དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གིས་བརྡ་ཐོ་བཏང་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་3ཉིན་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གིས་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་དང་ཚན་པ་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུའི་བླང་བྱ་བཏོན་པ་རེད།

        བརྡ་ཐོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དེས་ཚན་རིག་དང་མཐུན་པའི་སྒོ་ནས་འཛམ་གླིང་གི་དུས་བབ་ལ་དབྱེ་ཞིབ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་སྟངས་འཛིན་ཡང་དག རང་རེའི་ཏང་གིས་ལོ་90ཡི་ནང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་དང་། བཅིངས་འགྲོལ། དར་རྒྱས་བཅས་དང་ཀྲུང་གོའི་མི་དམངས་ཀྱི་རང་དབང་དང་། དམངས་གཙོ། བདེ་སྐྱིད་བཅས་ཆེད་འབད་འབུངས་ཧུར་ལེན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཁྱོན་ཡོངས་ནས་དྲན་གསོ་བྱས་པ་དང་།

        རང་རེའི་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལག་ལེན་ཁྲོད་གསོག་འཇོག་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་ལྷག་པར་དུ་རང་རེའི་ཏང་གིས་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་གནམ་ས་གཡོ་བ་དང་ཧང་སངས་བའི་བརྗིད་ཆགས་ལོ་རྒྱུས་མཚོན་པའི་སྙན་ངག་བརྩམས་པར་ཕྱོགས་སྡོམ་བྱས་ནས “དོན་ཆེན་གསུམ ”ལེགས་གྲུབ་དང་སྐུལ་འདེད་བཏང་བ་ལས་བྱུང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གཉིས་དེ་དག་ཚང་མ་ནི་མཛེས་སྡུག་རྣམ་པར་བཀྲ་བའི་ལོ་རྒྱུས་དེབ་ཐེར་ཐོག་གི་རླབས་ཆེའི་བྱ་གཞག་དང་རྩ་ཆེའི་རྒྱུ་ནོར་ཤ་སྟག་ཡིན་པ་དང་། ཏང་གི་སྔོན་ཐོན་རང་བཞིན་འཛུགས་སྐྱོང་དང་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གལ་ཆེའི་གནད་དོན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་མ་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་དང་འབད་འཐབ་དམིགས་ཚད་སྔར་བས་གསལ་སྟོན་བྱས་ཡོད། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རྒྱུར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་ངེས་པར་དུ་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པའི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་ཀྱིས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིད་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཐོག་གང་མགྱོགས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱས་ཏེ་གསུང་བཤད་ཀྱི་དགོངས་དོན་ཏན་ཏིག་ངང་སྤྱད་དེ་བསམ་བློ་གཅིག་གྱུར་དང་། བསམ་བློར་དྲག་ཆས། ངར་ཤུགས་འཕེལ་བ། ལས་དོན་ལ་སྐུལ་འདེད་བཅས་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད།

        བརྡ་ཐོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་སློབ་སྦྱོང་བྱེད་པའི་ཁྲོད་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས “དོན་ཆེན་གསུམ ”ལེགས་གྲུབ་དང་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བར་ལྡོག་ཐབས་མེད་པའི་འགྲོ་ལམ་དང་མི་དམངས་ཚོའི་བདེ་སྐྱིད་འཚོ་བ་གཏོད་པར་ལྡོག་ཐབས་མེད་པའི་འགྲོ་ལམ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ཁྲིད་སྟོན་བྱེད་པའི་ཡང་དག་པའི་རིགས་པའི་གཞུང་ལུགས་ཤིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྱི་ཀྲུང་གོ་འདི་ཉིད་འཕེལ་རྒྱས་ཡར་ཐོན་གྱི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཞིག་བཅས་ཡིན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་གཅིག་སྡུད་ཐོག་མངོན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི “མཐའ་འཁྱོངས་བཞི ”ཡི་འགག་གནད་དང་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི “དགོས་ངེས་ལྔ ”ཡི་གཞི་རྩའི་བླང་བྱར་ངོས་འཛིན་གཏིང་ཟབ་བྱེད་པ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི “བློ་བརྟན་འགྱུར་མེད་ལྔ ”ཡི་དམིགས་ཚད་དང་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ 60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ལོ་60 ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་ཐོབ་པའི་གྲུབ་འབྲས་ངོས་འཛིན་གང་ལེགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་པོ་ཡོང་བ་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”དམིགས་ཚད་དང་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྦྱངས་པ་གོ་ཆོད་དང་སྤྱོད་པ་དེ་སློབ་སྦྱོང་ལ་སྐུལ་འདེད་གཏོང་ཐུབ་པ་བྱས་ནས་གསུང་བཤད་ཀྱི་དགོངས་དོན་དེ་སྒུལ་ཤུགས་སྟོབས་ཆེན་དུ་དངོས་འབྲེལ་འགྱུར་བ་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

        བརྡ་ཐོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་གཏོད་དགོས་ཤིང་། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་གཙོ་གནད་དུ་བརྩིས་ཏེ་ཇུས་འགོད་ཞིབ་ཕྲ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཚགས་པར་དང་དུས་དེབ་དང་། རླུང་འཕྲིན། བཪྙན་འཕྲིན། དྲ་བ་སོགས་སྨྱན་སྦྱོར་ཚན་པ་སྣ་ཚོགས་སྤྱད་དེ་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱེད་པ་དང་། དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་དྲིལ་བསྒྲགས་ཀྱི་གཞི་ཁྱོན་ཆེན་པོ་ཆགས་པ་བྱེད་པ། འཕྲལ་མར་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་འཕྱུར་བ་བྱེད་པ་བཅས་བྱས་ནས་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལོ་90 ཡི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འགྲོ་ལམ་དང་། རླབས་ཆེའི་བྱ་གཞག རྩ་ཆེའི་ཉམས་མྱོང་བཅས་གཙོ་གནད་ཐོག་དྲིལ་བསྒྲགས་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་རྒྱ་ཆེར་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་ཀྱི་དོན་སྙིང་དྲིལ་བསྒྲགས་བྱེད་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 ཡི་ནང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་བོད་ཀྱི་བརྟན་ལྷིང་དང་། བོད་དར་རྒྱས། བོད་ཀྱི་འཆར་གཞི་ཆེ་མོ་བཅས་དྲིལ་བསྒྲགས་བྱེད་པ་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་པ་བཅས་ལས་བྱུང་བའི་དུས་ཐུང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་དྲིལ་བསྒྲགས་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་པ་དང་། བརྟན་ལྷིང་ལ་བསམ་བློ་གཏོང་བ་དང་མཆོང་སྐྱོད་དོན་གཉེར་བྱེད་པ། མཐུན་སྦྱོར་ལ་སྐུལ་མ་གཏོང་བ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་ཐུན་མོང་གི་བསམ་འདུན་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དྲིལ་བསྒྲགས་བྱེད་པ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དེ་བས་འབད་འབུངས་ཧུར་ལེན་གྱིས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལག་ལེན་ཁྲོད་འཇུག་དགོས་པའི་སྐུལ་མ་གཏོང་དགོས། རིམ་ཁག་ཏང་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་སློབ་མར་གསོ་སྦྱོང་བྱེད་པའི་གལ་ཆེའི་ནང་དོན་ནང་བཅུག་པ་དང་རིམ་ཁག་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པ་དང་སྒྲོག་འགྲེལ་ཚོགས་ཆུང་གིས་སྒྲོག་འགྲེལ་གྱི་གསབ་ཁྲིད་སྒྲིག་འཛུགས་ཡག་པོ་བྱེད་དགོས་པ་དང་རིམ་ཁག་སློབ་གསོའི་སྡེ་ཚན་གྱིས་སློབ་མའི་སློབ་སྦྱོང་སྒྲིག་འཛུགས་ཡག་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།