དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • གསོ་སྦྱོང་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱིས་ཤིང་བཟོ་བརྐོས་རྒྱག་འཛིན་གྲྭ་དང་ཐང་ག་དང་རི་མོའི་འཛིན་གྲྭ་གཉེར་རྒྱུ་ཡིན་པས་ཟླ་9ཚེས་6ཉིན་ནས་བཟུང་མིང་ཐོ་འགོད་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་ཀྱི་གསོ་སྦྱོང་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

        གཅིག གསོ་སྦྱོང་གི་མི་གྲངས་དང་གསོ་སྦྱོང་གི་དུས་ཚོད།

        ཤིང་བཟོ་བརྐོས་རྒྱག་འཛིན་གྲྭར་སློབ་མ་20བསྡུ་རྒྱུ་དང་གསོ་སྦྱོང་དུས་ཚོད་ལོ་2ཡིན།

        ཐང་གའི་འཛིན་གྲྭར་སློབ་མ་8བསྡུ་རྒྱུ་དང་གསོ་སྦྱོང་དུས་ཚོད་ལོ་4ཡིན།

        གོང་གསལ་གྱི་གསོ་སྦྱོང་བྱེད་སྐབས་སློབ་ཡོན་དང་ཟས་སྡོད་ཀྱི་རིན་པ་རྩ་ཆག་གཏོང་རྒྱུ་ཡིན།

        གཉིས། མིང་ཐོ་འགོད་པའི་ཆ་རྐྱེན།

        (གཅིག ) ཐེམ་ཐོ་བོད་དུ་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་ལྡན་པ་དང་ལས་ཞུགས་ཀྱི་བསམ་འདུན་ཡོད་པའི་རང་ལོ་ཧྲིལ་པོ་16ནས་25བར་གྱི་དབང་པོ་སྐྱོན་ཅན། གཟུགས་པོའི་གནས་ཚུལ་དེ་སྦྱོང་བའི་རྩལ་ནུས་དང་འཚམས་པ་བཅས།

        (གཉིས ) “དུད་ཚང་གཅིག་ལ་དབང་པོ་སྐྱོན་ཅན་མང་བའི ”ཁྱིམ་ཚང་དང “ལས་ཞུགས་མེད་པའི ”ཁྱིམ་ཚང་ཁྲོད་དུ་གལ་སྲིད་དབང་པོ་སྐྱོན་ཅན་རང་ཉིད་ལ་ངལ་རྩོལ་ནུས་ཤུགས་མེད་ཚེ་ཁྱིམ་ཚང་དེའི་ཁོངས་མི་གཞན་དག་གསོ་སྦྱོང་ནང་ཞུགས་རྒྱུའི་མིང་ཐོ་འགོད་ཆོག་ཀྱང་ངེས་པར་དུ་ས་གནས་དེ་གའི་གྲོང་ལྷན (གྲོང་ཚོ་ཨུ་ཡོན་ལྷན་ཁང )གྱི་འབྲེལ་ཡོད་ངོ་སྤྲོད་ཡོད་དགོས།

        གསུམ། གསོ་སྦྱོང་བྱ་ཡུལ། ལྷ་ས་གྲོང་ཁྱེར་གཙང་བྲན་ལྷོ་ལམ། (གྲོང་ལྷོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲམ )

        གསོ་སྦྱོང་ཚན་པ། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལྟེ་གནས།

        འབྲེལ་གཏུག་བྱེད་མི། ནོར་བུ་དོན་གྲུབ།

        མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད། 2011ལོའི་ཟླ་9ཚེས་20ཉིན།

        བཞི། བློ་འདྲིའི་ཁ་པར། 0891——6847054 18989099709

        2011ལོའི་ཟླ་9ཚེས་6ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།