དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཀྲོའུ་ཀོང་ཀྲི་ལ“བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅི”ཡི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གུང་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་བློ་མཐུན་ཀྲོའུ་ཀོང་ཀྲི་1965ལོའི་ཟླ་བ་གསུམ་པར་སྐྱེས་པ་དང་། 1984ལོའི་ཟླ་བ་བརྒྱད་པར་ལས་ཀར་ཞུགས། 1987ལོའི་ཟླ་བ་དྲུག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 2007ལོའི་ཟླ་བ་བདུན་པ་ཤར་ཚུན་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་གིས་བོད་སྐྱོར་དུ་བསྟུད་མར་ཐེངས་གཉིས་ཕེབས། ཁོང་གིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་བྱ་རྒྱུའི་ལས་འགན་དེ་སེམས་ལ་བརྟན་པོར་ངེས་པ་དང་། བོད་ལྗོངས་འདི་ཉིད་རང་ཉིད་ཀྱི་ཕ་ཡུལ་ལ་བརྩིས་པ། ཁྱིམ་ཆུང་བློས་གཏོང་དང་ཁྱིམ་ཆེན་སྐྱོང་ཐབས་གནང་ནས་བོད་མི་དམངས་ལ་བློ་གཅིག་སེམས་གཅིག་ངང་ཞབས་འདེགས་ཞུས་པ་དང་ཆབས་ཅིག་ཆུ་ཤུར་རྫོང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་ཕྱིར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། 2011ལོར་བློ་མཐུན་ཀྲོའུ་ཀོང་ཀྲི “བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”ལ་བདམས་པ་རེད།

        རྫོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་བློ་མཐུན་ཀྲོའུ་ཀོང་ཀྲི་ཡིས་བོད་འཕེལ་རྒྱས་དང་བོད་དར་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ཏེ་གཞི་རིམ་དུ་བསྐྱོད་པ་དང་། བརྟག་ཞིབ་གནང་བ། བསམ་ཕྱོགས་ཁ་གསལ་བཟོས་པ་དང་ཆབས་ཅིག་ཅང་སུའུ་ཡི་སྔོན་ཐོན་གྱི་ཉམས་མྱོང་དང་ཆུ་ཤུར་འཕེལ་རྒྱས་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཆུ་ཤུར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་དང་ཞི་མཐུན་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་བཏོད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དང་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཨང་དང་པོར་བརྩིས་ཏེ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་འགག་རྩའི་དུས་སུ་མདུན་དུ་བསྐྱོད་དེ་གཞན་ལ་མིག་དཔེ་བསྟན་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པའི་ཁར་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ལ་ཁེ་ཕན་སྒྲུབ་པ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་ཟོལ་མེད་ངང་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་། དཀའ་གནད་དངོས་བསལ་བ། བྱ་བ་བཟང་པོ་བསྒྲུབས་པ། འགན་འཁྲི་དེ་ཚེ་སྲོག་ལྟ་བུར་ཐོག་མཐའ་བར་གསུམ་དུ་བརྩིས་ཏེ་རང་ཉིད་ཀྱི་ཐོབ་ཤོར་ལ་མི་བལྟོས་པར་འབད་འབུངས་ཧུར་ཐག་གནང་བ་དང་སྒེར་སེམས་སྤུ་ཙམ་མེད་པར་ལེགས་སྐྱེས་ཕུལ་ཡོད། ཁོང་གི་སྔོན་ཐོན་བྱས་རྗེས་ནི “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དུས་རབས་གསར་པའི་འོག་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་པ་དེ་ཐོག་ནས་དུས་སྐབས་གསར་པའི་རྫོང་ཨུད་ཧྲུའུ་ཅིའི་དུས་རབས་ཀྱི་ཉམས་འགྱུར་དང་བསམ་པའི་འཁྱེར་གསོ་གང་ལེགས་མངོན་གྱི་ཡོད། བློ་མཐུན་ཀྲོའུ་ཀོང་ཀྲི་ཡི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་གཟེངས་བསྟོད་བྱ་ཆེད་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཀྲོའུ་ཀོང་ཀྲི་ལ “བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅི ”ཡི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

        བློ་མཐུན་ཀྲོའུ་ཀོང་ཀྲི་ནི་དུས་སྐབས་གསར་པར་རང་ལྗོངས་ནས་ཐོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་ཕུལ་བྱུང་མཚོན་བྱེད་མི་སྣ་ཞིག་དང་། རང་ལྗོངས་ཀྱི་རྫོང་ཨུད་ཧྲུའུ་ཅིའི་ཁྲོད་ཀྱི་དཔེ་སྟོན་ཞིག

        རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་རེད། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བློ་མཐུན་ཀྲོའུ་ཀོང་ཀྲི་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་སྟེ། ཕུགས་བསམ་བློ་ལ་འཛིན་པ་དང་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པའི་ཁོང་གི་སྲ་ཞིང་བརྟན་པའི་དད་སེམས་ལ་སློབ་སྦྱོང་བྱེད་དགོས་པ་དང་། མི་དམངས་ལ་དགའ་ཞེན་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁོང་གི་སྤྱི་ཞབས་པ་ཞིག་གི་ཟོལ་མེད་ཀྱི་སེམས་པར་སློབ་སྦྱོང་བྱེད་དགོས་པ། དཀའ་ངལ་ལ་མི་འཛེམས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཁོང་གི་གཤིས་བཟང་ལ་སློབ་སྦྱོང་བྱེད་དགོས་པ། རང་དོན་རྒྱབ་སྐྱུར་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་ཁོང་གི་ལས་ལ་བརྩོན་པའི་བསམ་བློར་སློབ་སྦྱོང་བྱེད་དགོས་པ་མ་ཟད། ད་དུང་རང་འགུལ་ངང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་ལག་ལེན་བསྟར་བ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། ལྷག་པར་དུ་རྒྱ་ཆེའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚོས་བློ་མཐུན་ཀྲོའུ་ཀོང་ཀྲི་མིག་དཔེར་འཛིན་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ལ་བརྩེ་སེམས་འཆང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རང་འགན་གཙང་སྒྲུབ་བྱེད་པ། བློ་རྩ་བརྟན་པོས་གསར་གཏོད་བྱེད་པ། རྫོང་དེ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ་བཅས་བྱས་ནས་བོད་འདི་ཉིད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་འགྲོ་བ་དང་། མཐུན་སྦྱོར་བརྟན་ལྷིང་ཡོང་བ། མི་རིགས་མཐུན་སྒྲིལ་ཡོང་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱ་ཕྱིར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།