དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་སྔོན་ཐོན་མི་སྒེར་དང་། ཕུལ་བྱུང་སྒྲིག་འཛུགས་ཚན་པ། ལེགས་སྐྱེས་མངོན་གསལ་འཇོག་མཁན་ཚན་པ། འགན་ལེན་ནུས་ལྡན་བྱེད་མཁན་ཚན་པ། བདེ་འཇགས་སྲུང་སྐྱོང་བྱེད་མཁན་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་བཀྲ་ཤིས་དོན་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་རིམ་ཁག་རྟེན་འབྲེལ་ཆེ་མོའི་མཛད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་སྒྲིག་འཛུགས་ཞིབ་ཚགས་དང་ཏང་སྲིད་དམག་ཉེན་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་དང་སྤྲོ་སྣང་ལྡན་པའི་སྒོ་ནས་ཐུགས་གྲ་ལེགས་སྒྲིག་བྱུང་བས་ཀྲུང་དབྱང་སྐུ་ཚབ་ཚོགས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་གང་ལེགས་དང་ཚད་མཐོའི་བསྔགས་བརྗོད་ཐོབ་པ་རེད།

        རྟེན་འབྲེལ་ཆེ་མོའི་མཛད་སྒོ་ཡོངས་ཀྱི་བརྒྱུད་རིམ་ནང་ས་ཁུལ (གྲོང་ཁྱེར )ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་དང་ལྷག་པར་དུ་རྟེན་འབྲེལ་མཛད་སྒོ་སྒྲིག་འཛུགས་ཀྱི་འགན་ཐད་ཀར་འཁུར་མཁན་དང་དེའི་ནང་ཞུགས་མཁན་སྡེ་ཚན་དང་དེ་བཞིན་ལས་དོན་མི་སྣས་རང་སྐྱོང་ལྗོངས་ཀྱི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང “གཟབ་རྒྱས་སྤྲོ་སྣང་དང་། དངོས་སྒྲུབ་གྲོན་ཆུང་། བདེ་འཇགས་མཐུན་སྦྱོར ”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྒྲིག་འཛུགས་ནན་ཏན་དང་ཇུས་འགོད་ཞིབ་ཚགས་བྱེད་པ་དང་། འགག་སྒྲོལ་མཁྲེགས་གཏོར་དང་སྙིང་རུས་ཆེན་པོས་འབད་འཐབ་བྱེད་པ། མཛད་སྒོ་བཀོད་སྒྲིག་ཞིབ་ཚགས། སྣེ་ལེན་ལས་དོན་སྤྲོ་སེམས་འཁོལ་ལ་ཞིབ་ཚགས་པ། རྒྱན་སྤྲས་རླངས་འཁོར་གྱི་རུ་སྟར་བཀྲག་མདངས་འཚེར་ལ་མི་སེམས་འགུལ་བ། རིག་རྩལ་འཁྲབ་སྟོན་ངོ་མཚར་ཆེ་བ། བདེ་འཇགས་སྲུང་སྐྱོང་འཕྱུགས་པ་གཏན་ནས་མེད་པ། འགན་ལེན་ཞབས་ཞུ་དུས་དང་གནད་ལ་འཁེལ་བ་བཅས་བྱས་ནས་སེམས་ནུས་གང་ཡོད་བཏོན་ནས་ལས་འགན་གཙང་སྒྲུབ་བྱེད་པ་དང་ལེགས་སྐྱེས་མངོན་གསལ་འཇོག་མཁན་སྔོན་ཐོན་མི་སྒེར་དང་ཕུལ་བྱུང་སྒྲིག་འཛུགས་ཚན་པ་འབོར་ཆེན་ཐོན་ཡོད་པ་རེད།

        སྔོན་ཐོན་ལ་གཟེངས་བསྟོད་བྱས་ནས་མི་སེམས་ལ་སྐུལ་མ་གཏོང་ཆེད་དཔྱད་འདེམས་ནན་ཏན་བྱས་པ་བརྒྱུད་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མོང་ལི་ཕིང་སོགས་བློ་མཐུན་57ལ་རྟེན་འབྲེལ་མཛད་སྒོའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སོགས་ཚན་པ་27ལ་རྟེན་འབྲེལ་མཛད་སྒོའི་ཕུལ་བྱུང་སྒྲིག་འཛུགས་ཚན་པའི་མཚན་སྙན། བོད་དམག་ཁུལ་ཁང་སོགས་ཚན་པ་4ལ་རྟེན་འབྲེལ་མཛད་སྒོའི་ལེགས་སྐྱེས་མངོན་གསལ་འཇོག་མཁན་ཚན་པའི་མཚན་སྙན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་སོགས་ཚན་པ་7ལ་རྟེན་འབྲེལ་མཛད་སྒོའི་འགན་ལེན་ནུས་ལྡན་བྱེད་མཁན་ཚན་པའི་མཚན་སྙན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སོགས་ཚན་པ་29ལ་རྟེན་འབྲེལ་མཛད་སྒོའི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན། དབང་རྒྱལ་སོགས་བློ་མཐུན་57ལ་རྟེན་འབྲེལ་མཛད་སྒོའི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་ཕུལ་བྱུང་མི་སྒེར་གྱི་མཚན་སྙན་བཅས་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན། གཟེངས་བསྟོད་ཐོབ་པའི་ཚན་པ་དང་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་དང་། ཁེངས་སྐྱུང་གཟབ་ནན། གྲུབ་འབྲས་དར་སྤེལ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་སླད་ཕྱིན་གྱི་ལས་དོན་ནང་གྲུབ་འབྲས་དེ་བས་ཆེ་བ་གཏོད་རྒྱུའི་རེ་བ་ཡོད། ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་ནང་ཐོན་པའི་སྔོན་ཐོན་མི་སྒེར་དང་ཕུལ་བྱུང་ཚན་པའི་མཛད་རྗེས་སློབ་སྦྱོང་ནན་ཏན་བྱས་ཏེ་ཁྱོན་ཡོངས་ལ་བསམ་ཤེས་དང་བཀའ་བཀོད་དང་ལེན་གྱིས་ནུས་ཤུགས་ཡོད་རྒུས་རྟེན་འབྲེལ་ཆེ་མོར་ཞབས་འདེགས་ཞུ་བའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་དང་། མཐུན་སྒྲིལ་གཞོགས་འདེགས་དང་ཐུན་མོང་འབད་བརྩོན་གྱིས་ཕྱར་བ་གྲུ་འདེགས་ངང་རྟེན་འབྲེལ་ཆེ་མོ་གཉེར་བའི་ཁོང་ཚོའི་ཚོགས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། ཁྱིམ་ཆུང་བློས་བཏང་ནས་ཁྱིམ་ཆེན་ལ་དམིགས་པའི་བློ་གཅིག་སེམས་གཅིག་ངང་རྟེན་འབྲེལ་ཆེ་མོ་གཉེར་བའི་བློས་གཏོང་བྱེད་པའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། འགག་སྒྲོལ་མཁྲེགས་གཏོར་དང་ཉིན་མཚན་མེད་པར་རྟེན་འབྲེལ་ཆེ་མོའི་མཛད་སྒོ་ཁག་སྒྲིག་འཛུགས་ཞིབ་ཚགས་བྱེད་པའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། ངལ་འཁང་གཉིས་བཟོད་དང་དཀའ་སྤྱད་སྡུག་རུས་ཀྱིས་སྐད་གྲགས་མེད་པའི་ངང་ལེགས་སྐྱེས་འབུལ་བའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བཅས་བྱས་ནས་ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁུར་སེམས་པའི་ཐོག་ནས་འགན་ནུས་སྒྲུབ་པ་དང་གསར་གཏོད་ཡར་བརྩོན་བྱེད་པ། དེ་བས་གཏིང་ཟབ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་པ་བཅས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཞིག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།