དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར》བརྗེ་སྤྲོད་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཀྱི་ལས་ཞུགས་ལས་དོན་ཐད་ཀྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་ཁྲིད་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་ཞུགས་ལས་ཤོར་མི་སྣའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣའི་ཐོ་འགོད་བྱེད་ཚུལ་ཁོང་དུ་ལེགས་པར་ཆུད་པ། དུས་ཐོག་ཏུ་ལས་ཞུགས་རོགས་སྐྱོར་དང་དེ་བཞིན་ལས་ཞུགས་ཀྱི་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཆེད་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི 《ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི 》(མི་སྤྱི་པུའུ་འགྲེམས <2010>ཡིག་ཨང་75)བླང་བྱ་ལྟར་ལྗོངས་ཡོངས་སུ 《ལས་ཞུགས་དང་ལས་ཞུགས་སྐྱར་མའི་གཟིགས་སྐྱོང་ལག་ཁྱེར 》དང 《ལས་ཤོར་ལག་ཁྱེར 》དེ་རྒྱལ་ཡོངས་ཀྱི་གཅིག་གྱུར་དཔེ་དབྱིབས 《ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར 》ལ་བརྗེ་རྒྱུའི་གཏན་འབེབས་བྱས་པ་དང་ད་ལྟ་བརྗེ་སྤྲོད་ཀྱི་འབྲེལ་ཡོད་བྱ་བའི་སྐོར་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།

        གཅིག ལག་ཁྱེར་བརྗེ་བའི་དུས་ཚོད།

        2011ལོའི་ཟླ་11ཚེས་5ནས་ཚེས་30ཉིན་བར་ཡིན་པ།

        གཉིས། ལག་ཁྱེར་བརྗེ་རྒྱུར་འདོན་དགོས་པའི་ཡིག་རིགས།

        (གཅིག )《ལས་ཞུགས་དང་ལས་ཞུགས་སྐྱར་མའི་གཟིགས་སྐྱོང་ལག་ཁྱེར 》དང་། (གཉིས ) 《ལས་ཤོར་ལག་ཁྱེར 》 (གསུམ )སོ་སོ་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། ཐེམ་ཐོ། སློབ་ཐོན (སློབ་རིམ་མ་ཐིམ་པའི )ལག་ཁྱེར། དམག་ཞབས་ཐིམ་པ་དང་ལས་སྒྱུར་གྱི་དམག་མིའི་ལག་ཁྱེར་སོགས་གོ་ཆོད་པའི་ལག་ཁྱེར་ངོ་མ་དང་དེ་བཞིན་པར་སློག (བཞི ) གནས་སའི་ཚན་པས (ཡུལ་མི་ཨུ་ཡོན་ལྷན་ཁང )དོན་དངོས་ལྟར་བྲིས་པའི་ལས་ཞུགས་སམ་ཡང་ན་ལས་ཤོར་གྱི་ངོ་སྤྲོད། (ལྔ )ཞྭ་མོ་མ་གོན་པའི་ཚུན་གཉིས་ཀྱི་པར་གསུམ་བཅས་སོ།

        གསུམ། ལག་ཁྱེར་བརྗེ་བའི་ས་གནས།

        (གཅིག ) དེ་སྔ་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ཅུས་སུ་གཉེར་བའི 《ལས་ཤོར་ལག་ཁྱེར 》ཡིན་ཕྱིན་རང་སྐྱོང་ལྗོངས་ལས་རིགས་ངོ་སྤྲོད་ཞབས་ཞུ་ལྟེ་གནས་སུ་ལག་ཁྱེར་བརྗེ་བའི་འགྲོ་ལུགས་གཉེར་བར་འགྲོ་དགོས་པ། ས་གནས། ལྷ་ས་གྲོང་ཁྱེར་དོག་སྡེ་ལམ་སྒོ་རྟགས་24 འབྲེལ་གཏུག་ཁ་པར་ཨང་གྲངས 0891 —6602553

        (གཉིས ) ས་ཁུལ (གྲོང་ཁྱེར )ཁག་གི་ལག་ཁྱེར་བརྗེ་དགོས་པའི་མི་སྣས་གཏན་འབེབས་ཀྱི་དུས་ཚོད་ནང་དེ་སྔ་ལག་ཁྱེར་སྤྲོད་མཁན་ཚན་པར་ལག་ཁྱེར་བརྗེ་བའི་འབྲེལ་ཡོད་འགྲོ་ལུགས་སྒྲུབ་དགོས་པ།

        བཞི། འབྲེལ་ཡོད་བླང་བྱ།

        (གཅིག ) 《ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར 》བརྗེ་བའི་རིང་ངལ་རྩོལ་པས་རྒྱུན་གཏན་ལྟར་ལས་ཞུགས་ཐོ་འགོད་དང་ལས་ཤོར་ཐོ་འགོད་བྱེད་པ་དང་ལས་ཞུགས་རོགས་སྐྱོར་གྱི་སྲིད་ཇུས་ལོངས་སུ་སྤྱོད་པ་དང་སྤྱི་པའི་ལས་ཞུགས་ཞབས་ཞུ་དང་ལེན་བྱ་རྒྱུའི་འདུན་པ་ཞུ་ཆོག་པ་དང་། (གཉིས ) དེ་སྔའི་ལག་ཁྱེར་ཡོད་མཁན་མི་སྣས་ལས་ཞུགས་རོགས་སྐྱོར་གྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད་ཚེ 《ལས་ཞུགས་དང་ལས་ཤོར་ཐོ་འགོད་ལག་ཁྱེར 》བརྗེ་སྤྲོད་བྱེད་རིང་འབྲེལ་ཡོད་ལས་ཞུགས་རོགས་སྐྱོར་སྲིད་ཇུས་མུ་མཐུད་ལོངས་སུ་སྤྱོད་རྒྱུར་ཤུགས་རྐྱེན་མི་ཐེབས་པ།

        (གསུམ ) ལག་ཁྱེར་ཡོད་མཁན་མི་སྣས་གཏན་འབེབས་ཀྱི་དུས་ཚོད་ནང་ལག་ཁྱེར་བརྗེ་བའི་འགྲོ་ལུགས་སྒྲུབ་དགོས་པ་བཅས།

        ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

            བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ནས།

         2011ལོའི་ཟླ་10ཚེས་31ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།