དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་སྔོན་ཐོན་ལས་དོན་ཚོགས་ཆུང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་སྟོན་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྔོན་གཏོད་ལེགས་བརྩོན་བྱེད་སྒོ་གཏིང་ཟབ་སྤེལ་བ། གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། བྱེད་སྒོ་སྤེལ་ཚུན་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་1514ཡིས་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཞི་རིམ་དུ་གཞི་བཅའ་བ་དང་དམ་པ་དོན་གཉེར་གྱིས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ངང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་རིང་ཐོབ་པའི་རླབས་ཆེའི་གྲུབ་འབྲས་དྲིལ་བསྒྲགས་དང་བོད་དུ་ལག་བསྟར་བྱས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་སྔར་ལས་འཕེལ་བ་དང་། ཐབས་བརྒྱ་ཇུས་སྟོང་ངང་གཞི་རིམ་དང་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་། བྱ་བ་དངོས་སྒྲུབ་པ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ་གཞི་རིམ་གྱི་འཕེལ་རྒྱས་དང་བརྟན་ལྷིང་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་བྱས་པ། ཁ་ཞེ་གཉིས་མེད་ངང་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ཏེ་མང་ཚོགས་དང་འབྲལ་མེད་མཉམ་གཤིབ་བྱེད་པའི་ཁྲོད་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་གཞི་རིམ་ལ་གྲོང་ཚོའི (ཡུལ་མི )ཏང་ཀྲི་པུའུ་ཡིས་སྲོག་ཤིང་བྱས་པའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། འཐབ་ནུས། འབོད་སྐུལ་ནུས་པ་བཅས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་པས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་དོན་ཚོགས་ཆུང་སོགས་གྲོང་ཚོར་བཅའ་སྡོད་སྔོན་ཐོན་ལས་དོན་ཚོགས་ཆུང་འབོར་ཆེན་ཞིག་ཐོན་ཡོད། ཁོང་ཚོས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་བཏང་སྟེ་གངས་རླུང་དང་གྲང་ངར་ལ་མི་འཛེམས་པར་ཁྱོན་ཡོངས་ལ་ལྟ་རྟོག་དང་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་སྤྱོད་ཚུལ་བཟང་བ་དང་ལས་དོན་ཏན་ཏིག་སྒྲུབ་པའི་ཐོག་ནས་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་བཟང་པོ་མངོན་པར་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ལྷག་བསམ་དག་པའི་བརྩི་བཀུར་ཐོབ་ནས་གངས་ལྗོངས་ས་མཐོར་མང་ཚོགས་ལ་བརྩེ་སེམས་འཆང་བ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བ། དཀའ་སྤྱད་སྙིང་རུས་བྱེད་པ། ལེགས་སྐྱེས་འབུལ་ཕོད་པ་བཅས་ཀྱི་དུས་རབས་ཀྱི་རྒྱལ་ཁའི་གླུ་དབྱངས་རེ་རེ་བཞིན་བརྩམས་ཡོད།

        དཔེ་མཚོན་གཏོད་པ་དང་སྔོན་ཐོན་ལ་གཟེངས་བསྟོད་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་རླབས་ཆེན་ལག་ལེན་ཁྲོད་འབད་འབུངས་ཡར་བརྩོན་དང་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བྱ་ཆེད་ལྗོངས་ཏང་ཨུད་ཀྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་དོན་ཚོགས་ཆུང་སོགས་གྲོང་ཚོར་བཅའ་སྡོད་སྔོན་ཐོན་ལས་དོན་ཚོགས་ཆུང་100ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་ཡིན།

        གཟེངས་བསྟོད་ཐོབ་མཁན་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་གཟི་བརྗིད་ལ་གཅེས་སྤྲས་དང་ང་རྒྱལ་དང་འཚབ་འཚུབ་སྤངས་ནས་ཡང་འབད་བསྐྱར་འབད་ངང་སླར་ཡང་བྱས་རྗེས་གཏོད་རྒྱུའི་རེ་བ་ཡོད། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྔོན་ཐོན་མིག་དཔེར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་སྐབས་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་བཏང་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།

                                                                        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

                                                                                                2011ལོའི་ཟླ་10ཚེས་9ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།