས་དང་མཐུན་མིན་དང་ཆུང་བར་ཡིག་འབྲུ་རེ་རེ་བཞིན་བསམ་བློ་གཏོང་བ་དང་ཐ་ན་བརྡ་རྟགས་ཚེག་ཤད་གཅིག་བེད་སྤྱོད་གཏོང་རྒྱུར་ཡང་བསམ་བློ་ཞིབ་པར་བཏང་ཡོད།

        གྲོང་ཁྱེར་གྲོང་སྲིད་དོ་དམ་ཨུ་ལྷན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁོའོ་ཡི་ལས་དོན་མི་སྣས་མ་ཟིན་ལེགས་སྒྲུབ་བྱུང་རྗེས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་དོན་ཁང་གིས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་འཆར་འགོད་ཅུས་དང་། ཁོར་ཡུག་སྲུང་སྐྱོང་ཅུས། རང་འབབ་ཆུ་ཀ་ལ་ཀུང་སི། གཞུང་ལམ་བདག་སྐྱོང་ཁྲུའུ། སྤྱི་བདེ། ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ་ཉེན་རྟོག ཁྲིམས་ལུགས་རིག་པ་མཁས་ཅན། སྡེ་ཁུལ་གྱི་མི་སྣ་སོགས་ཚན་པ་30ལྷག་ཙམ་གདན་དྲངས་ཏེ་རིག་པས་ཁུངས་སྐྱེལ་ཚོགས་འདུ་འཚོགས་པ་དང་ད་དུང་བཞུགས་མོལ་ཚོགས་འདུ་དང་ཡིག་ཐོག་བསམ་འཆར་བསྡུ་ལེན་བྱེད་པ་སོགས་རྣམ་པ་བརྒྱུད་རྒྱ་ཁྱབ་ཏུ་བརྟག་ཞིབ་བྱས་པ་དང་བཟོ་བཅོས་ཡང་ཡང་བརྒྱབ་པར་བརྟེན 《སྲོལ་ཡིག 》བཟོ་བའི་བརྒྱུད་རིམ་ནི་མང་གྲོས་བློ་བསྡུ་བྱས་པའི་བྱ་རིམ་ཞིག་ཡིན་ལ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་བྱ་རིམ་ཞིག་ཀྱང་ཡིན་ཞེས་གསར་འགོད་པར་བཤད་བྱུང་།

        ཐུན་མོང་གི་བློ་གྲོས་དང་མང་ཚོགས་སྤྲོ་སེམས་ཆེན་པོའི་ངང་ཞུགས་པས 《སྲོལ་ཡིག 》ལ་བཀྲག་མདངས་འཚེར་སའང་མང་པོ་ཐོན་ཡོད།

        བཀྲག་མདངས་འཚེར་ས་དང་པོ། ཚན་པ་དང་མི་སྒེར་གང་ཞིག་ཡིན་རུང་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་སྤྱི་པའི་འདུ་འཛོམས་ཁུལ་དུ་དྲིལ་བསྒྲགས་ཤོག་ལྷེ་དང་བརྡ་ཡིག་འགྲེམས་སྤེལ་བྱེད་པ་དང་། འགེལ་བ། སྦྱར་བ་སོགས་བྱེད་མི་ཆོག

        《སྲོལ་ཡིག 》ནང་སྦྱར་ཡིག་འགྲེམས་སྤེལ་བཀག་འགོག་བྱ་རྒྱུ་དེ་ཡིག་ཆའི་གཏན་འབེབས་ནང་ཐེངས་དང་པོར་བཀོད་ཡོད། མིག་སྔར་གྲོང་ཁྱེར་ནང་འགྲེམས་སྤེལ་བྱས་པའི་སྦྱར་ཡིག་90%ཚང་མ་ནི་ཚོང་ལས་ཀྱི་ནང་དོན་ལྡན་པ་དང་ཚོང་ལས་འཁོར་རྒྱུག་ལ་ཞབས་འདེགས་ཞུ་བ་ཞིག་རེད། ཚོང་ལས་ཀྱི་བྱ་སྤྱོད་ངོས་ནས་བཤད་ན། སྦྱར་ཡིག་འགྲེམས་སྤེལ་བྱས་རྗེས་གྲོང་མིས་གང་བྱུང་དུ་བསྐྱུར་ནས་ཁོར་ཡུག་གཙང་སྦྲར་འཁྱེར་ཡོང་བའི་མཇུག་འབྲས་ལ་བསམ་བློ་གཏོང་མི་སྲིད་པ་དང་རང་འགུལ་ངང་གད་སྙིགས་གཙང་བཟོ་བྱེད་པའི་འདུ་ཤེས་དེ་བས་མེད་པར་བརྟེན་གྲོང་ཁྱེར་གཙང་མ་ཡོང་བར་དཀའ་ངལ་བཟོས་ཡོད། དེ་དང་ཆབས་ཅིག 《སྲོལ་ཡིག 》ནང་ད་དུང་གཏན་འབེབས་དེ་ལས་འགལ་བའི་བྱ་སྤྱོད་ཡོད་ཚེ་སྒོར་200ཡན་ནས་སྒོར་2000མན་གྱི་དངུལ་ཆད་གཅོད་རྒྱུ་དང་གནས་ཚུལ་ཚབས་ཆེ་བར་སྒོར་2000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན་ཞེས་སྔར་བས་གསལ་སྟོན་བྱས་ཡོད།

        བཀྲག་མདངས་འཚེར་ས་གཉིས་པ། རླངས་འཁོར་འཁྲུ་ཐང་གིས་འཁྲུ་ཐང་གཙང་མ་བཟོ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་བཙོག་ཆུ་གང་བྱུང་དུ་རྒྱུག་པ་དང་ཟོག་རོ་ཕྱིར་གྱར་རྒྱུ་སྔོན་འགོག་བྱེད་དགོས་པ་དང་གཞུང་ལམ་དང་སྔོ་ལྗང་ཁུལ་སོགས་སྤྱི་པའི་འདུ་འཛོམས་བྱ་ཡུལ་བཟུང་སྤྱོད་ཀྱིས་རླངས་འཁོར་འཁྲུ་བ་སོགས་ཀྱི་ལས་སྒོ་སྤེལ་མི་ཆོག་པ་དེ་ནི་ནང་དོན་གསར་རྐྱང་ཞིག་ཡིན་པ་དང་སྲོལ་ཡིག་ཪྙིང་པའི་ནང་དེ་རྩ་བ་ནས་བཀོད་མེད་སྟབས་དེ་ལྷ་ས་གྲོང་ཁྱེར་དུ་ཉིན་བཞིན་མང་དུ་འགྲོ་བའི་འཁོར་རིགས་དང་འབྲེལ་བ་མེད་པ་ཞིག་མ་ཡིན།

        ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འཁོར་རིགས་དོ་དམ་སུའོ་ཡིས་མཁོ་འདོན་བྱས་པའི་གཞི་གྲངས་གསར་ཤོས་ནས་མངོན་པར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་སྣ་ཚོགས་87000ལྷག་ཙམ་ཡོད། དེ་ནི་ལོ་བཅུ་ལྷག་ཙམ་གོང་བསམ་བློར་རྩ་བ་ནས་འཁོར་མི་ཐུབ་པ་ཞིག་ཡིན་པ་དང་སྐབས་དེ་དུས་རླངས་འཁོར་ཉུང་ལ་རླངས་འཁོར་འཁྲུ་ཐང་ཡང་ཉུང་བར་བརྟེན་དེ་ལས་བྱུང་བའི་རླངས་འཁོར་འཁྲུ་ཐང་གི་བཙོག་ཆུ་གང་བྱུང་དུ་རྒྱུག་པ་དང་སྤྱི་པའི་འདུ་འཛོམས་ཁུལ་བཟུང་བ་སོགས་ཀྱི་སྣང་ཚུལ་ཡང་ཧ་ཅང་ཉུང་ཉུང་ཞིག་རེད།

        གཏན་འབེབས་ཆེན་པོ་ལྔས་འཕྲལ་མཁོའི་དཀའ་གནད་ཐག་གཅོད་བྱས་པ་དང་སྔོན་ལྟའི་ལམ་ལུགས་བཙུགས་ཡོད།

        སྲོལ་ཡིག་གསར་པའི་ནང་དེ་སྔོན་གྱི་རྨང་གཞིའི་ཐོག་རྒྱ་ཆེ་བ་དང་ཁྱབ་ཁོངས་ཆེ་བའི་སར་བཟོ་བཅོས་བརྒྱབ་པ་དང་། ཁ་གསབ་བརྒྱབ་པ། འཐུས་ཚང་དུ་བཏང་བ་བཅས་བྱས་པ་མ་ཟད་གཙོ་བོར་ཕྱོགས་ལྔའི་ཐད་གཏན་འབེབས་བཟོས་ཏེ་ཁྲིམས་སྲོལ་དངོས་སུ་བཀོལ་སྤྱོད་བྱེད་ཚད་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད།

        —— བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་སྲིད་གཞུང་གི་འགན་འཁྲི་ཁ་གསལ་བཟོས་པ། 《ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད 》དང 《སྲོལ་ཡིག 》ལྟར་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དང་རྫོང་བདུན་གྱི་རྫོང་གྲོང་གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཁུལ་དང་དེ་བཞིན་གྲོང་ཁྱེར་ཅན་གྱི་དོ་དམ་ལག་ལེན་བསྟར་བའི་ས་ཁུལ་གཞན་དག་རྣམས་སྲོལ་ཡིག་སྤྱོད་ཆོག་པའི་ཁྱབ་ཁོངས་ལ་བརྩིས་ཡོད།

        དེ་དང་ཆབས་ཅིག་2009ལོའི་སྲིད་གཞུང་ལས་ཁུངས་སྒྱུར་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་གྲོང་ཁྱེར་གྱི་གྲོང་སྲིད་དོ་དམ་ཨུ་ལྷན་ནི་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲ་དོ་དམ་བྱེད་མཁན་གཙོ་གཉེར་སྡེ་ཚན་ཡིན་པ་དང 《སྲོལ་ཡིག 》ལག་ལེན་བསྟར་བའི་འགན་འཁུར་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད་པ་དང་གྲོང་ཁྱེར་དོ་དམ་ཆོག་འཐུས་ཁྲིམས་སྐྱོང་ཅུས་ཀྱིས 《སྲོལ་ཡིག 》ནང་གཏན་འབེབས་བྱས་པའི་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་སྲུང་སྐྱོང་གཙང་སྦྲའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་བཟོ་ཚོང་དོ་དམ་དང་། འཕྲོད་བསྟེན། སྤྱི་བདེ། འཆར་འགོད། དྲིལ་བསྒྲགས་སོགས་སྡེ་ཚན་མང་པོས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་ཁྲོད་དེ་མཚུངས་ཀྱི་འགན་འཁྲི་ཡོད་པའང་ཁ་གསལ་བ ཟོས་ཡོད།

        —— གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་འགན་འཁྲིའི་ལམ་ལུགས་ཀྱི་འབྲེལ་ཡོད་ནང་དོན་ཁ་གསལ་བཟོས་པ།

        ཁོངས་གཏོགས་ཁུལ་ནང་སྡོད་མཁན་ཚན་པ་དང་མི་སྒེར་གྱིས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་འགན་འཁུར་ཁུལ་ནང་གི་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་ལས་ཀ་ཡག་པོ་བྱེད་དགོས།

        གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་འགན་འཁྲིའི་ཁུལ་ནི་ཚན་པ་དང་མི་སྒེར་གནས་ཡུལ་དང་། བེད་སྤྱོད་བྱེད་པའམ་ཡང་ན་དོ་དམ་བྱེད་པའི་ཨར་ལས་དངོས་པོ་དང་བཟོ་སྐྲུན་དངོས་པོ་དང་ཡང་ན་སྒྲིག་ཆས་གཞན་དག་དང་འདུ་འཛོམས་ཁུལ་དང་དེ་བཞིན་དེའི་ཁྱབ་ཁོངས་ངེས་ཅན་ནང་གི་ས་ཁོངས་ལ་ཟེར།

        གྲོང་ཁྱེར་གྱི་རྣམ་པ་གཙང་ཞིང་གྲལ་འགྲིག་པ་དང་། གང་བྱུང་དུ་ཁྲོམ་མི་འདོན་པ། གང་བྱུང་དུ་འཛུགས་སྐྲུན་མི་བྱེད་པ། གང་བྱུང་དུ་ཕུང་གསོག་མི་རྒྱག་པ། གང་བྱུང་དུ་མི་འགེལ་བ། གང་བྱུང་དུ་མི་སྦྱར་བ། གང་བྱུང་དུ་མི་འབྲི་བ། རི་མོ་གང་སར་མི་འབྲི་བ་སོགས་ཀྱི་བྱ་སྤྱོད་རྒྱུན་འཁྱོངས་བྱེད་པ་དང་། ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གད་སྙིགས་དང་། བཙོག་ཆུ། ནག་ཐིག ས་རོ་བཅས་མི་མངོན་པ་བྱེད་པ། ཁོར་ཡུག་གཙང་སྦྲའི་སྒྲིག་ཆས་གྲལ་འགྲིག་པ་དང་ཆ་ཚང་བ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།